མཚོ་ལྷོ་ཁུལ་འབའ་རྫོང་གིས་དཀའ་ཁག་ཅན་གྱི་ཏང་ཡོན་གྱི་དཀའ་ཁག་ཧུར་ཐག་གིས་ཁྱད་གསོད་བྱས་པ།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་གིས་ཏང་ནང་ཁུལ་དུ་སྐུལ་སློང་དང་ཐུགས་ཁུར། རོགས་སྐྱོར་བཅས་ཀྱི་སྒྲིག་གཞི་ལག་བསྟར་བྱས་པ་ནས་བཟུང་ནན་ཏན་སྒོས་འབྲེལ་ཡོད་སྒྲིག་སྲོལ་གཏན་འབེབས་བྱས་ཤིང་བསམ་བློའི་ཆ་དང་འཚོ་བའི་ཐད་དོན་དངོས་ཀྱིས་སེམས་ཁུར་བྱས་ཏེ་དཀའ་ཁག་ཆེ་བའི་ཏང་ཡོན་ལ་རོགས་རམ་བྱས་པས་དཀའ་ཁག་ཆེ་བའི་ཏང་ཡོན་དག་གིས་དགའ་བསུ་ཐོབ་པ་རེད།

ད་ལོ་མཚོ་ལྷོ་འབའ་རྫོང་གིས་མི་སྒེར་གྱི་རེ་འདུན་སྙན་ཞུ་ཕུལ་བ་དང་གཞི་རིམ་རྩ་འཛུགས་ཞིབ་བཤེར་སྤྱི་བསྒྲགས་སོགས་བྱས་པ་བརྒྱུད་རྫོང་གི་ཏང་ནང་ཁུལ་ལ་དོ་ཁུར་རོགས་སྐྱོར་མ་དངུལ་སྟེར་བའི་བདག་དོམ་འགོ་ཁྲིད་ཚན་ཆུང་བཅས་ཀྱི་ཞིབ་བཤེར་བྱས་ཏེ། གཅིག་བསྡུས་སྒོས་ནད་པ168ལ་འཚམས་འདྲི་བྱས་ཤིང་། གནོད་སྐྱོན་སོགས་ཀྱི་དབང་གིས་བུ་ཕྲུག་སློབ་གྲྭར་སྐྱེལ་མི་ཐུབ་པའི་དཀའ་ཁག་ཅན་གྱི་ཏང་ཡོན། ལོ་ན་70ཡན་གྱི་བགྲེས་སོང་ཏང་ཡོན་རྒན་པ་110བཅས་ལ་འཚམས་འདྲིའི་རོགས་དངུལ་གནང་སྟེ་དཀའ་ཁག་ཅན་གྱི་ཏང་ཡོན་རྣམས་པའི་དཀའ་ཁག་སེལ་བཀྲོལ་བྱས།

དེ་དང་དུས་མཉམ་དུ་མཚོ་ལྷོ་འབའ་རྫོང་གིས་གཅིག་བསྡུས་སྒོས་འཚམས་འདྲི་བྱ་འགུལ་སྤེལ་བ་དང་རྫོང་ཡོངས་ཀྱི་ཏང་ཨུའི་བཟོ་ལས10ཡི་ཀྲི་པུའུ་158ལ་འཚམས་འདྲིའི་བྱེད་སྒོ་སྤེལ་བ་མ་ཟད། ཏང་ཡོན་རྒན་པ་དང་འཚོ་བར་དཀའ་ཁག་ཡོད་པའི་ཏང་ཡོན་རྣམས་ཀྱི་ཆབ་སྲིད་ཀྱི་གཟི་བརྗིད་འདུ་ཤེས་དང་རྩ་འཛུགས་ཀྱི་འདུ་ཤེས། བྱ་བའི་འགན་འཁྲིའི་འདུ་ཤེས་སོགས་སྐྱེས་རུ་བཅུག་པ་མ་ཟད། ཏང་རྩ་འཛུགས་ཀྱི་གཅིག་བསྡུས་སྔར་ལས་མཐོར་འདེགས་དང་ཏང་ཡོན་ལས་བྱེད་པའི་བྱ་བའི་སྒུལ་ཤུགས་སྔར་ལས་མཐོ་རུ་བཏང་བ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།