ཝང་ཡུས་པོ་ཡིས་ཟི་ལིང་གྲོང་ཁྱེར་གྱི་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་པའི་ཚེས་བཅུ་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ་ཡིས་ཟི་ལིང་གྲོང་ཁྱེར་གྱིས་ཞིང་ཆེན་ཡོངས་ཀྱི་བྱ་བ་གཙོ་བོའི་ཡར་སྐུལ་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པའི་གནས་ཚུལ་ལ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཡིད་ཆེས་བརྟན་པོ་བཅངས་པ་དང་གནད་ཕིགས་ཇུས་འབུལ་བྱེད་པ། ངེས་པར་དུ་འགྲུབ་དགོས་པའི་བསམ་པ་བཅས་བཟུང་ནས། ཞིང་ཆེན་ཡོངས་ནས་ལོ་ཧྲིལ་བོའི་དམིགས་འབེན་འགན་འཁྲི་མངོན་འགྱུར་ཡོང་བར་སྟོབས་ཤུགས་འབུལ་དགོས་ཞེས་བསྟན།

ཝང་ཡུས་པོ་ཡིས་བསྟན་དོན། ཟི་ལིང་གྲོང་ཁྱེར་གྱིས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་སྤྱིའི་གནས་ཚུལ་ཁྲོད་དུ་འགན་འཁྲི་ལྕི་མོ་དང་འོས་འགན་ལྗིད་མོ་ཟིན་ཡོད་པས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལྟར་དུ། བཟོ་ལས་དཔལ་འབྱོར་འཁོར་སྐྱོད་དང་ལས་གཞི་ཆེ་གྲས་ལག་བསྟར་བྱེད་པར་དམིགས་ཏེ། རྒྱུ་རྐྱེན་འགན་ལེན་དང་བཀོད་གཏོང་སྙོམ་སྒྲིག་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། བཟོ་སྐྲུན་རྒྱུ་སྤུས་དང་བདེ་འཇགས་ཐོན་སྐྱེད་ལ་ཁག་ཐེག་བྱེད་དགོས་པ་དང་མཉམ་དུ། ཚན་རིག་གི་ལམ་ནས་དགུན་དུས་ཀྱི་ཨར་ལས་བྱ་བར་བཀོད་སྒྲིག་བྱས་ཏེ། བྱ་བའི་དངོས་རྫས་ཀྱི་གྲངས་འབོར་ཇེ་མང་དུ་འཕེལ་བར་བརྩོན་ལེན་བྱེད་དགོས་ཟེར།