2017ལོར་རིན་མེད་ཀྱི་རྣམ་གྲངས་གང་དག་ཡོད་པ་ཁྱེད་ཀྱིས་ཤེས་སམ།

ཉེ་སྔོན།  རྒྱལ་ཁབ་ཀྱིས་དམངས་ཕན་སྲིད་ཇུས་ཀྱི་རྣམ་གྲངས་མུ་མཐུད་དུ་ཕྱིར་བཏོན་ཏེ། རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་སྒོར་མོ་མང་བོ་ཞིག་གྲོན་ཆུང་བྱེད་ཐུབ་རྒྱུ་རེད།


1.སྤྱི་གསོག་མ་དངུལ་གྱི་དངུལ་བུན་གྲོན་བསྡུ་མེད་པར་བཏང་བ།  

སྡོད་ཁང་འཛུགས་སྐྲུན་པུའུ་དང་ནོར་སྲིད་པུའུ།  མི་དམངས་དངུལ་ཁང་བཅས་ཀྱིས་མཉམ་འབྲེལ་གྱིས་མར་སྤེལ་བའི《སྡོད་ཁང་སྤྱི་གསོག་མ་དངུལ་སྒེར་སྡོད་ཁང་བའི་དངུལ་བུན་བྱེད་སྒོ་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་བརྡ་སྦྱོར》གཞིར་བཟུང་སྟེ།  སྡོད་ཁང་སྤྱི་གསོག་མ་དངུལ་གྱི་སྒེར་སྡོད་ཁང་བའི་དངུལ་བུན་འགན་སྲུང་སོགས་ཀྱི་གྲོན་བསྡུ་རྣམ་གྲངས་མེད་པར་བཏང་།

2.མི་དོན་ཡིག་ཚགས་དོ་དམ་གྲོན་དངུལ་མེད་པར་བཏང་བ།  

མི་དོན་ཡིག་ཚགས་བདག་ཉར་གྲོན་དངུལ་དང་ལྟ་ཞིབ་གྲོན་དངུལ། ར་སྤྲོད་གྲོན་དངུལ། ཡིག་ཚགས་བརྒྱུད་སྤྲོད་གྲོན་དངུལ་སོགས་གཅིག་ཀྱང་སྤྲོད་མི་དགོས།

3.བདེ་ཐང་དཔང་ཡིག་རིན་མེད་ཀྱིས་བླང་ཆོག 

ད་ལོའི་ཟླ3པའི་ཚེས15ཉིན་མཉམ་འབྲེལ་གྱིས་ཕྱིར་བཏོན་པའི་《སྲིད་འཛིན་ལས་དོན་རང་བཞིན་གྱི་གླ་རིན་ལེན་པའི་འབྲེལ་ཡོད་སྲིད་ཇུས་མེད་པར་གཏོང་བའམ་ཚད་ལྡན་དུ་གཏོང་བའི་ཐད་ཀྱི་བརྡ་སྦྱོར》གཞིར་བཟུང་སྟེ། ཟླ4བའི་ཚེས1ཉིན་ནས་བཟུང་།  སྔོན་འགོག་རང་བཞིན་གྱི་ལས་ཕུང་བརྟག་དཔྱད་དངུལ་དང་བདེ་ཐང་དཔང་ཡིག་ལེན་སྐབས་ལས་ཕུང་བརྟག་དཔྱད་དངུལ་བཅས་རིན་མེད་དུ་བཟོས།  

4.གཞིས་སྡོད་དཔང་ཡིག་རིན་མེད་ཀྱིས་སྒྲུབ་ཆོག  རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་བསྒྲགས་བྱས་པའི་《གཞིས་སྡོད་དཔང་ཡིག་གནས་སྐབས་ལག་བསྟར་བྱེད་པའི་སྲོལ་ཡིག》གི་གཏན་འབེབས་ལྟར་ན་གཞིས་སྡོད་དཔང་ཡིག་ལེན་པའི་འགྲོ་ལུགས་རིན་མེད་ཀྱིས་སྒྲུབ་ཆོག

