ཏང་གི་ཚོགས་ཆེན་བཅུ་དགུ་བའི་མཚོ་སྔོན་གྱི་འཐུས་ཚབ་ཚོགས་པས་སྨྱན་སྦྱོར་བསུ་བའི་བྱེད་སྒོ་སྤེལ་ཞིང་། ཝང་གོ་ཧྲེང་དང་ཝང་ཅན་ཅུན་སོགས་འཐུས་མིས་བཅར་འདྲི་ལ་དང་ལེན་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།  ཟླ10བའི་ཚེས19ཉིན་གྱི་སྔ་དྲོར། མཚོ་སྔོན་འཐུས་མི་ཚོགས་པས་མི་དམངས་ཚོགས་ཁང་ཆེན་མོའི་མཚོ་སྔོན་གྱི་ཚོམས་ཆེན་དུ་སྨྱན་སྦྱོར་བསུ་བའི་བྱེད་སྒོ་སྤེལ་བ་དང་། འཐུས་མི་ཝང་གོ་ཧྲེང་དང་ཝང་ཅན་ཅུན་གྱིས་མི་དམངས་ཉིན་རེའི་ཚགས་པར་དང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་ཐད་ཀྱི་བཅར་འདྲི་ལ་དང་ལེན་བྱས་པ་རེད།

མཐུས་མི་ཚོགས་པས་བློ་མཐུན་ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་གནང་བའི་ལས་དོན་སྙན་ཞུ་ལ་མུ་མཐུད་དུ་གྲོས་བསྡུར་བྱས་པ་དང་། མི་དམངས་ཉིན་རེའི་ཚགས་པར་དང་ཞིན་ཧྭ་གསར་འགྱུར་ཁང་། ཀོང་མིང་ཉིན་རེའི་ཚགས་པར་དང་དཔལ་འབྱོར་ཉིན་རེའི་ཚགས་པར། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་དང་ཀྲུང་དབྱང་བརྙན་འཕྲིན་ཁང་། ཀྲུང་གོ་གསར་འགྱུར་ཁང་དང་ཀྲུང་གོའི་ཉིན་རེའི་ཚགས་པར་དང་དེ་བཞིན་ཨ་རིའི་ཝ་ཧྲིང་ཐོན་སྦྲག་ཏར་ཚགས་པར་དང་དབྱིན་ཇིའི་རྒྱལ་ཡོངས་རང་བཞིན་གྱི་ཕྱོགས་བསྡུས་ནང་དོན་ཉིན་རེའི་ཚགས་པར་སོགས་རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར30ལྷག་གི་གསར་འགོད་པས་བཅར་འདྲི་བྱས་པ་རེད། གསར་འགོད་པ་རྣམས་ཀྱིས་ནན་ཏན་སྒོས་ཉན་ནས་ཟིན་བྲིས་འདེབས་པ་དང་། རྒྱུ་ཆ་ལྟ་ཀློག་དང་མཚོ་སྔོན་ལ་རྒྱུས་ལོན་ཡག་པོ་བྱས་པ་རེད།

འཐུས་མི་ལི་ཀྲན་ཁུའེ་ཡིས་གསར་འགོད་པས་དྲིས་པའི་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་པན་ཡན་སྡེ་བའི་དབུལ་མཐར་འགག་སྒྲོལ་གྱི་གནས་ཚུལ་ལ་ལན་བཏབས་པ་རེད། ལི་ཀྲན་ཁུའེ་ཡིས་པན་ཡན་སྡེ་བ་ཡུལ་གཞན་དུ་གནས་སྤོར་བྱས་རྗེས་སུ་སྡེ་མི་ཡོངས་ཀྱི་གནས་སྡོད་ཁོར་ཡུག་དང་འཚོ་བའི་རྣམ་པར་འགྱུར་ལྡོག་བྱུང་ཚུལ་སོགས་གསར་འགོད་པར་ངོ་སྤྲོད་ཞིབ་ཕྲ་གནང་བ་མ་ཟད། སྡེ་མི་ཡོངས་ཀྱི་ཚབ་བྱས་ཏེ་ཏང་ཀྲུང་དབྱང་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཏང་གི་འཐུས་མི་ཚོགས་ཆེན་ལ་སྨོན་འདུན་ཞུས་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།