རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་ཡུན་ནད་འགོག་བཅོས་ཀྱི་འཆར་འགོད(2017—2025ལོ)དཔར་འགྲེམ་བརྡ་སྦྱོར།

རྒྱལ་གཞུང་སྤེལ〔2017〕ཡིག་ཨང12པ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱིས་ཀྲུང་གོའི་ཡུན་ནད་འགོག་བཅོས་ཀྱི་དུས་ཡུན་རིང་འབྲིང་གི་འཆར་འགོད(2017—2025ལོ)དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་སོ་སོའི་མི་དམངས་སྲིད་གཞུང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུ་སོ་སོ་དང་ཐད་གཏོགས་ལས་ཁུངས་སོ་སོ་བཅས་ལ།

<<རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་ཀྲུང་གོའི་ཡུན་ནད་འགོག་བཅོས་ཀྱི་དུས་ཡུན་རིང་འབྲིང་གི་འཆར་འགོད(2017・2025ལོ)>>རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡིད་འཐད་ཐོབ་ཟིན། ད་ལྟ་ཁྱོད་ཚོར་དཔར་འགྲེམ་བྱས་པ་བཞིན་ནན་ཏན་སྒོས་ལག་བསྟར་མཐིལ་ཕྱིན་བགྱི་དགོས།                                   

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན།

2017ལོའི་ཟླ1པའི་ཚེས22ཉིན།

ཀྲུང་གོའི་ཡུན་ནད་འགོག་བཅོས་ཀྱི་དུས་ཡུན་རིང་འབྲིང་གི་འཆར་འགོད།(2017—2025ལོ)ཡུན་ནད་འགོག་བཅོས་ཀྱི་བྱ་བར་ཤུགས་སྣོན་པ་དང་། ནད་རིགས་ཀྱི་འགན་ཁུར་ཇེ་དམའ་རུ་གཏོང་བ། སྡོད་དམངས་ཀྱི་བདེ་ཐང་དང་རེ་སྨོན་ཚེ་ཚད་མཐོ་རུ་གཏོང་བ། འབད་བརྩོན་ཆེན་པོའི་ངང་ནས་ཕྱོགས་ཡོངས་དང་དུས་འཁོར་ཡོངས་ནས་མི་དམངས་ཀྱི་བདེ་ཐང་ལ་འགན་ལེན་བྱེད་ཆེད། ォ“བདེ་ཐང་ཀྲུང་གོ2030”ཡི་འཆར་འགོད་རྩ་གནད サལྟར་འཆར་འགོད་འདི་གཏན་འབེབས་བྱས།

གཅིག འཆར་འགོད་ཀྱི་རྒྱབ་ལྗོངས།

འཆར་འགོད་འདིའི་ནང་ཡུན་ནད་ཅེས་བའི་ཁོངས་སུ་གཙོ་བོ་སྙིང་ཀླད་རྩའི་ནད།  འབྲས་སྐྲན།  འབྱིན་རྔུབ་མ་ལག་གི་ཡུན་ནད། གཅིན་སྙིའི་ནད་དང་ཁ་སྦུག་གི་ནད། ད་དུང་གསང་རྒྱུད་ཟགས་གཤེར། མཁལ་མ།  རུས་ཀྲང་། དབང་རྩ་སོགས་ཀྱི་ནད་རིགས་འདུ། ཡུན་ནད་ནི་རང་རྒྱལ་སྡོད་དམངས་ཀྱི་བདེ་ཐང་ལ་འཇིགས་སྐུལ་ཚབས་ཆེན་བཟོ་བའི་ནད་རིགས་ཞིག་ཡིན།  རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ངན་ཤུགས་ཐེབས་པས་སྤྱི་པའི་གཙང་སྦྲ་གནད་དོན་ཆེན་པོ་ཞིག་ཏུ་གྱུར་ཡོད། ཡུན་ནད་ཀྱི་བྱུང་བ་དང་དར་ཁྱབ་ནི་དཔལ་འབྱོར་དང་སྤྱི་ཚོགས། མི་འབོར།  བྱ་སྤྱོད།  ཁོར་ཡུག་སོགས་ལ་འབྲེལ་བ་ཟབ་མོ་ཡོད།  རང་རྒྱལ་གྱི་བཟོ་ལས་ཅན་དང་གྲོང་རྡལ་ཅན།  མི་འབོར་རྒན་རྒོན་ཅན་དུ་འགྱུར་བའི་འགྲོས་ཚད་ཇེ་མགྱོགས་སུ་སོང་བ་དང་བསྟུན་ནས། སྡོད་དམངས་ཀྱི་འཚོ་བ་རོལ་སྟངས།  སྐྱེ་ཁམས་ཁོར་ཡུག  ཟས་རིགས་བདེ་འཇགས་སོགས་ཀྱི་བདེ་ཐང་ལ་ཐེབས་པའི་གནོད་པ་རིམ་གྱིས་གསལ་བོར་མངོན་པ་དང་། ཡུན་ནད་འཕར་བའམ་ཕོག་པ་དང་འཆི་བའི་མི་གྲངས་མཚམས་མེད་འཕར་བས། མང་ཚོགས་ཀྱི་ཡུན་ནད་ནད་རིགས་ཀྱི་ཁུར་བོ་ཉིན་རེ་བཞིན་ལྕི་རུ་ཕྱིན།  ཡུན་ནད་ཀྱི་ཤུགས་རྐྱེན་རྒྱུ་རྐྱེན་ལ་ཕྱོགས་བསྡུས་རང་བཞིན་དང་རྙོག་འཛིང་རང་བཞིན་ལྡན་པས་འགོག་བཅོས་ལས་འགན་ལ་ཡུན་རིང་རང་བཞིན་དང་དཀའ་ཚེགས་རང་བཞིན་ལྡན་པ་གཏན་འཁེལ་བྱས་ཡོད།

