སེམས་ཤུགས་ཆེན་པོས་ན་གཞོན་ཚོའི་མི་རིགས་མཐུན་སྒྲིལ་སློབ་གསོའི་བྱ་བ་བསྒྲུབས།

མི་རིགས་ས་ཁུལ་གྱི་ན་གཞོན་རྣམས་ནི་མི་རིགས་སོ་སོས་མཉམ་དུ་མཐུན་སྒྲིལ་ཧུར་བརྩོན་དང་དར་རྒྱས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་བའི་ནུས་ཤུགས་ཆེན་པོ་ཞིག་ཡིན།དེ་བས་སློབ་གྲྭ་ནི་མི་སྐྱོང་བའི་གལ་ཆེའི་བྱེད་སྒོ་སྤེལ་ཡུལ་ཞིག་ཡིན་པའི་ཆ་ནས་ན་གཞོན་ཚོའི་མི་རིགས་སློབ་གསོའི་བྱ་བ་དེ་ཕྱོགས་གང་ཐད་ནས་ལྷག་ཏུ་ལག་བསྟར་དོན་འཁྱོལ་ཡོང་བར་བྱེད་དགོས། 

མི་རིགས་ས་ཁུལ་དུ་ན་གཞོན་ཚོའི་མི་རིགས་མཐུན་སྒྲིལ་སློབ་གསོ་གཙོར་བཟུང་བའི་བྱ་འགུལ་སྤེལ་ན་མི་སེམས་གཅིག་བསྡུ་དང་མཐུན་སྒྲིལ་ཇེ་དམ་དུ་གཏོང་ཐུབ།དེ་བས་སློབ་གསོའི་བྱ་འགུལ་དེ་ན་གཞོན་ཚོའི་མི་རིགས་སློབ་གསོའི་ཆ་ཤས་སུ་འཇོག་པ་དང་།དེས་རིགས་སོ་སོའི་ན་གཞོན་ཕན་ཚུན་འབྲེལ་འདྲིས་བྱེད་སའི་གར་སྟེགས་བསྐྲུན་པར་ཕན་ལ།རིགས་སོ་སོའི་ན་གཞོན་ཕན་ཚུན་ལ་རྒྱུས་ལོན་དང་བརྩི་བཀུར།བཟོད་སྒོམ་དང་རོལ་མྱོང་།རོགས་རམ་བྱེད་པར་སྐུལ་འདེད་གཏོང་ཐུབ།

ཉེ་ལམ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་མི་རིགས་སློབ་འབྲིང་གསུམ་པས་སློབ་གྲྭའི་བྱ་འགུལ་སྤེལ་སྐབས།ཧུར་ཐག་གིས་སྣ་འཛོམས་རང་བཞིན་གྱི་སློབ་རའི་རིག་གནས་བྱ་འགུལ་སྤེལ་ཏེ་མཉམ་འབྲེལ་གཙིགས་སུ་འཛིན་པ་དང་དཔེ་མཚོན་ཅན་འཛུགས་པ།བྱ་བ་དང་གྲུབ་འབྲས་ལ་སྐུལ་འདེད་གཏོང་བ་དེ་ཁ་བྱང་གཙོ་བོའི་ཕྱོགས་ནས་མི་རིགས་མཐུན་སྒྲིལ་སྐོར་གྱི་གློག་བརྙན་འཕྲིན་ཞིག་ལ་བལྟས་པ་བརྒྱུད་མི་རིགས་མཐུན་སྒྲིལ་སྐོར་གྱི་གླེང་མོལ་ཚོགས་འདུ་ཚོགས་པ་དང་།མི་རིགས་མཐུན་སྒྲིལ་བརྗོད་བྱར་བྱས་པའི་རིག་རྩལ་སྤྲོ་ཚོགས་སོགས་ཁྱད་ཆོས་ལྡན་པའི་བྱ་འགུལ་ཁག་བརྒྱད་ལྷག་སྤེལ་ནས།སློབ་གྲྭའི་མཐུན་སྒྲིལ་དང་ཧུར་ལེན་གྱི་སྙིང་སྟོབས་དེ་ཕྱིར་མངོན་པར་བྱས།

བྱ་འགུལ་ཁྲོད།ཡུལ་ཤུལ་གྲོང་ཁྱེར་མི་རིགས་སློབ་འབྲིང་གསུམ་པས་ཡིད་ཆེས་བརྟན་པོ་དང་བརྩེ་སེམས་ཀྱིས་སྣེ་ཁྲིད་དེ།དུས་རྒྱུན་གྱི་བྱ་བ་གཙིགས་སུ་བཟུང་བ་དང་སེམས་དང་སེམས་པ་འདྲེས་པ་གཙོར་བཟུང་བ།བྱ་འགུལ་སྣ་ཚོགས་སྤེལ་བ་བརྒྱུད་དགེ་སློབ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་དང་མི་རིགས་སོ་སོའི་མཐུན་སྒྲིལ་གྱི་དར་ཆ་མཐོ་རུ་འདེག་པར་སྐུལ་སློང་བྱས་ནས་སློབ་གྲྭའི་མི་རིགས་མཐུན་སྒྲིལ་ལས་དོན་བདེ་འཇགས་ངང་འཕེལ་རྒྱས་འབྱུང་བར་སྐུལ་འདེད་བྱས།

ན་གཞོན་ཚོའི་མི་རིགས་མཐུན་སྒྲིལ་སློབ་གསོའི་བྱ་བ་སྤེལ་སྐབས་སློབ་གྲྭ་སོ་སོས“མི་རིགས་མཐུན་སྒྲིལ་གྱི་ཟླ་བ”ཡི་གོ་སྐབས་དང་བསྟུན་ནས།མི་རིགས་མཐུན་སྒྲིལ་དང་འབྲེལ་བའི་སློབ་གསོའི་བྱ་འགུལ་སྤེལ་བ་སྟེ།ཆུང་འབྲིང་སློབ་མར་མི་རིགས་མཐུན་སྒྲིལ་སྐོར་གྱི་ཤེས་བྱ་འགྲན་བསྡུར་དང་དབུལ་སྐྱོར་རོགས་རེས་བྱེད་པའི་བྱ་འགུལ་སྤེལ་ནས་དགེ་སློབ་གཉིས་ཀྱི་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་ཇེ་མཐོར་གཏོང་དགོས།

སློབ་རའི་རིག་གནས་བྱ་འགུལ་འདི་དག་སྤེལ་བ་བརྒྱུད་ད་དུང་མི་རིགས་མཐུན་སྒྲིལ་རྒྱུ་ཆར་བྱས་པའི་རིག་རྩལ་བརྩམས་ཆོས་ལྟ་བུའམ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སློབ་དེབ་རྩོམ་སྒྲིག་བྱེད་པ་དང་།ཡང་ན་དེའི་སྐོར་གྱི་ཚགས་པར་དང་བརྙན་ཐུང་སོགས་བཟོ་བ་དང་།བྱ་འགུལ་འདི་དག་སྤེལ་བ་བརྒྱུད་རིགས་སོ་སོའི་སློབ་མས་ཕུན་ཚོགས་སྣ་འཛོམས་ཀྱི་ལག་ལེན་ཁྲོད་ནས་མི་རིགས་སོ་སོར་རྒྱུས་ལོན་ཡང་དག་ཅིག་བྱེད་པ་དང་མི་རིགས་མཐུན་སྒྲིལ་སྐོར་ལ་སྐུལ་འདེད་གཏོང་དགོས།