རང་ཞིང་གིས་ཞིང་འབྲེལ་མ་དངུལ་བསྡུ་སྒྲིལ་གྱིས་དབུལ་སྒྲོལ་འགག་གཏོར་ལ་རོགས་བྱས་པ།

ཉེ་ལམ་ལོ་གཉིས་རིང་ལ། རང་ཞིང་གི་རིམ་ཁག་ནོར་སྲིད་སྡེ་ཚན་གྱིས་ནོར་སྲིད་ཀྱི་ཞིང་ལས་དང་འབྲེལ་བའི་མ་དངུལ་གཅིག་གྱུར་གྱིས་སྡེབ་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ། དབུལ་སྒྲོལ་འགག་གཏོར་ལ་རྒྱལ་ཁ་ཐོབ་རྒྱུར་འདེགས་སྐྱོར་ཤུགས་དང་ལྡན་པ་མཁོ་འདོན་བྱས།

ཐབས་ལམ་དུ་མ་སྤྱད་དེ་སྣེ་འདྲེན་ཁེ་ལས་གཅིག་ནས་ཕན་ནུས་འདོན་པའི་རྩ་དོན་ལྟར་དུ།  ཉེ་བའི་ལོ་གཉིས་རིང་། མཚོ་སྔོན་ཞིང་ཆེན་རིམ་པ་ཁག་གི་ནོར་སྲིད་སྡེ་ཚན་གྱིས་མ་དངུལ་བེད་སྤྱོད་ཀྱི་དམིགས་ཚད་དང་། མ་དངུལ་འཇོག་ཕྱོགས། དོ་དམ་བྱེད་སྟངས་འདྲ་བའམ་ཡང་ན་རིགས་མཚུངས་ཀྱི་ཞིང་ལས་དང་འབྲེལ་བའི་མ་དངུལ་ཟླ་སྒྲིལ་དང་བསྐྱར་དུ་རིགས་དབྱེ་སྟེ། “དངུལ་སིལ་མ་” “སྒོར་རྡོག” ཏུ་བསྒྱུར་ནས་2016 — 2017 ལོའི་ཞིང་ཆེན་ཡོངས་ཀྱི་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་སྒོར་དུང་ཕྱུར༢༨༨ལ་ཟིན་པ་དང་།  འཕར་ཚད་ཡག་པོ་སྤྱོད་གང་ཐུབ་བྱས་པའི་རྨང་གཞིའི་ཐོག  གསོག་འཇོག་མ་དངུལ་གྱི་བེད་སྤྱོད་ཡག་པོ་དང་ནོར་སྲིད་མ་དངུལ་གྱིས་སྤྱོད་པའི་ཕན་འབྲས་ཆེ་རུ་བཏང་།

《 བསྡོམས་འབོར་ལ་དོ་སྣང་བྱེད་པ་ལས་དང་གྲུབ་ཚུལ་ལ་དོ་སྣང་མི་བྱེད་པ་དང་། ལས་འགན་ལ་དོ་དམ་བྱེད་པ་ལས་རྣམ་གྲངས་ལ་དོ་དམ་མི་བྱེད་པ། ལྟ་སྐུལ་ལ་དོ་དམ་བྱེད་པ་ལས་ལག་བསྟར་ལ་དོ་དམ་མི་བྱེད་པའི་བླང་བྱ་ལྟར། ཞིང་ཆེན་རིམ་པའི་ནོར་སྲིད་མ་དངུལ་བགོ་བཤའ་རྒྱག་ཐད“ ཆེད་དོན་ཆེན་པོ་+ ལས་དོན་གྱི་རྩིས་ཁྲ་” དོ་དམ་བྱེད་སྟངས་དང་། “ རྒྱུ་རྐྱེན་བརྟག་ཐབས”བེདསྤྱད་དེ་“ རྫོང་ཏུ་ཁག་བགོས་གཤམ་སྤྲོད་བྱས་པ་དང་། རྣམ་གྲངས་འདེམས་པའི་དབང་ཆ་དང་བཀོད་སྒྲིག་བྱེད་དབང་། སྤྱོད་དབང་བཅས་མཉམ་དུ་རྫོང་ལ་སྤྲད་ནས་མ་དངུལ་་བགོ་བཤའ་ཡི་གོ་རིམ་ནང་ནོར་སྲིད་སྡེ་ཁག་ནང་ཁུལ་དང་།  ནོར་སྲིད་དང་ཞིང་འབྲེལ་སྡེ་ཚན་བར། ཞིང་འབྲེལ་སྡེ་ཚན་དང་་ཞིང་འབྲེལ་སྡེ་ཚན་དབར་བཅས་གྱི་གྲོས་མོལ་ལམ་སྲོལ་བཙུགས་པས། མ་དངུལ་བཀོད་སྒྲིག་དང་། རྣམ་གྲངས་བཀོད་སྒྲིག་ལ་“ ཧྲག་ཧྲུག་ཅན་དུ་འགྱུར་བའི་” གནད་དོན་དང་རྣམ་གྲངས་བསྐྱར་ཟློས་ཀྱི་གནད་དོན་ཐག་གཅོད་ལེགས་པོ་བྱས།