ཉེ་ལམ་ལོ་ཤས་རིང་ལ། ས་གནས་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ནན་ཏན་གྱིས་མཐར་ཕྱིན་དོན་ཐོག་ཏུ་འཁྱོལ་བར་བྱེད་དེ།  གསོ་སྨན་འཕྲོད་བསྟེན་ལམ་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱས་པ་དང་།  ཁོར་ཡུག་བཅོས་་སྒྲིག་དང་རྡོ་ཐ་ཚོད་འཛིན།  ལུས་རྩལ་སྦྱོང་བརྡར་དང་འཚོ་བཅུད་ལེགས་བཅོས་སོགས་ཀྱི་ལས་ཀ་ཤུགས་ཆེན་པས་སྐུལ་སྤེལ་བྱས་པས། ཡུན་ནད་ཕྱོགས་བསྡུས་འགོག་བཅོས་ལས་ཀའི་རྐྱེན་སྲོལ་དང་འགོག་བཅོས་ཞབས་ཞུ་དྲ་རྒྱ་ཕལ་ཆེར་གྲུབ་ཡོད།  ཡུན་ནད་འགོག་བཅོས་བྱེད་པའི་ལས་དོན་ལ་སྤྱི་ཚོགས་ལས་རིགས་ཁག་གིས་དོ་ཁུར་ཚད་མཐོ་བྱེད་ཀྱིན་ཡོད་ལ།  བདེ་ཐང་རྒྱབ་སྐྱོར་རང་བཞིན་གྱི་ཁོར་ཡུག་ལ་རྒྱུན་མཐུད་ངང་ལེགས་བཅོས་བྱས་པ་དང་། མང་ཚོགས་ཀྱི་བདེ་ཐང་བྱང་ཚད་རིམ་གྱིས་མཐོར་འདེགས་བཏང་བས། ཡུན་ནད་འགོག་བཅོས་ཀྱི་དུས་ཡུན་རིང་འབྲིང་གི་འཆར་འགོད་གཏན་འབེབས་དང་ལག་བསྟར་བྱེད་པར་རྨང་གཞི་གལ་ཆེན་བཏིང་ཡོད།  

གཉིས།  སྤྱིའི་བླང་བྱ།

(གཅིག)མཛུབ་སྟོན་བསམ་བློ།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། ལྔ་བ། དྲུག་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་གསར་བ་བསམ་བློ་གསར་བ་དང་འཐབ་ཇུས་གསར་བ་བཅས་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ནན་ཏན་གྱིས་དོན་བྱེད་པ།  “སྣ་ལྔ་གཞི་གཅིག”གི་སྤྱི་ཁོག་བཀོད་པ་གཅིག་གྱུར་གྱི་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་པ་མཐུན་སྦྱོར་ངང་སྐུལ་འདེད་བྱེད་དེ། གསར་གཏོད་དང་མཐུན་སྦྱོར། ཞི་མཐུན། སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་བསྟར་མཐར་ཕྱིན་བྱས་ཅིང་། ཡང་དག་པའི་འཕྲོད་བསྟེན་དང་བདེ་ཐང་ལས་ཀའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་དེ། མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་རྒྱུར་ལྟེ་བར་འཛིན་པ་དང་། གསོ་སྨན་འཕྲོད་བསྟེན་ལམ་སྲོལ་བཅོས་གཏིང་ཟབ་དུ་སྤེལ་བ་སྒུལ་ཤུགས་བྱེད་པ། ཡུན་ནད་ཀྱི་ཉེན་ཁའི་རྒྱུ་རྐྱེན་ཚོད་འཛིན་དང་བདེ་ཐང་རྒྱབ་སྐྱོར་རང་བཞིན་གྱི་ཁོར་ཡུག་འཛུགས་སྐྲུན་བྱེད་པ་གཙོ་གནད་དུ་འཛིན་པ། བདེ་ཐང་སྐུལ་འདེད་དང་བདེ་ཐང་དོ་དམ་བྱེད་པ་ཐབས་་ཤས་བྱས་ཏེ། དམངས་ཡོངས་ཀྱི་བདེ་ཐང་རྒྱུ་སྤུས་ཇེ་མཐོར་གཏོང་བ་དང་། ཉེན་ཆེ་མི་ཚོགས་ཀྱི་ནད་ཕོག་ཉེན་ཁ་ཇེ་དམའ་རུ་གཏོང་བ། ནད་པའི་འཚོ་གནས་སྤུས་ཚད་ཇེ་མཐོར་གཏོང་བ། སྔོན་འགོག་ཐུབ་པའི་ཡུན་ནད་ཀྱི་ནད་ཕོག་པ་དང་འཆི་བ། དབང་སྐྱོན་ཇེ་ཉུང་དུ་བཏང་སྟེ།  ནད་བཅོས་ལྟེ་བར་འཛིན་པ་དེ་བདེ་ཐང་ལྟེ་བར་འཛིན་པའི་ཕྱོགས་སུ་སྒྱུར་དགོས་ཞིང་།  མི་ཚེ་ཧྲིལ་བོའི་བདེ་ཐང་ལ་སྐུལ་འདེད་དང་སྡོད་དམངས་ཀྱི་བདེ་ཐང་རེ་སྨོན་ཚེ་ཚད་ཇེ་མཐོར་གཏང་སྟེ། བདེ་ཐང་ཀྲུང་གོའི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས།

(གཉིས།)གཞི་རྩའི་རྩ་དོན།

གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་རྒྱུན་འཁྱོངས་བྱེད་དགོས།  ཐོན་ཁུངས་སོ་སོར་གཅིག་གྱུར་འཆར་འགོད་བྱེད་པ་དང་། སྲིད་གཞུང་གིས་གཙོ་ཁྲིད་དང་སྡེ་ཁག་གིས་མཉམ་ལས། སྤྱི་ཚོགས་ལ་སྐུལ་སློང་།  དམངས་ཡོངས་ཐེ་ཞུགས་བྱེད་པའི་ཡུན་ནད་ཕྱོགས་བསྡུས་ཀྱི་འགོག་བཅོས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། སྲིད་ཇུས་ཚང་མའི་ཁྲོད་དུ་བདེ་ཐང་གི་ནང་དོན་འདྲེས་སུ་འཇུག་པ་དང་།  སྤྱི་ཚོགས་དང་མི་སྒེར་སོ་སོར་འགོག་བཅོས་བྱ་བར་ཞུགས་པའི་བརྩོན་སེམས་སྐུལ་སློང་བྱེད་དེ་ཡུན་ནད་འགོག་བཅོས་ལ་ཕན་པའི་སྤྱི་ཚོགས་ཁོར་ཡུག་ཅིག་སྐྲུན་དགོས།

