གཙང་གསུམ་འགོ་ཁུངས་དེ་འཛམ་གླིང་གི་གསའ་ཆེས་མང་ཞིང་འཕེལ་ཚད་ཆེས་མགྱོགས་པའི་ས་ཁོངས་སུ་གཏོགས་ཞེས་ཁས་ལེན་གནང་འདུག

ཟླ༡༠བའི་ཚེས༢༧ཉིན་ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་འཕྲིན། གསར་འགོད་པས་གཙང་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་ལས་རྨ་འབྲིའི་འགོ་ཁུངས་ཀྱི་ཆུ་དམར་ལེབ་དོ་དམ་ཁྲུའུ་ནས་ཤེས་གསལ་ལྟར་ན། ཟླ༩བའི་ཚེས༢༠ཉིན་གྱི་ཚུན་ལ། དོ་དམ་ཁྲུའུ་དེས་གསའ་ལྟ་རྟོག་ཚད་ལེན་རུ་ཁག་བཙུགས་ཏེ། ཆུ་དམར་ལེབ་རྫོང་མངའ་ཁོངས་ནས་སྔ་གཞུག་ཏུ་གསའ་བཅུ་བརྙན་པར་དུ་ཕབ་ཡོད་པ་རེད།

ཆུ་དམར་ལེབ་རྫོང་དོ་དམ་ཁྲུའུ་སྣོད་བཅུད་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་དོ་དམ་ཅུས་ཀྱི་ཅུས་ཀྲང་ཀ་ཐ་ཡིས་ངོ་སྤྲོད་ལྟར་ན།  གསའ་ལ་རྒྱུས་ལོན་དང་སྲུང་སྐྱོང་ཡག་པོ་བྱེད་ཤེས་ཕྱིར་དུ་ཅུས་དེས་ཟླ༩བའི་ཚེས༢༠ཉིན་ལ་འབྲོག་པ་༦༠ཡི་གྲུབ་པའི་གསའ་ལྟ་ཞིབ་ཚད་ལེན་རུ་ཁག་ཅིག་བཙུགས་པའི་ཐོག ཚད་ལེན་བྱེད་ས༥བཀོད་སྒྲིག་བྱས་ནས་ཆུ་དམར་ལེབ་རྫོང་རྨ་འབྲི་འབབ་རྒྱུད་དུ་གསའ་ཡི་རྐང་རྗེས་བཙལ་བ་ཡིན། རྐང་རྗེས་འཚོལ་བ་ནི་དེ་འདྲའི་ལས་སླ་བོ་ཞིག་ག་ལ་ཡིན་གྱི། ཟླ་གཅིག་རིང་ལ་ང་ཚོས་དམར་ཕྱིའི་པར་ཆས་ལྔ་དང་རུ་མི་སོ་སོས་རྐང་རྗེས་འཚོལ་འདེད་བྱས་མཐར། སྔ་གཞུག་ཏུ་གསའ་༡༠རྙེད་ཅིང་། དེ་ལས་པར་གསུམ་དམར་ཕྱིའི་པར་ཆས་ཀྱིས་བླངས་པ་དང་། ལྷག་མ་བདུན་པོ་རུ་མིས་ཁ་པར་དང་པར་ཆས་ཀྱིས་བླངས་པ་ཡིན། ཟླ་གཅིག་རིང་གི་ལྟ་ཞིབ་ཚད་ལེན་ལ་གཞིགས་ན།  ཆུ་དམར་ལེབ་རྫོང་མངའ་ཁོངས་ཀྱི་རྨ་འབྲིའི་འགོ་ཁུངས་ནི་གསའ་འགུལ་སྐྱོད་ཅུང་མང་པའི་ས་ཁོངས་ཡིན་པའི་སྡོམ་ཞིག་གྲུབ་ཡོད་པ་འདིས་ཕྱིན་ཆད་ང་ཚོས་མུ་མཐུད་ནས་འཚོལ་ཞིབ་བྱེད་པར་གདེང་ཚོད་ཆེན་པོ་ཞིག་བསྩལ་ཡོད་ཟེར།

ཉེ་བའི་ལོ་ཚུན་ལ། སྣོད་བཅུད་ལེགས་འགྱུར་དང་སྤྱི་ཚོགས་སྲུང་སྐྱོང་ནང་ཞུགས་ཀྱི་སྲོལ་བཟང་བོ་ཞིག་ཆགས་པར་བརྟེན། གཙང་གསུམ་འགོ་ཁུངས་ས་ཁུལ་གྱི་གསའ་ཁྱུའི་རིགས་འཕར་ཚད་གཏན་འཇགས་ཡིན་པ་རེད། ལྷག་པར་ཉེ་དུས་ཀྱི་འཛམ་གླིང་གསའ་སྐོར་གྱི་དབུ་ཚོགས་སྐབས་གཉིས་འཚོགས་པའི་སྟེང་དུ། རི་དྭགས་གསའ་ཡི་ལས་རིགས་ཡོངས་ནས་མཚོ་སྔོན་ལྷོ་རྒྱུད་དུ་ཆགས་པའི་གཙང་གསུམ་འགོ་ཁུངས་དེ་འཛམ་གླིང་གི་གསའ་ཆེས་མང་ལ་ཁྱུ་གྲངས་འཕེལ་ཚད་ཆེས་མགྱོགས་པའི་མངའ་ཁོངས་གྲས་སུ་གཏོགས་ཞེས་ཁས་ལེན་གནང་འདུག །   

ལོ་ཙཱ་བ། ཁོན་ཐར་འཚོ།