ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་ཁྱད་ལྡན་ཞིང་ལས་ཐོན་རྫས་མང་བོ་བཀྲམ་པ།

མཚོ་སྔོན་སྲིད་གཞུང་བོད་ཡིག་དྲ་བའི་འཕྲིན།     ཉེ་སྔོན། ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་གཙོ་བསྒྲུབས་མཛད་ཅིང་ཞིང་ཆེན་ཞིང་ཕྱུགས་ཐིན་ཚོང་རའི་ཆ་འཕྲིན་ཁྲུའུ་དང་ནུབ་མཚོ་གྲོང་ཁྱེར་ཚགས་པར་ཁང་གཉིས་ཀྱིས་མཉམ་འབྲེལ་གྱིས་རོགས་བསྒྲུབས་མཛད་པའི་མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་ཐོན་ལས་དབུལ་སྐྱོར་གྲུབ་འབྲས་འགྲེམས་སྟོན་དང་དབུལ་ཕོངས་སྡེ་བའི་ཁྱད་ལྡན་ཞིང་ལས་ཐོན་རྫས་འབྲེལ་མཐུད་གྲོས་ཚོགས་བསྡུས།   ཐེངས་འདིའི་བྱ་འགུལ་སྟེང་དབུལ་ཕོངས་སྡེ་བའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཕྱིར་འཚོང་བྱེད་པར་ཁྱབ་སྤེལ་དང་དབུལ་སྐྱོར་གྲུབ་འབྲས་འགྲེམས་སྟོན་བྱེད་པ་སོགས་ཀྱི་བྱེད་སྟངས་བརྒྱུད་ནས།  རང་ཞིང་གི་ཐོན་ལས་དབུལ་སྐྱོར་གྲུབ་འབྲས་དང་དབུལ་ཕོངས་སྡེ་བའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཁྱོན་ཡོངས་ནས་འགྲེམས་སྟོན་བྱས།  

ཉེ་བའི་ལོ་འདི་འགར།     ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་གནད་འཁེལ་དབུལ་སྐྱོར་གྱི་གཙོ་ཁྲིད་ཐོན་ལས་གདམ་གསེས་དང་ཞིང་འབྲེལ་མ་དངུལ་ཕྱོགས་བསྡུས་བྱེད་པ།   ཁེ་ཕན་ཟུང་འབྲེལ་སྒྲིག་གཞི་འཐུས་ཚང་དུ་བཏང་སྟེ། ཐོན་ལས་རྒྱུན་མཐུད་ཀྱིས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱེད་པ་དེ་ཐོན་ལས་གནད་འཁེལ་དབུལ་སྐྱོར་གྱི་གནད་འགག་དུ་བཟུང་སྟེ་རོང་འབྲོག་པའི་ཡོང་འབབ་ཐབས་བརྒྱ་ཇུས་སྟོང་གིས་ཇེ་མང་དུ་བཏང་།  2016ལོར་མཚོ་སྔོན་གྱི་ཁྱིམ་ཚང་ཁྲི2.74དང་དབུལ་ཕོངས་མི་གྲངས8.4ཡིས་འཕེལ་རྒྱས་ཐོན་ལས་དུས་བཀག་དབུལ་ཐར་བྱས་པ་བརྒྱུད་ཐོན་ལས་གནད་འཁེལ་དབུལ་ཐར་མངོན་འགྱུར་བྱས་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།