ཕོ་བྲང་པོ་ཏ་ལར་སྐུ་དཀར་གསོལ་བའི་དུས་སུ་སླེབས་པ།

འཛམ་གླིང་གི་ཤུལ་བཞག་རིག་གནས་གྲས་སུ་གཏོགས་པའི་ཕོ་བྲང་པོ་ཏ་ལར་ལོ་གཅིག་ལ་ཐེངས་གཅིག་གི་སྐུ་དཀར་གསོལ་བའི་དུས་སུ་སླེབས་པ་དང་།  སྤྱི་ཚེས25ཉིན་ནས་སྐུ་དཀར་གསོལ་འགོ་ཚུགས་ཡོད།  བོད་ལྗོངས་ས་ཕྱོགས་ཁག་ནས་ཕེབས་པའི་དད་ལྡན་མང་ཚོགས་མང་པོ་ཞིག་རང་འགུལ་ངང་འདུ་འཛོམས་བྱས་ནས།  ལས་དོན་མི་སྣའི་བཀོད་སྒྲིག་འོག་ཉིན་བཅུ་ཙམ་རིང་དུ་ཕོ་བྲང་གི་གྱང་ངོས་དང་མཆོད་རྟེན་སོགས་ལ་ཁྱོན་ཡོངས་ནས་སྐུ་དཀར་གསོལ་ཏེ།  གང་མགྱོགས་ཀྱིས་སྐྱེ་བོ་ཀུན་གྱི་མིག་ལམ་དུ་ཕོ་བྲང་གི་རྣམ་པ་གསར་རྐྱང་ཞིག་མངོན་ཐུབ་རྒྱུ་རེད།།