མཉམ་འཛུགས་དང་མཉམ་སྤྱོད་རྒྱུན་འཁྱོངས་བྱེད་དགོས།  “མི་བུ་སོ་སོར་ནི་རང་ཉིད་ཀྱི་བདེ་ཐང་ལ་འགན་འཁུར་མཁན་དང་པོ་དེ་ཡིན། ” ཞེས་པའི་འདུ་ཤེས་དར་སྤེལ་དུ་གཏོང་བ་དང་། མང་ཚོགས་ལ་བདེ་ཐང་གི་སྤྱོད་ཚུལ་དང་འཚོ་བ་རོལ་སྟངས་ཆགས་པར་་སྐུལ་སྤེལ་བྱེད་དགོས། རང་སྒེར་གཙོར་འཛིན་དང་མིའི་བར་རོགས་རེས། སྤྱི་ཚོགས་ཀྱིས་རྒྱབ་སྐྱོར། སྲིད་གཞུང་གིས་མཛུབ་སྟོན་བྱེད་པའི་བདེ་ཐང་དོ་དམ་མ་དཔེ་འཛུགས་སྐྱོང་བྱེད་པ་དང་། བདེ་ཐང་སློབ་གསོ་དང་བདེ་ཐང་སྐུལ་སྤེལ་མི་ཚེ་ཧྲིལ་བོར་ཁྱབ་པར་བྱས་ཏེ། མི་ཚང་མ་ཞུགས་ཐུབ་པ་དང་མི་ཚང་མས་ཤུགས་འདོན་པ། མི་ཚང་མས་ལོངས་སུ་སྤྱོད་པར་སྐུལ་འདེད་བྱེད་དགོས།

སྔོན་འགོག་གཙོར་འཛུན་པ་རྒྱུན་འཁྱོངས་བྱེད་དགོས། བྱ་སྤྱོད་དང་ཁོར་ཡུག་གི་ཉེན་ཁའི་རྒྱུ་རྐྱེན་ཚོད་འཛིན་པར་ཤུགས་སྣོན་པ་དང་། ཡུན་ནད་ལ་དུས་སྔ་མོ་ནས་འཚག་བཤེར་དང་ཤེས་རྟོགས་བྱེད་པར་ཤུགས་བསྣན་ཏེ། ནད་རིགས་སྨན་བཅོས་དེ་བདེ་ཐང་དོ་དམ་གྱི་ཕྱོགས་སུ་སྒྱུར་བ་སྐུལ་འདེབས།  སྨན་བཅོས་དང་སྔོན་འགོག་མཉམ་སྒྲུབ་བྱེད་པར་ཤུགས་བསྣན་པ་དང་ཀྲུང་སྨན་དང་ཕྱི་སྨན་གཉིས་ཀར་གཙིགས་སུ་འཛིན་པ་རྒྱུན་འཁྱོངས་བྱེད་དེ། སྡོད་དམངས་ལ་དྲང་སྙོམས་ཡིན་ཞིང་རེག་ཐུབ་པ་དང་མ་ལག་ཚང་ཞིང་རྒྱུན་ཐུབ་པ་མ་ཟད། སྔོན་འགོག་དང་སྨན་བཅོས། ཁམས་སོས། བདེ་ཐང་སྐུལ་སྤེལ་སོགས་གཞི་གཅིག་ཅན་གྱི་ཡུན་ནད་འགོག་བཅོས་ཞབས་ཞུ་འདོན་སྤྲོད་བྱེད་དགོས།

རིགས་དབྱེ་ནས་མཛུབ་སྟོན་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། ས་ཁུལ་མི་འདྲ་བ་དང་མི་ཚོགས་མི་འདྲ་བའི་ཡུན་ནད་ཁྱབ་ཚུལ་གྱི་ཁྱད་ཆོས་དང་འགོག་བཅོས་དགོས་མཁོ་ལྟར། དམིགས་གཏད་ཡོད་པའི་སྒོ་ནས་འགོག་བཅོས་དམིགས་ཡུལ་དང་ཐབས་ཇུས་གཏན་འབེབས་བྱེད་པ་དང་། སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་གོ་འཕེར་ལག་བསྟར་བྱེད་དགོས།     རྒྱལ་ཁབ་ཀྱི་ཡུན་ནད་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་དཔེ་སྟོན་ཁུལ་གྱི་དཔེ་མཚོན་དང་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དེ། ས་ཁུལ་སོ་སོའི་ཡུན་ནད་འགོག་བཅོས་ཆུ་ཚད་མཐོ་རུ་གཏོང་དགོས།

