དྲ་ཐོག་བཟའ་བཅའ་མངགས་ཉོ་བཟའ་བཅའི་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ།

རང་ཞིང་གིས་དྲ་ཐོག་བཟའ་བཅའ་མངགས་ཉོ་ཟས་རིགས་བདེ་འཇགས་ལྟ་སྐུལ་དོ་དམ་ལས་དོན་ལ་ཕྱོགས་ཡོངས་ནས་ལྟ་སྐུལ་དང་། དྲ་ཐོག་བཟའ་བཅའ་མངགས་ཉོ་ལས་ཁུངས་ཀྱིས་བཟའ་ཆས་ཉེན་མེད་ཡོང་བའི་འགན་འཁྲི་གཙོ་བོ་དོན་འཁྱོལ་ཏན་ཏིག་ཡོང་ཆེད། ཟླ10 ཚེས16 ཉིན། ཞིང་ཆེན་བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་གཅིག་སྡུད་སྒོས་མོས་ཚོགས་འདྲི་གླེང་བྱས། གལ་ཏེ་ལྟོགས་ན། པེ་ཏུའུ་ཕྱི་འཚོང་ཁྱིམ་ཁ3གྱི་སྣེ་གསུམ་པའི་ལས་སྟེགས་མཚོ་སྔོན་འཁོར་རྒྱུག་སྒྲིག་གཞིས་འགན་འཁུར་བ་རེད།

བླང་བྱ་སྐོང་འདྲི་བྱས་རྗེས་སུ་ཁེ་ལས་ཀྱིས་ངེས་པར་དུ་བཟའ་བཏུང་ཞབས་ཞུའི་ལས་དོན་དྲ་ཞུགས་ཀྱི་འགག་སྒོ་གཟབ་ནན་བྱེད་དགོས། དྲ་ཞུགས་བཟའ་བཏུང་ཞབས་ཞུའི་ལས་དོན་སྡེ་ཁག་ནས《 བཟའ་བཅའ་གཉེར་སྐྱོང་ཆོག་པའི་ལག་ཁྱེར》 ལེན་དགོས་དགོས་པ་མ་ཟད།  བཟའ་བཅའི་བདེ་འཇགས་ཁས་ལེན་ཡི་གེ་བྲིས་རྗེས་ད་གཟོད་ཕྱི་ནས་བཟའ་བཏུང་ཞབས་ཞུའི་བྱེད་སྒོ་སྤེལ་རྒྱུ།  《 བཟའ་བཅའ་གཉེར་སྐྱོང་ཆོག་པའི་ལག་ཁྱེར》 ཐོབ་མེད་མོད། འོན་ཀྱང་དྲ་ཞུགས་བྱས་ནས་བཟའ་བཏུང་ཞབས་ཞུའི་ཚན་པར་ཞུགས་ཚེ། དེ་མ་ཐག་དྲ་ཐོག་ནས་ཚོང་གཉེར་མཚམས་འཇོག་དགོས། ཟས་རིགས་གནོད་མེད་ཀྱི་ཆ་འཕྲིན་དྲ་འཛུལ་གྱི་བཟའ་བཏུང་ཞབས་ཞུའི་ཚན་པ་དངོས་སུ་ཕྱིན་ནས་ཞིབ་བཤེར་བྱ་དགོས། དྲ་ངོས་གཉེར་སྐྱོང་ཁྲོད་ངེས་པར་དུ་བཟའ་བཏུང་ཞབས་ཞུའི་ཚན་པ་དྲ་བར་མ་ཞུགས་གོང་《 བཟའ་བཅའ་གཉེར་སྐྱོང་ཆོག་པའི་ལག་ཁྱེར》 དང་བཟའ་བཅའི་བདེ་འཇགས་ཁས་ལེན་ཡི་གེ་དང་། བཟའ་བཏུང་ཞབས་ཞུའི་བཟའ་བཅའ་གནོད་མེད་ཡོང་བའི་ལྟ་སྐུལ་ཚད་འབོར་རིམ་དབྱེའི་དོ་དམ་སོགས་ཆ་འཕྲིན་ཁྱབ་བསྒྲགས་བྱས་ནས། ད་དུང་ཕྱི་ཕྱོགས་ཟས་བསྐྱལ་མི་སྣར་ཟས་རིགས་གནོད་མེད་སྐོར་གྱི་འབྲེལ་ཡོད་ཤེས་བྱ་གསོ་སྦྱོང་ལ་ཤུགས་སྣོན་བྱེད་དགོས་ལ། དུས་ལྟར་ཞིབ་བཤེར་བྱེད་དགོས་པར་མ་ཟད་ཟས་སྐྱེལ་སྒམ་སོགས་ལ་དུག་སེལ་བྱས་ནས་དྲ་ཐོག་བཟའ་བཅའ་མངགས་ཉོ་ཞབས་ཞུའི་བཟའ་བཅའི་བདེ་འཇགས་འགན་ལེན་བྱེད་དགོས།

ལོ་ཙཱ་བ།རྟ་མགྲིན་དཔལ།