5. མེ་འཁོར་པ་སེ་ས་ཁུལ་གཞན་ནས་ཉོ་སྐབས་འགྲོ་ལུགས་སྒྲུབ་དངུལ་སྒོར5བོ་མེད་པར་བཏང་བ།

ཀྲུང་གོ་ལྕགས་ལམ་སྤྱིའི་ཀུང་ཟིས་གཏན་འབེབས་ལྟར་ན། 2017ལོའི་ཟླ10བའི་ཚེས1ཉིན་ནས་བཟུང་། རྒྱལ་ཡོངས་ལྕགས་ལམ་གྱིས་ས་གཞན་ནས་མེ་འཁོར་པ་སེ་ཉོ་སྐབས་འགྲོ་ལུགས་སྒྲུབ་དངུལ་སྒོར5བོ་མེད་པར་བཏང་།

6.ཁང་བ་གཞན་ལ་བསྐོར་བའི་འགྲོ་ལུགས་སྒྲུབ་དངུལ་མེད་པར་བཏང་བ།

ད་ལོའི་ཟླ4བའི་ཚེས1ཉིན་ནས་བཟུང་ཁང་བ་གཞན་ལ་བསྐོར་བའི་འགྲོ་ལུགས་སྒྲུབ་དངུལ་མེད་པར་བཏང་། ཁང་བ་གཞན་ལ་བསྐོར་བའི་འགྲོ་ལུགས་སྒྲུབ་སྐབས་སྨི་གྲུ་བཞི་མ་རེར་སྒོར4རེད།  སྨི་གྲུ་བཞི་མ100ཅན་གྱི་ཁང་བ་ཞིག་གཞན་ལ་བསྐོར་ན་སྒོར400ཇེ་ཉུང་ལ་སོང་ཡོད།  

7. རིན་གོང་མཐོ་བའི་སྨན་རིགས36རྒྱལ་ཁབ་ཀྱི་འགན་ལེན་༼རིན་མེད་སྨན་བཅོས༽སྨན་ཁུངས་དུ་བླངས་བ།

8.ལོ65ཡན་གྱི་བགྲེས་སོང་གི་ལུས་ཕུང་བརྟག་དཔྱད་རིན་མེད་དུ་བཏང་བ།

9.རྒྱལ་ཡོངས་ནས་ས་ཐག་རིང་བའི་ཁ་པར་གྱི་བཤད་གླ་དང་གནས་གཞན་གྱི་གྲོན་དངུལ་མཐོ་བ་མེད་པར་བཏང་བ།

ཀྲུང་གོ་སྤོ་སྒུལ་དང་གློག་འཕྲིན། མཉམ་འབྲེལ་བཅས་ཀྱིས་ད་ལོའི་ཟླ10བའི་ཚེས1ཉིན་ནས་བཟུང་ས་ཐག་རིང་བའི་ཁ་པར་གྱི་བཤད་གླ་མཐོ་བ་དང་གནས་གཞན་གྱི་གྲོན་དངུལ་མཐོ་བ་ཁྱོན་ཡོངས་ནས་མེད་པར་བཏང་།

10.དངུལ་བྱང་གི་ལོ་གླ་དང་དོ་དམ་གྱི་གླ་མེད་པར་བཏང་ཡོད།

2017ལོའི་ཟླ8པའི་ཚེས1ཉིན་ནས་བཟུང་དངུལ་བྱང་གི་ལོ་གླ་དང་དོ་དམ་གྱི་གླ་མེད་པར་བཏང་ཡོད(ཡིད་རྟོན་བྱང་བུ་དང་རིམ་པ་ཆེས་མཐོ་ཤོས་ཀྱི་བྱང་བུ་ནང་དུ་མི་འདུ)།

11.དངུལ་བྱང་རིགས་གཅིག་གི་ནང་དུ་ས་གནས་གཞན་ནས་དངུལ་འཇོག་དང་དངུལ་ལེན། དངུལ་བསྐོར་བ་བཅས་ཀྱི་འགྲོ་ལུགས་སྒྲུབ་དངུལ་མེད་པར་བཏང་བ།