(གསུམ།) འཆར་འགོད་དམིགས་ཚད།

2020ལོར་སླེབས་ཚེ་ཡུན་ནད་སྔོན་འགོག་དང་ཚོད་འཛིན་ཁོར་ཡུག་མངོན་གསལ་གྱིས་ཇེ་ལེགས་སུ་འགྱུར་བ་དང་། ཡུན་ནད་ཀྱིས་བཟོས་པའི་དུས་མིན་འཆི་ཚད་ཇེ་ཉུང་དུ་བཏང་སྟེ།  ལོ30-70ཅན་གྱི་མི་ཚོགས་སྙིང་ཀླད་རྩའི་ནད་དང་སྐྲན་ནད། འབྱིན་རྔུབ་མ་ལག་གི་ཡུན་ནད། གཅིན་སྙིའི་ནད་བཅས་ཀྱི་རྐྱེན་ལས་བྱུང་བའི་དུས་མིན་འཆི་ཚད2015ལོ་དང་བསྡུར་ན10%ཇེ་དམའ་རུ་གཏོང་བ་བརྩོན་ལེན་བྱ་དགོས། 2025ལོར་སླེབས་ཚེ། ཡུན་ནད་ཀྱི་ཉེན་ཁའི་རྒྱུ་རྐྱེན་ལ་ཚོད་འཛིན་ནུས་ལྡན་ཐོན་པ་དང་མི་ཚོགས་ཡོངས་ཀྱི་མི་ཚེ་ཧྲིལ་བོའི་བདེ་ཐང་དོ་དམ་མངོན་འགྱུར་བྱེད་ནས།  ལོ30-70ཅན་གྱི་མི་ཚོགས་ཀྱི་སྙིང་ཀླད་རྩའི་ནད་དང་སྐྲན་ནད། འབྱིན་རྔུབ་མ་ལག་གི་ཡུན་ནད། གཅིན་སྙིའི་ནད་བཅས་ཀྱི་རྐྱེན་ལས་བྱུང་བའི་དུས་མིན་འཆི་ཚད2015ལོ་དང་བསྡུར་ན20%ཇེ་དམའ་རུ་གཏོང་བ་བརྩོན་ལེན་བྱ་དགོས། སྡོད་དམངས་ཀྱི་བདེ་ཐང་རེ་སྨོན་ཚེ་ཚད་རིམ་གྱིས་མཐོར་འདེགས་སུ་གཏོང་བ་དང་། ཡུན་ནད་ཀྱི་ནད་རིགས་ལ་ཚོད་འཛིན་ནུས་ལྡན་བྱ་དགོས།

ཀྲུང་གོའི་ཡུན་ནད་འགོག་བཅོས་དུས་ཡུན་རིང་འབྲིང་གི་འཆར་འགོད(2017・2025ལོའི)དམིགས་ཚད་གཙོ་བོ།

དམིགས་ཚད་གཙོ་བོ། གཞི་ཐིག 2020ལོ 2025ལོ ངོ་བོ།

སྙིང་ཀླད་རྩའི་ནད་ཀྱི་ཤི་ཚད།( ཁྲི1/10) ཁྲི241.3/10 10%མར་ཆག 15%མར་ཆག སྔོན་དཔག་རང་བཞིན།

སྤྱིའི་སྐྲན་ནད་ལོ5གསོན་ཚད།  (%) 39.9% 5%ཡར་

འཕེལ། 10%ཡར་འཕེལ། སྔོན་དཔག་རང་བཞིན།

ནད་བྱུང་ཚད་མཐོ་བའི་ས་ཁུལ་གྱི་སྐྲན་ནད་སྔ་བརྟག་སྨན་བཅོས་ཚད།  (%) 48% 55% 60% སྔོན་དཔག་རང་བཞིན།

ལོ70མན་གྱི་མི་ཚོགས་འབྱིན་རྔུབ་མ་ལག་གི་ཡུན་ནད་ཀྱིས་ཤི་ཚད། ( ཁྲི1/10) ཁྲི11.96/10 10%མར་ཆག 15% མར་ཆག སྔོན་དཔག་རང་བཞིན།

ལོ40ཡན་གྱི་སྡོད་དམངས་ཀྱི་གློ་ནུས་བརྟག་ཚད། 7.1% 15% 25% སྔོན་དཔག་རང་བཞིན།

ཁྲག་ཤེད་མཐོ་བའི་ནད་པའི་དོ་དམ་མི་གྲངས།(མི་ཁྲི) 8835 10000 11000 སྔོན་དཔག་རང་བཞིན།

གཅིན་སྙིའི་ནད་པར་ཚད་ལྡན་དོ་དམ་མི་གྲངས། (མི་ཁྲི) 2614 3500 4000 སྔོན་དཔག་རང་བཞིན།

ཁྲག་ཤེད་མཐོ་བ་དང་གཅིན་སྙིའི་ནད་པར་ཚད་ལྡན་དོ་དམ་བྱས་ཚད།(%) 50% 60% 70% སྔོན་དཔག་རང་བཞིན།

ལོ35ཡན་གྱི་སྡོད་དམངས་ཀྱི་ལོ་འཁོར་ནང་ཁྲག་ཚིལ་བརྟག་ཚད།(%) 19.4% 25% 30% སྔོན་དཔག་རང་བཞིན།

ལོ65ཡན་གྱི་རྒན་པར་ཀྲུང་སྨན་བདེ་ཐང་དོ་དམ་བྱས་ཚད། (%) 45% 65% 80% སྔོན་དཔག་རང་བཞིན།

སྡོད་དམངས་ཀྱི་བདེ་ཐང་བྱང་ཚད། (%) 10% 20%ལས་ཆེ་བ། 25% སྔོན་དཔག་རང་བཞིན།

དམངས་ཡོངས་ཀྱི་བདེ་ཐང་འཚོ་བ་རོལ་སྟངས་ཀྱི་འགུལ་སྐྱོད་རྫོང(ཆུས)ཁེབས་ཕྱོད།(%) 80.9% 90% 95% སྔོན་དཔག་རང་བཞིན།

དུས་རྒྱུན་དུ་ལས་རྩལ་སྦྱོང་བརྡར་ནང་ཞུགས་པའི་མི་གྲངས། (མི་དུང་ཕྱུར) 3.6 4.35 5 སྔོན་དཔག་རང་བཞིན།

ལོ15ཡན་གྱི་མི་ཚོགས་ཀྱིས་ཐ་མག་འཐེན་ཚད།(%) 27.7% 25%ནང་ཚུན་དུ་ཚོད་འཛིན་བྱེད་པ། 20%ནང་ཚུན་དུ་ཚོད་འཛིན་བྱེད་པ་། སྔོན་དཔག་རང་བཞིན།

མི་རེའི་ཆ་སྙོམས་ཀྱིས་ཉིན་རེར་ཚྭ་སྤྱོད་ཚད། (ཁེ) 10.5 10%མར་ཆག 15%མར་ཆག སྔོན་དཔག་རང་བཞིན།

རྒྱལ་ཁབ་ཀྱི་ཡུན་ནད་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་དཔེ་སྟོན་ཁུལ་གྱི་ཁེབས་ཕྱོད། (%) 9.3% 15% 20% སྔོན་དཔག་རང་བཞིན།

