ཞིང་ཆེན་དམངས་སྲིད་ཐིན་གྱིས་ཀྲུང་དབྱང་གི་ཆེད་སྤྱོད་རྒྱན་ཤོག་སྤྱི་ཕན་མ་དངུལ་སྒོར་ཁྲི26031ལྷག་བཏང་ནས་རང་ཞིང་གི་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ།

 ཉེ་ཆར། ཞིང་ཆེན་དམངས་སྲིད་ཐིན་གྱིས་ཞིང་ཆེན་ནོར་སྲིད་ཐིན་དང་མཐུན་སྦྱོར་གྱིས་ཀྲུང་དབྱང་ཆེད་དོན་བྱ་དགའི་འཛིན་ཤོག་གི་སྤྱི་ཕན་མ་དངུལ་སྒོར་ཁྲི26031ལྷག་བཏང་ནས་རང་ཞིང་ཆེན་གྱི་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་དང་། དེའི་ནང་སྡེ་ཁུལ་གྱི་རྒན་རྒོན་ལྟ་རྟོག་ལྟེ་གནས་འཛུགས་སྐྲུན30དང་། རྒན་རྒོན་བདག་སྐྱོང་ཞབས་ཞུའི་ལས་ཁུངས5དང་། རྒན་རྒོན་གྱི་བྱེད་སྒོ་ལྟེ་གནས་ཀྱི་རྣམ་གྲངས7དང་། རྣམ་གྲངས་འཛུགས་སྐྲུན་ལས་འགན་དང་མ་དངུལ་བགོ་སྤྲོད་བྱས་ནས་དུས་ཐོག་ཏུ་གྲོང་ཁྱེར་དང་ཁུལ་སོ་སོར་བཏང་།

    ཀྲུང་དབྱང་གི་ཆེད་སྤྱོད་རྒྱན་ཤོག་སྤྱི་ཕན་མ་དངུལ་ལས་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་རྒྱབ་སྐྱོར་ནུས་ལྡན་བྱས་པ་དང་། ཪང་ཞིང་གི་ཁྱིམ་སྡོད་རྨང་གཞིར་འཛིན་པ་འཛུགས་སྐྲུན་དང་། སྡེ་ཁུལ་རྒྱབ་རྟེན་དུ་བྱེད་པ། ལས་ཁུངས་འདེགས་སྐྱོར་དུ་བྱེད་པའི་སྤྱི་ཚོགས་ཀྱི་རྒན་གསོའི་ཞབས་ཞུའི་མ་ལག་དང་། བློ་གྲོས་ཐབས་ཀྱིས་སྨན་བཅོས་བདག་སྐྱོང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒན་འཁོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་ཕུན་སུམ་ཚོགས་སུ་གཏང་ཆེད། PPP རྣམ་པ་འཚོལ་ཞིབ་ཧུར་ཐག་དང་། སྲིད་ཇུས་ཀྱི་ཁྲིད་སྟོན་འཛུགས་སྐྲུན་དང་གཉེར་སྐྱོང་དང་། རྒན་གསོའི་སྒྲིག་གཞི་མཐའ་སྐྱོང་ནུས་པ་འདོན་སྤེལ་བྱས་ནས་གཞུང་བཙུགས་རྒན་གསོའི་མ་དངུལ་རྨང་གཞི་བརྟན་པོ་བཏིང་བ་དང་། དམངས་སྲིད་ཀྱི་སྤྱི་བའི་ཞབས་ཞུའི་ནུས་པ་མཐོ་རུ་གཏོང་ཆེད་རྨང་གཞི་དང་གཞི་རྩའི་དམངས་འཚོ་འགན་སྲུང་གི་ཆུ་ཚད་བརྟན་པོར་བཏང་།

ལས་དོན་དེ་ཡག་པོ་བསྒྲུབ་ཆེད་ཞིང་ཆེན་དམངས་སྲིད་ཐིན་གྱིས“བཀོད་སྒྲིག་ལུགས་མཐུན་དང་། ས་ཁོངས་ཁེབས་པ་དང་། ནུས་པ་འཐུས་ཚང་། དངོས་སྤྱོད་བཀོལ་བདེ” བཅས་ཀྱི་འཛུགས་སྐྲུན་གྱི་རྩ་དོན་གཞིར་བཟུང་ནས། ཞིང་ཆེན་ནོར་སྲིད་སྡེ་ཚན་ཁག་ལ་འདེམས་སྒྲུག་སྒོས་རེ་ཞུ་ཁག་ཅིག་སྙན་ཞུ་ཕུལ་ནས་སྔོན་ལ་ལས་འགྲུབ་ཀྱི་སྟ་གོན་བྱས་ཏེ། དམངས་ཚིས་ཞབས་ཞུ་དང་འབྲེལ་བའི་མ་འོངས་འཕེལ་རྒྱས་ཡོད་པའི་འཛུགས་སྐྲུན་རྣམ་གྲངས་མ་དངུལ་བརྩོན་ལེན་ལ་རྨང་གཞི་བརྟན་པོ་བཏིང་ཡོད། དེའི་མཚུངས་སུ། རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་ནས་རྣམ་གྲངས་འཛུགས་སྐྲུན་དང་། མ་དངུལ་དོ་དམ་སོགས་ཀྱི་ཐད་བླང་བྱ་ཁ་གསལ་བཏོན་པ་དང་ནུས་ཤུགས་ཡོད་རྒུས་འགན་ལེན་ས་གནས་ཁག་གིས་རྣམ་གྲངས་བདེ་བླག་ངང་ལས་སྤེལ་རྒྱུ་དང་། དུས་ལྟར་སྤེལ་བར་སྐུལ་འདེད་བཏང་ནས་ཀྲུང་དབྱང་གི་ཆེད་སྤྱོད་རྒྱན་ཤོག་སྤྱི་ཕན་མ་དངུལ་ནས་སྤྱི་ཚོགས་ཀྱི་ཕན་འབྲས་ཚད་མཐོན་པའི་སྒོ་ནས་འདོན་སྤེལ་བྱེད་དགོས།

ལོ་ཙཱ་བ།རྟ་མགྲིན་དཔལ།