མཚོ་སྔོན་ཞིང་ཆེན་གྱི་ས་ཆ་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་གྲོལ་བར་རྟེན་འབྲེལ་ཞུས།

ཟླ་བཅུ་བའི་ཚེས་ཉེར་བཞི་ཉིན། ཀུན་གྱིས་དོ་སྣང་ཆེན་པོ་བྱེད་པའི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་རྒྱལ་ཁའི་ངང་གྲོལ། མཚོ་སྔོན་མཐོ་སྒང་གི་རིགས་སོ་སོའི་མང་ཚོགས་ས་ཡ་ལྔ་དང་འབུམ་བརྒྱད་ལྷག་སྤོབས་པ་ཆེན་པོས་དུས་རབས་གསར་བར་སྐྱོད་པ་དང་། འགན་འཁྲི་གསར་བ་ཕྲག་ཏུ་ལེན་པ། རྒྱང་སྐྱོད་ཀྱི་ལམ་བུ་གསར་བར་ཞུགས་འགོ་བརྩམས། སྤྱིར་བཏང་གི་སྡེ་མི་དང་ལས་ཁུངས་ཀྱི་ལས་བྱེད་པ། ན་གཞོན་ལས་བཟོ་བ་དང་གཞི་རིམ་གྱི་ཏང་ཡོན་ཚང་མས་ལང་ལོང་གིས་བཤད་རྒྱུར། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་སློབ་སྦྱོང་ནན་མོ་བྱེད་པ། བསམ་བློ་དང་འགུལ་སྐྱོད་གཉིས་མྱུར་དུ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ། བཅོས་སྒྱུར་གསར་གཏོད་དང་ཡར་རྒྱས་བརྩོན་ལེན་བྱེད་པ། སེམས་ཤུགས་གཅིག་སྒྲིལ་དང་བྱ་བར་འབད་འཐབ་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྟེང་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པ་དང་། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱེད་རྒྱུ་ཡིན་ཟེར།

མིང་དུ་གྲགས་པའི་དབུལ་ཕོངས་ཞང་སྟེ་མཚོ་ཤར་གྲོང་ཁྱེར་མིན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་པེ་ཧྲན་ཞང་དེ་ད་ལོར་ཏང་གི་ཡུལ་གཞན་གནས་སྤོར་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག ཞང་ཧྲིལ་བོ་ཙོང་ཆུའི་འགྲམ་རྒྱུད་དུ་གནས་སྤར་བ་དང་། སྔོན་ཆད་ཀྱི་ས་ཁང་དེ་ཐོག་ཁང་གསར་བར་བརྗེ་ལ། ཞང་མི་ཡོངས་ཞིང་གྲོང་གི་མི་ནས་གྲོང་ཁྱེར་གྱི་མི་རུ་གྱུར་པས། ཚང་མས་སེམས་སུ་དགའ་སྤྲོས་ཁེངས་ཡོད། པེ་ཧྲན་ཞང་གི་ཏང་ཨུའི་ཧྲུའུ་ཅི་ཧྥན་ཁྲིན་ཏུང་གིས་བཤད་རྒྱུར། ཞང་ཏང་ཨུས་ཞང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྔར་ལས་དངོས་གཉེར་གྱི་སྤྱོད་ཚུལ་གྱིས་གནད་ཕིགས་དབུལ་སྐྱོར་དང་ཡུལ་གཞན་གནས་སྤོར་དབུལ་སྐྱོར། སྡེ་བ་རིམ་པའི་སྐབས་བརྗེ་སོགས་མིག་སྔར་གྱི་བྱ་བ་གཙོ་བོའི་ཁྲོད་ཞུགས་ཏེ། ཞང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྔར་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་དགོས་ཟེར།

མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁྱིམ་ཚང་དང་བྱིས་པའི་ལས་དོན་པུའུ་ཡི་པུའུ་ཀྲང་ཝུའུ་ཆན་གྱིས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་བཟོས་པའི་མ་འོངས་པའི་འཆར་གཞི་ཡིས་མི་སེམས་འགུལ་བར་བྱེད་པ་དང་ཡིད་ཆེས་ཇེ་ཆེར་བཏང་། སྙན་ཞུའི་ནང་ཕོ་མོ་འདྲ་མཉམ་གྱི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱས་ནས། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་དགོས་ཞེས་བསྟན་ཡོད་པས། སྤྱི་ཚོགས་རོགས་སྐྱོར་དང་སྤྱི་ཚོགས་ཕན་བདེ། དགེ་སྒྲུབ་ལས་དོན། གཟིགས་སྐྱོང་བཀོད་སྒྲིག་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཞིང་སྡེའི་ཕ་མ་གམ་དུ་མེད་པའི་བྱིས་པ་དང་། བུད་མེད། ལོ་ལོན་གྱི་གཟིགས་སྐྱོང་ཞབས་ཞུའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་དགོས་ལ། གོ་རིམ་རྗེས་མར། ང་ཚོས་སྙིང་སྟོབས་ཆེན་པོ་དང་འབད་འཐབ་དམིགས་འབེན་གསར་བས། བྱ་བ་ཧུར་ཐག་གིས་བསྒྲུབ་པ་དང་བྱ་བ་བཟང་བོར་བསྒྲུབ་ནས། མཚོ་སྔོན་ཞིང་ཆེན་གྱི་བུད་མེད་དང་བྱིས་པའི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ཐད་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་མིན་ཁྲུང་ཉིན་གྱིས་བཤད་རྒྱུར། ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་ཚོགས་པ་དེས། ང་ཚོའི་རྒྱལ་ཁབ་ཀྱི་དུས་རབས་གསར་པ་གསར་རྐྱང་ཞིག་གསར་སྐྲུན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྙན་ཞུ་སློབ་སྦྱོང་ནན་མོ་བྱས་པ་དེས། ང་ཚོར་དམིགས་འབེན་དང་རེ་བ་གསར་པ་ཡོད་པར་བྱས་ལ། ང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་རང་རྟོན་དང་གཞུང་ལུགས་རང་རྟོན། ལམ་ལུགས་རང་རྟོན། རིག་གནས་རང་རྟོན་ཐད་ཀྱི་ཆོད་སེམས་སྔར་ལས་ཇེ་བརྟན་དུ་བཏང་། བསམ་བློ་དྲིལ་སྒྲོག་གི་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། གོ་རིམ་རྗེས་མར། ང་ཚོས་ཏན་ཏན་ཏིག་ཏིག་གིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་བྱེད་མགོ་རྩོམ་རྒྱུ་ཡིན་པ་དང་། རིག་གནས་བསམ་བློ་དྲིལ་སྒྲོག་འཐབ་ཕྱོགས་ཐད་བཏོན་པའི་རེ་བ་ལྟར། ཏན་ཏན་ཏིག་ཏིག་དང་ལས་བཀུར་ལས་བརྩོན་བྱེད་པ་དང་། བྱ་བར་འབད་བརྩོན་བྱེད་པ། སྒེར་མེད་གཏོང་ཕོད་བྱེད་པ། མགོ་ཁྲིད་དེ་སློབ་སྦྱོང་བྱེད་པར་རྩ་འཛུགས་བྱེད་པ། སྙན་ཞུའི་དགོངས་དོན་རྒྱུས་ལོན་གསལ་བོ་དང་ཁོང་དུ་ཆུད་པར་བྱེད་པ། སྤྲོ་སེམས་ཆེན་པོས་སྤྱི་ཚོགས་རིང་ལུགས་ཀྱི་དབྱངས་རྟ་གཙོ་བོ་དར་སྤེལ་གཏོང་བ་དང་དྲང་ཕྱོགས་ཀྱི་ནུས་ཚད་བརྒྱུད་སྒྲོག་བྱས་ཏེ། ཚོགས་ཆེན་བཅུ་དགུ་པས་བཟོས་པའི་མཛེས་སྡུག་གི་འཆར་གཞི་མངོན་འགྱུར་བྱེད་པའི་ཐད་བྱས་རྗེས་འཇོག་རྒྱུ་ཡིན་ཟེར།

མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཏང་ཡོན་རྩ་འཛུགས་བྱས་ནས་ཚོགས་ཆེན་བཅུ་དགུ་པ་གྲོལ་བའི་ཐད་གཏོང་ལ་བལྟས་རྗེས། ཚང་མས་མྱོང་ཚོར་གླེང་བའི་བྱ་འགུལ་སྤེལ་ནས། ངོས་ཟིན་དང་མྱོང་ཚོར། ལྟ་ཚུལ་གླེང་དུ་བཅུག ཚང་མས་ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་སྒྲིལ་སྲོལ་བརྟན་སྲུང་བྱེད་པ་དང་། འདུ་ཤེས་བཞི་བརྟན་པོ་འཛུགས་པ། ཡིད་རྟོན་བཞི་ཇེ་དྲག་ཏུ་བཏང་སྟེ། བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་སྟེང་ནས་ཏང་ཀྲུང་དབྱང་དང་གཅིག་གྱུར་མཐོན་པོ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བྱེད་རྒྱུ་ཡིན་པ་དང་། གོ་རིམ་རྗེས་མའི་བྱ་བའི་ཁྲོད། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ནན་མོ་བྱེད་པ་དང་། དམངས་ཚིས་འགན་སྲུང་དང་ལེགས་བསྒྱུར་བྱེད་པའི་དམིགས་འབེན་གསར་པ་དང་རེ་བ་གསར་པར་དམིགས་ནས། མཆོང་སྐྱོད་རང་བཞིན་གྱི་འཕེལ་རྒྱས་བརྩོན་ལེན་བྱེད་པའི་ངར་ཤུགས་ལ་བརྟེན་ནས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་སྲིད་གཞུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཚངས་དབྱངས་རྒྱ་མཚོས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ལ་ཉན་པ་དང་སློབ་སྦྱོང་བྱས་རྗེས། སེམས་སུ་དགའ་སྤྲོས་ཁེངས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ནས། ཁྲི་འདུ་རྫོང་གི་འཕེལ་རྒྱས་ཚང་མས་མཐོང་ཐུབ་ལ། འོས་འགན་སློབ་དོ་གསོ་སྙོམས་ངང་འཕེལ་རྒྱས་སུ་སོང་བ་དང་། སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་གོ་རིམ་ལྡན་པའི་ངང་སྤེལ་ལ། མཐོ་སྒང་གི་ནད་རིགས་ཀྱི་སྨན་བཅོས་ཆུ་ཚད་དང་གྲོང་གསེབ་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་ལམ་ལུགས་བཙུགས་པ་མ་ཟད་འཐུས་ཚང་དུ་གཏོང་བ་སོགས་གྲུབ་འབྲས་ལྡན་པའི་བྱ་བ་མང་པོ་བསྒྲུབས། དུས་རབས་གསར་པར། ཏང་དང་རྒྱལ་ཁབ་ཀྱིས་རིག་གནས་ཐད་སྔར་ལས་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་པ་དང་། ང་ཚོའི་གོ་རིམ་རྗེས་མའི་བྱ་བ་གཙོ་བོ་ནི། རིག་གནས་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པའི་ཆོད་སེམས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། འབྲོག་པ་མང་ཚོགས་ཀྱིས་བཅོས་བསྒྱུར་འཕེལ་རྒྱས་ཐད་ཀྱི་གྲུབ་འབྲས་སྔར་ལས་མང་པོ་ལོངས་སྤྱོད་བྱེད་ཐུབ་པར་བྱས་ནས། མང་ཚོགས་ཀྱི་བདེ་སྐྱིད་ཀྱི་ཚོར་སྣང་མཐོར་འདེགས་བྱེད་རྒྱུ་དེ་ཡིན་ཟེར།