གསུམ།   ཐབས་ཇུས་དང་བྱེད་ཐབས།

(གཅིག)བདེ་ཐང་སློབ་གསོར་ཤུགས་བསྣན་ནས་དམངས་ཡོངས་ཀྱི་བདེ་ཐང་བྱང་ཚད་མཐོ་རུ་གཏོང་དགོས།

1. ཡུན་ནད་འགོག་བཅོས་ཀྱི་སློབ་གསོ་དམངས་ཡོངས་ལ་སྤེལ་དགོས། བདེ་ཐང་སློབ་གསོའི་མ་ལག་འཐུས་ཚང་འཛུགས་པ་དང་། བདེ་ཐང་གི་ཚན་རིག་ཤེས་བྱ་ཁྱབ་གདལ་བཏང་སྟེ། མང་ཚོགས་ལ་ཡང་དག་པའི་བདེ་ཐང་གི་ལྟ་བ་ཆགས་པར་སློབ་གསོ་དང་ཁྲིད་སྟོན་བྱ་དགོས།  འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་སྡེ་ཁག་གིས་ཆེད་མཁས་རྩ་འཛུགས་བྱས་ནས་ཚན་རིག་དང་མཐུན་ནས་སྤྱོད་གོ་ཆོད་པའི་ཡུན་ནད་འགོག་བཅོས་ཀྱི་ཤེས་བྱ་དང་ཆ་འཕྲིན་ཕྱོགས་སྟོན་སྒྲིག་བཟོ་བྱས་ཏེ། ཆེད་གཉེར་ལས་ཁུངས་ཀྱིས་སྤྱི་ཚོགས་སུ་ཁྱབ་བསྒྲགས་བྱ་དགོས་ཤིང།  ཚུལ་མཐུན་པའི་བཟའ་བཅའ་དང་ཚད་རན་པའི་སྦྱོང་བརྡར།  དུ་ཆང་གཉིས་ཀ་ཚོད་འཛིན།  སེམས་ཁམས་སྙོམས་སྒྲིག་སོགས་བདེ་ཐང་གི་ཚན་རིག་ཤེས་བྱ་རྒྱ་ཁྱབ་ངང་དྲིལ་བསྒྲགས་པ་བྱེད་པ་དང་།  ཡུན་ནད་འགོག་བཅོས་ཀྱི་བདེ་ཐང་ཚན་རིག་ཁྱབ་གདལ་དོ་དམ་ཚད་ལྡན་དུ་གཏོང་དགོས།  གཙོ་རྒྱུག་སྨྱན་བྱད་དང་སྨྱན་བྱད་གསར་བ་བེད་སྤྱོད་གང་ལེགས་བྱེད་དེ་ཡུན་ནད་འགོག་བཅོས་ཀྱི་དྲིལ་བསྒྲགས་སློབ་གསོ་རྣམ་པ་ཚོགས་སྤེལ་བ་དང་། མི་ཚོགས་མི་འདྲ་བའི་ཁྱད་ཆོས་ལྟར་དམིགས་ལྟར་རང་བཞིན་ལྡན་པའི་བདེ་ཐང་དྲིལ་བསྒྲགས་སློབ་གསོ་སྤེལ་དགོས། དམངས་ཡོངས་ཀྱི་བདེ་ཐང་བྱང་ཚད་ལ་སྐུལ་སྤེལ་འགུལ་སྐྱོད་དང་བདེ་ཐང་ཀྲུང་གོ་སྐྱོད་པ་སོགས་ཀྱི་བྱེད་སྒོ་གཏིང་ཟབ་དུ་སྤེལ་ནས། བདེ་ཐང་སློབ་གསོའི་གྲུབ་འབྲས་མཐོ་རུ་འདེགས་དགོས། 2020ལོ་དང་2025ལོར་སླེབས་ཚེ། སྡོད་དམངས་ཀྱིས་ཡུན་ནད་གཙོ་བོའི་གནད་འགག་ཤེས་བྱ་ཤེས་ཚད་སོ་སོར60% དང70%སླེབས་པར་བྱེད་དགོས།

2. བདེ་ཐང་ཡ་རབས་ཀྱི་འཚོ་བ་རོལ་སྟངས་དར་སྤེལ་གཏོང་དགོས།  སྔོན་འགོག་བྱེད་ཐབས་གསར་གཏོད་དང་ཕུན་སུམ་ཚོགས་པ་གཏོང་བ་དང་། ནད་རིགས་གཏན་འགོག་གི་འདུ་ཤེས་ལག་ལེན་མཐར་ཕྱིན་བྱས་ནས། བྱིས་སྐྱོང་ཁང་དང་སློབ་གྲྭ་ཆུང་འབྲིང་གི་འཚོ་བཅུད་དོ་མཉམ། ཁ་སྦུག་བདེ་སྲུང་། མཐོང་ནུས་སྲུང་སྐྱོབ་སོགས་ཀྱི་བདེ་ཐང་ཤེས་བྱ་དང་བྱ་སྤྱོད་སྤེལ་སྟངས་སློབ་གསོར་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ། སྔོན་འགོག་ལས་ཀའི་འགག་སྒོ་སྔོན་དུ་བསྣུར་བ་མངོན་འགྱུར་བྱས་དགོས། ལས་ཁུངས་དང་ཁེ་ལས་ལས་དོན་སྡེ་ཚན་གྱིས་ལུས་གསེང་ལུས་སྦྱོང་དང་ལས་བཟོ་བའི་ལུས་རྩལ་འགྲན་ཚོགས། བདེ་ཐང་གོམ་བགྲོད། བདེ་ཐང་ཤེས་བྱ་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་བར་སྐུལ་མ་གཏོང་། སྡེ(སྡོད) དམངས་ཨུ་ཡོན་ལྷན་ཁང་གིས་རང་འདུན་པ་དང་སྤྱི་ཚོགས་རྩལ་སྦྱོང་ཁྲིད་སྟོན་པ། བདེ་ཐང་འཚོ་བ་རོལ་སྟངས་ཀྱི་ཁྲིད་སྟོན་པ་སོགས་རྩ་འཛུགས་བྱེད་པར་བརྟེན་ནས། མང་ཚོགས་ཀྱིས་རང་ཉིད་ཀྱི་བདེ་ཐང་ལ་དོ་དམ་བྱེད་པར་ཚན་རིག་དང་མཐུན་པའི་མཛུབ་སྟོན་བྱ་དགོས། ནད་མ་བྱུང་གོང་དུ་་སྔོན་འགོག་བྱེད་པའི་ཀྲུང་སྨན་གྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་དེ། ཟུངས་གསོ་ལས་སྦྱོང་བྱེད་ཐབས་རྒྱ་ཆེའི་ངང་སྤེལ་དགོས། དམངས་ཡོངས་ཀྱི་བདེ་ཐང་འཚོ་བ་རོལ་སྟངས་ཀྱི་འགུལ་སྐྱོད་སྐུལ་སྤེལ་བྱས་པ་དང་།  “འཕྲི་བ་གསུམ་དང་བདེ་ཐང་གསུམ།”(ཚྭ་འཕྲི་བ། སྣུམ་འཕྲི་བ། ཀ་ར་འཕྲི་བ། བདེ་ཐང་གི་ཁ་སྦུག  བདེ་ཐང་གི་ལུས་ལྗིད། བདེ་ཐང་གི་རུས་ཀྲང་། )སོགས་ཀྱི་ཆེད་དམིགས་འགུལ་སྐྱོད་སྤེལ་བ་དང་། བདེ་ཐང་ལ་འཕྲོད་པའི་ལག་རྩལ་དང་རྒྱབ་སྐྱོར་ལག་ཆ་གསར་སྤེལ་དང་ཁྱབ་གདལ་དུ་བཏང་ནས། མང་ཚོགས་ཀྱི་རང་ཉིད་ཀྱི་བདེ་ཐང་སྲུང་སྐྱོབ་དང་སྐུལ་སྤེལ་བྱེད་པའི་ནུས་པ་ཇེ་དྲགས་སུ་གཏོང་དགོས།

