《ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་》ཡི་དྲན་རྟེན་སྦྲག་འཛིན་ཟླ10ཚེས18འགྲེམས་སྤེལ་བྱ་རྒྱུ་ཡིན་པ།

     འཚོག་གྲབས་ཡོད་པའི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུ་ཆེད། ཀྲུང་གོའི་སྦྲག་སྲིད་ཀྱིས་ཟླ་10ཚེས་18ཉིན་《ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ》ཡི་དྲན་རྟེན་སྦྲག་འཛིན་འགྲེམས་སྤེལ་བྱ་རྒྱུ་རེད།

སྦྲག་འཛིན་ཆ་ཚང་འདི་ལ་སྦྲག་འཛིན་གཉིས་དང་སྦྲག་འཛིན་ཆུང་གྲས་གཅིག་ཡོད་པ་དང་། སྦྲག་འཛིན་གྱི་ནང་དོན་སོ་སོ་ནི"ཐོག་མའི་བསམ་དོན་མི་བརྗེད"ཅེས་པ་དང"མུ་མཐུད་དེ་མདུན་དུ་སྐྱོད"ཅེས་པ་ཡིན་ལ། སྦྲག་འཛིན་ཆུང་གྲས་ཀྱི་ནང་དོན་ནི"ཕུགས་འདུན་མངོན་འགྱུར"ཞེས་པ་ཡིན་ཞིང་། སྦྲག་འཛིན་དེས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཡང་དག་པའི་དབུ་ཁྲིད་འོག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་བཞག་གི་འོད་སྟོང་འབར་བའི་ལེའུ་ཁག་རྩོམ་པ་སྙིང་བསྡུས་ཚད་མཐོན་པོ་བྱས་ཡོད་པ་རེད།