12.དངུལ་ཁང་གི་དངུལ་འགྲུལ་འཛིན་ཡིག་གི་འགྲོ་ལུགས་སྒྲུབ་དངུལ་མེད་པར་བཏང་བ།

2017ལོའི་ཟླ8པའི་ཚེས1ཉིན་བཟུང་ཚོང་ལས་དངུལ་ཁང་ཁག་ཅིག་གི་རྨང་གཞིའི་དངུལ་རྩའི་ཞབས་ཞུའི་འགྲོ་ལུགས་སྒྲུབ་དངུལ་དང་དངུལ་བྱང་བོར་ཁ་གཏན་པ་སོགས་རྣམ་གྲངས་དྲུག་གི་གྲོན་དངུལ་མེད་པར་བཏང་།

13.དབུལ་ཕོངས་ཁྱིམ་ཚང་གི་བྱིས་པ་དང་དམའ་འབྲིང་། མཐོ་འབྲིང་སློབ་མཐར་ཕྱིན་མེད་པའི་སློབ་མ།  ཞིང་ལས་པ།  ལས་ཤོར་མི་སྣ། ལས་གནས་སྤར་བའི་ལས་བཟོ་བ།  དམག་ཁོངས་ནས་ཕྱིར་བུད་པའི་དམག་མི།  དབང་བོ་སྐྱོན་ཅན་མི་སྣ་བཅས་ལ་རིན་མེད་ཀྱིས་ནུས་རྩལ་ཟབ་སྦྱོང་བྱེད་རྒྱུ་རེད།

14. 2017ལོ་ནས་བཟུང་འོས་འགན་སློབ་གསོའི་སློབ་དེབ་རིན་མེད་དུ་བཏང་བ།

ད་ལོ་ནས་བཟུང་གཅིག་གྱུར་གྱིས་མཁར་ཞང་འོས་འགན་སློབ་གསོའི་སློབ་མ(དམངས་སྒྲུབ་སློབ་གྲྭའི་སློབ་མ་ཡང་འདུ)ལ་རིན་མེད་ཀྱིས་སློབ་དེབ་འདོན་སྤྲོད་དང་དབུལ་ཕོངས་ཁྱིམ་ཚང་གི་བཅའ་སྡོད་སློབ་མའི་འཚོ་བར་ཁ་གསབ་བྱེད་རྒྱུ་རེད།  

15. སྡོད་དམངས་ཁྲོད་ནད་ལྕི་བའི་རིགས་ཀྱི་ནད་པས་སྨན་བཅོས་འགན་སྲུང་རང་ཉིད་ཀྱིས་དངུལ་སྤྲོད་པ་མེད་པར་བཏང་བ།

སྔོན་གྱི་མི་དར་མར་ལོ་རེར་སྒོར25དང་བྱིས་པ་ལ་ལོ་རེར་སྒོར8ཡིན་པའི་ཚད་གཞི་མེད་པར་བཏང་ལ་ནད་པ་ལྕི་མོས་ལོ་གཅིག་གི་འགན་སྲུང་སྒོར་ཁྲི33ནས་ཁྲི40ལ་འཕར།  

16. བདག་ཉར་ཐོ་འགོད་འགྲོ་གྲོན་མེད་པར་བཏང་བ།

17.དཔྱད་རྩོམ་ཕབ་ལེན་གྱི་གྲོན་དངུལ་མེད་པར་བཟོས་པ།


18.མཁའ་འགྲུལ་འབར་སྣུམ་གྱི་ཟུར་སྣོན་གྲོན་དངུལ་ཕྱོགས་ཡོངས་ནས་མེད་པར་བཏང་བ།

19.མེ་འཁོར་ཤར་གཏོང་མ་བྱས་གོང་གི་ཉིན15སྔོན་དུ་པ་སེ་རིན་མེད་ཀྱིས་ཕྱིར་སློག་ཆོག

20. ཐག་རིང་གི་རེས་འཁོར་༼རླངས་འཁོར་ཆེ་བ༽པ་སེ་བོར་སོང་བ་རིན་མེད་ཀྱིས་གསབ་སྒྲུབ་བྱས་ཆོག

ལོ་ཙཱ་བ།ལྷ་ཆེན་རྒྱལ།