ཆེད་བསྒྲིགས་ལེ་ཚན 1    བདེ་ཐང་སློབ་གསོ་དང་བདེ་ཐང་སྐུལ་སྤེལ་གྱི་ལས་གཞི།

དམངས་ཡོངས་ཀྱི་བདེ་ཐང་འཚོ་བ་རོལ་སྟངས་ཀྱི་འགུལ་སྐྱོད་ནི། “འཕྲི་བ་གསུམ་དང་བདེ་ཐང་གསུམ།”(ཚྭ་འཕྲི་བ། སྣུམ་འཕྲི་བ། ཀ་ར་འཕྲི་བ། བདེ་ཐང་གི་ཁ་སྦུག  བདེ་ཐང་གི་ལུས་ལྗིད། བདེ་ཐང་གི་རུས་ཀྲང་།) སོགས་ཀྱི་ཆེད་དམིགས་འགུལ་སྐྱོད།

བདེ་ཐང་སློབ་གསོ་ནི། ཕྱོགས་ཡོངས་ཀྱི་བདེ་ཐང་གི་བྱང་ཚད་སྐུལ་སྤེལ་བྱེད་པའི་འགུལ་སྐྱོད། བདེ་ཐང་ཀྲུང་གོར་སྐྱོད་པའི་བྱེད་སྒོ། བདེ་ཐང་ཁྱིམ་ཚང་འགུལ་སྐྱོད།

(གཉིས།) སྔ་བརྟག་དང་སྔ་བཅོས་ལག་བསྟར་བྱས་ཏེ།  ཉེན་ཆེ་མི་ཚོགས་ལ་ནད་ཕོག་པའི་ཉེན་ཁ་ཇེ་དམའ་རུ་གཏོང་དགོས།

1. ཡུན་ནད་སྔ་ཙམ་ནས་རྟོགས་པར་སྐུལ་སྤེལ་བྱ་དགོས། ཕྱོགས་ཡོངས་ནས་ལོ35ཡན་གྱི་མི་ཚོགས་ལ་ནད་བརྟག་ཐོག་མ་ཁྲག་ཤེད་ཚད་འཇལ་པ་ལག་བསྟར་བྱས་ཏེ། ཁྲག་ཤེད་མཐོ་བའི་ནད་པ་དང་ཉེན་ཆེ་མི་ཚོགས་ཡོད་ན་མགྱོགས་མྱུར་ངང་ཐེ་གཏོགས་མཛུབ་སྟོན་མཁོ་སྤྲོད་བྱ་དགོས། སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དང་ཤང་ངམ་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གིས་ཁྲག་མངར་ཁྲག་ཚིལ་བརྟག་དཔྱད་དང་། ཁ་སྦུག་ནད་འགོག་བདེ་སྲུང་། སྟབས་བདེའི་གློ་ནུས་བརྟག་འཇལ་དང་དྲི་ཆེན་ཁྲག་བཤེར་སོགས་ཀྱི་ཞབས་ཞུ་རིམ་གྱིས་འདོན་སྤྲོད་བྱེད་དགོས། ནད་ཐོག་ངོས་འཛིན་ཐུབ་པ་དང་སྨན་བཅོས་བྱེད་ཐབས་ཡོད་པ། མང་ཚོགས་ཀྱིས་དང་ལེན་ཐུབ་པ། རྒྱལ་ཁབ་ཀྱིས་འགན་འཁུར་ཐུབ་པའི་ནད་རིགས་འཚག་བཤེར་ལག་རྩལ་དག་སྤྱི་པའི་འཕྲོད་བསྟེན་བྱེད་ཐབས་སུ་འགོད་དགོས། ནད་བྱུང་ཚད་མཐོ་བའི་ས་ཁུལ་དང་ཉེན་ཆེ་མི་ཚོགས་ཀྱི་ཁྲོད་དུ་འཇུ་ལམ་འབྲས་སྐྲན་དང་མངལ་ཁའི་འབྲས་སྐྲན་སོགས་གནད་སྨིན་པའི་འཚག་བཤེར་ལག་རྩལ་འཛོམས་པའི་འབྲས་སྐྲན་ལ་སྔ་བརྟག་སྔ་བཅོས་ཀྱི་ལས་ཀ་རིམ་གྱིས་སྤེལ་དགོས།  བདེ་ཐང་ལུས་བཤེར་ལ་ཚད་ལྡན་དོ་དམ་བྱེད་དེ་ཤུགས་སྣོན་པ་དང་།  སློབ་མའི་བདེ་ཐང་ལུས་བཤེར་གྱི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། རྒན་པའི་ལུས་བཤེར་ཁྱབ་གདལ་དུ་གཏོང་བ་དང་། འབྲས་སྐྲན།  ཀླད་གཟའ།  སྙིང་རྩ་རེངས་བ་སོགས་ཀྱི་ཡུན་ནད་ལ་གོ་སྐབས་རང་བཞིན་གྱི་འཚག་བཤེར་བྱེད་པར་སྐུད་འདེད་བྱེད་དགོས། ཁ་སྦུག་གི་བདེ་ཐང་ཞིབ་བཤེར་དེ་རྒྱུན་ལྡན་ལུས་བཤེར་གྱི་གྲས་སུ་འཇོག་པ་དང་།  གློ་ནུས་ཞིབ་བཤེར་དང་རུས་པའི་སྟུག་ཚད་ཞིབ་བཤེར་ལས་གཞི་དེ་ལོ40ཡན་གྱི་མི་ཚོགས་ཀྱི་རྒྱུན་ལྡན་ལུས་བཤེར་གྱི་གྲས་སུ་འཇོག་དགོས།