“ མ་དངུལ་རྣམ་གྲངས་ཀྱི་དགོས་མཁོ་ལྟར་སྤྱོད་པ་དང་། རྣམ་གྲངས་མ་དངུལ་གྱི་འཆར་འགོད་ལྟར་གཉེར་བ། འཆར་འགོད་དབུལ་སྒྲོལ་གྱི་དམིགས་ཚད་ཀྱི་རྗེས་སུ་འབྲངས་བ།  དམིགས་ཚད་དབུལ་སྒྲོལ་བྱ་ཡུལ་གྱི་རྗེས་སུ་བསྐྱོད་པ་” བྱས་ཏེ། ནོར་སྲིད་རིམ་པ་ཁག་གིས་རྣམ་གྲངས་མཛོད་ཆ་ཚང་བཙུགས་ཤིང་།   རྣམ་གྲངས་གསོག་འཇོག་བྱེད་ཤུགས་ཆེ་རུ་བཏང་བ་དང་།  ལོ་འཁོར་གོང་མའི་དུས་མཇུག་གི་སྤྱི་འདོམས་དང་། བསྡུ་སྒྲིལ། བེད་སྤྱོད་བཅས་ཀྱི་ཐབས་ཇུས་བཟོ་འགོད་གཞིར་བཟུང་།  དབུལ་སྒྲོལ་གྲོང་ཚོའི་དོན་དངོས་དང་འཕེལ་རྒྱས་གཏོང་བའི་སྔོན་དཔག་ལ་གཞིགས་ནས་ཐོན་ལས་འཕེལ་རྒྱས་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སྤྱི་ཚོགས་བྱ་གཞག སྐྱེ་ཁམས་སྲུང་སྐྱོང་སོགས་ཀྱི་མ་དངུལ་བསྡུ་སྒྲིལ་དང་བེད་སྤྱོད་ཀྱི་ལས་སྟེགས་བཙུགས་ཤིང་།  རྣམ་གྲངས་གཞི་རྟེན་དུ་བྱས་ཏེ་འབྲེལ་ཡོད་ཞིང་འབྲེལ་མ་དངུལ་བེད་སྤྱོད་ཀྱི་གོ་རིམ་ནང་་བསྡུ་སྒྲིལ་གྱིས་ནོར་སྲིད་ཀྱི་ཞིང་ལས་དང་འབྲེལ་བའི་མ་དངུལ་བགོ་སྒྲིག་བྱས་པའི་ཐད་ལ་ཕན་འབྲས་གང་ལེགས་པོ་ཐོབ་ཡོད།

དེ་དང་དུས་མཚུངས་སུ་སྔོན་རྩིས་ལག་བསྟར་ཚད་ལྡན་དུ་བཏང་སྟེ། རྣམ་གྲངས་འཛུགས་སྐྲུན་གྱི་ཐད་ནས་རིགས་གཅིག་མཁས་ཅན་གྱི་དཔྱད་ཞིབ་ལམ་ལུགས་དང་།ཡོངས་བསྒྲགས་ལམ་ལུགས་སོགས་དོ་དམ་བྱེད་སྟངས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས་མ་རྩ་བགོ་བཤའི་སྤྱི་ཡོངས་ལ་ཕྱོགས་ཤིང་། བགོ་བཤའི་གོ་རིམ་ཚད་ལྡན་དང་ལྡན་པ།  བགོ་བཤའ་རྒྱག་འབྲས་དྲང་བཞག་བཅས་སུ་བཏང་བ་དང་། མ་དངུལ་དོ་དམ་ལྟ་སྐུལ་དང་གྲུབ་འབྲས་གདེང་འཇོག་ལ་ཤུགས་བསྣན་ནས་དག་ཐེར་ཡོ་བསྲང་གི་ལམ་ལུགས་དང་། ལས་རྗེས་དཔྱད་ཞིབ་འཐུས་ཚང་དུ་གཏོང་བ་ཁྲིད་ཕྱོགས་སུ་འཛིན་པའི་མ་དངུལ་བགོ་བཤའ་ཡི་དོ་དམ་ལམ་སྲོལ་བཅས་བཙུགས་ནས་འཚོལ་ཞིབ་ཀྱིས་ཕྱོགས་གསུམ་པའི་ཕན་འབྲས་ལ་གདེང་འཇོག་གིས་མ་དངུལ་དོ་དམ་གྱི་ཆུ་ཚད་དང་ཕན་འབྲས་ཆེ་རུ་བཏང་།

ལོ་ཙཱ་བ། ཁོན་ཐར་འཚོ།