2.རང་གཤིས་ཅན་གྱི་བདེ་ཐང་ཐེ་གཏོགས་སྤེལ་དགོས། ཆེད་ལས་ཀྱི་སྤྱི་པའི་འཕྲོད་བསྟེན་ལས་ཁུངས་དང་སྨན་བཅོས་ལས་ཁུངས་ལ་བརྟེན་ནས། ཐ་མག་གཅོད་པའི་བློ་འདྲིའི་ཁ་པར་འཛུགས་པ་དང་།  ཐ་མག་གཅོད་པའི་སྒོ་བསྟེན་སྨན་བཅོས་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས་ཏེ་ཐ་མག་གཅོད་པར་ཐེ་གཏོགས་བྱས་པའི་ནུས་པ་མཐོ་རུ་འདེགས་དགོས། རྩལ་སྦྱོང་དང་སྨན་བཅོས་མཉམ་འདྲེས་བྱེད་པར་སྐུལ་སྤེལ་བཏང་སྟེ། ཆ་རྐྱེན་ཡོད་པའི་ལས་ཁུངས་སུ་ལུས་རྩལ་མཛུབ་སྟོན་སྒོ་བསྟེན་སྨན་བཅོས་ཁང་བཙུགས་ཏེ་ལུས་རྩལ་བདེ་ཐང་གི་ཞབས་ཞུ་འདོན་སྤྲོད་བྱེད་དགོས།  སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དང་ཤང་ངམ་གྲོང་རྡལ་འཕྲོད་བསྟེན་ཁང་གིས་ལུས་པོ་ལྗི་དྲགས་པ་དང་རྒྱགས་དྲགས་པ།  ཁྲག་ཤེད་དང་ཁྲག་མངར་མཐོ་བ་དང་ཁྲག་ཚིལ་རྒྱུན་ལྡན་མིན་པ་སོགས་ཀྱི་ཡུན་ནད་ཉེན་ཆེ་མི་ཚོགས་ལ་ནད་ཕོག་པའི་ཉེན་ཁ་དཔྱད་དཔོག་དང་ཐེ་གཏོགས་མཛུབ་སྟོན་རིམ་གྱིས་སྤེལ་བ་དང་། བཟའ་བཅའ་དོ་མཉམ་དང་ལུས་ཕུང་སྦྱོང་བརྡར།  ཟུངས་གསོ་བདེ་སྲུང་། གཟུགས་གཞི་དབྱེ་འབྱེད་སོགས་ཀྱི་བློ་འདྲིའི་ཞབས་ཞུ་འདོན་སྤྲོད་བྱེད་དགོས། ཡུན་ནད་ཕོག་མཁན་དང་ཉེན་ཆེ་མི་ཚོགས་ལ་མ་གནས་ཕན་འབྲས་ཅུང་བཟང་བའི་གློ་ཚད་དང་ཆམ་རིམས་སོགས་ཀྱི་འགོག་སྨན་རྒྱག་པར་སྐུལ་མ་གཏང་དགོས། སོ་མཐའ་རུལ་ནད་དང་སོ་སྲིན་ནད་སོགས་ཀྱི་ཁ་སྦུག་གི་རྒྱུན་མཐོང་ནད་ལ་ཐེ་གཏོགས་དང་། བྱིས་པར་ཧྥོའུ་ཆ་ཤས་སུ་སྤྱོད་པ་དང་སོ་སྲུབས་སུབ་པ་སོགས་ཀྱི་ཁ་སྦུག་བདེ་སྲུང་བྱེད་ཐབས་ལག་བསྟར་བྱས་ནས།  ལོ12ཅན་གྱི་བྱིས་པ་སོ་སྲིན་ནད་ཕོག་ཕྱོད30%ནང་ཚོད་འཛིན་བྱེད་དགོས། མི་རྒན་པའི་རྒྱུན་མཐོང་ཡུན་ནད་དང་ཁ་སྦུག་ནད།  སེམས་ཁམས་བདེ་ཐང་བཅས་ལ་མཛུབ་སྟོན་དང་ཐེ་གཏོགས་བྱེད་པར་དོ་སྣང་བྱ་དགོས།  ཡུན་ནད་སྔོན་འགོག་དང་ཉེན་ཁ་དཔྱད་དཔོག   རྗེས་འདེད་བཅར་འདྲི།  ཐེ་གཏོགས་མཛུབ་སྟོན་སོགས་ཀྱིས་གཞི་གཅིག་ཏུ་བསྡུས་པའི་ལས་བཟོ་ཡིས་བདེ་ཐང་དོ་དམ་ཞབས་ཞུ་འཚོལ་ཞིབ་བྱས་ནས་སྤེལ་དགོས།

ཆེད་བསྒྲིགས་ལེ་ཚན 2   ཡུན་ནད་ལ་འཚག་བཤེར་ཐེ་གཏོགས་དང་བདེ་ཐང་དོ་དམ་བྱེད་པའི་ལས་གཞི།

སྔ་ཙམ་ནས་ཤེས་རྟོགས་པ་དང་ཐེ་གཏོགས་བྱས་པ་ནི།  འབྲས་སྐྲན་སྔ་བརྟག་སྔ་བཅོས་བྱེད་པ་དང་།  ཀླད་གཟའ་དང་སྙིང་རྩ་རེངས་བ།  སྙིང་རྩའི་ནད།   འབྱིན་རྔུབ་མ་ལག་གི་ཡུན་ནད་སོགས་ལ་འཚག་བཤེར་ཐེ་གཏོགས་བྱེད་པ།  ཁྲག་ཤེད་མཐོ་བ་དང་གཅིན་སྙིའི་ནད་ཀྱི་ཉེན་ཆེ་མི་ཚོགས་ལ་བདེ་ཐང་ཐེ་གཏོགས་བྱེད་པ།  གཙོ་གནད་མི་ཚོགས་ཀྱི་ཁ་སྦུག་ནད་ལ་ཕྱོགས་བསྡུས་ཐེ་གཏོགས་བྱེད་པ།

བདེ་ཐང་དོ་དམ་བྱས་པ་ནི།  སྡོད་དམངས་ཀྱི་བདེ་ཐང་ཡིག་ཚགས་དང་། བདེ་ཐང་སློབ་གསོ།  ཡུན་ནད(ཁྲག་ཤེད་མཐོ་བ་དང་གཅིན་སྙིའི་ནད་སོགས)  ཕོག་མཁན་གྱི་བདེ་ཐང་དོ་དམ།  མི་རྒན་པའི་བདེ་ཐང་དོ་དམ།  ཀྲུང་ལུགས་གསོ་སྨན་གྱི་བདེ་ཐང་དོ་དམ།

(གསུམ།)ཚད་ལྡན་གྱི་ནད་བརྟག་སྨན་བཅོས་ཤུགས་ཆེར་བཏང་སྟེ།  སྨན་བཅོས་ཀྱི་ཕན་འབྲས་མཐོ་རུ་འདེགས་དགོས།

1.རིམ་དབྱེའི་ནད་བརྟག་སྨན་བཅོས་ལམ་ལུགས་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས།  སྔོན་ཐོབ་ཀྱིས་ཡུན་ནད་ཕོག་མཁན་དག་ཁྱིམ་ཚང་སྨན་པའི་་ཆིངས་བཞག་ཞབས་ཞུའི་ཁྱབ་ཁོངས་སུ་འཇོག་པ་དང་། ཁྲག་ཤེད་མཐོ་བ་དང་གཅིན་སྙིའི་ནད།  སྙིང་ཀླད་རྩའི་ནད། འབྲས་སྐྲན་དང་འབྱིན་རྔུབ་མ་ལག་གི་ཡུན་ནད་སོགས་ཕོག་མཁན་ལ་རིམ་དབྱེའི་ནད་བརྟག་སྨན་བཅོས་བྱེད་པར་ཧུར་ཐག་གིས་སྐུལ་སྤེལ་གཏོང་དགོས་ལ། གཞི་རིམ་ནས་སྨན་བཅོས་མགོ་མ་བྱེད་པ་དང་ཕྱོགས་གཉིས་སུ་གནས་སྤོ་སྨན་བཅོས་བྱེད་པ།  གོང་འོག་མཉམ་འགུལ་བྱེད་པ། དལ་དྲལ་རིགས་བགར་ནས་སྨན་བཅོས་བྱེད་པ་བཅས་ལུགས་མཐུན་གྱི་སྨན་པ་བསྟེན་ཚུལ་གྱི་སྒྲིག་ལམ་ཆགས་སུ་འཇུག་པ་དང་།  སྨན་བཅོས--ཁམས་སོས--ཡུན་རིང་ནད་སྐྱོང་སོགས་ཀྱི་ཞབས་ཞུའི་མུ་རྒྱུན་འཐུས་ཚང་དུ་གཏོང་དགོས།  རྒྱུན་མཐོང་གི་ནད་དང་ཕོག་སླའི་ནད་བྱུང་བའི་ནད་པས་ཐོག་མར་གཞི་རིམ་གྱི་གསོ་སྨན་འཕྲོད་བསྟེན་ལས་ཁུངས་སུ་སྨན་བཅོས་བྱེད་པར་སྐུལ་མ་གཏོང་བར་མ་ཟད་རིམ་གྱིས་ཚད་ལྡན་དུ་གཏོང་དགོས། གཞི་རིམ་གྱི་གསོ་སྨན་འཕྲོད་བསྟེན་ལས་ཁུངས་ཀྱི་རྩོལ་ནུས་ངེས་གནས་དང་ཞབས་ཞུ་ནུས་པ་ལས་བརྒལ་བའི་ཡུན་ནད་ཡིན་ན། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་ནད་པར་གནས་སྤོ་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱེད་དགོས། ཕྱོགས་གཉིས་གནས་སྤོ་སྨན་བཅོས་ཀྱི་གོ་རིམ་འཐུས་ཚང་དུ་གཏོང་བ་དང་། དལ་གཤིས་སྐབས་དང་སླར་གསོ་སྐབས་ཀྱི་ནད་པ་འོག་རིམ་དུ་གནས་སྤོ་སྨན་བཅོས་བྱེད་པའི་འབྲེལ་ལམ་བགྲོད་བདེ་བ་བྱེད་དེ། རིམ་པ་མི་འདྲ་བ་དང་རིགས་མི་འདྲ་བའི་གསོ་སྨན་ལས་ཁུངས་བར་དུ་གོ་རིམ་ལྡན་པར་ངང་ནས་གནས་སྤོ་སྨན་བཅོས་བྱེད་ཐུབ་པ་མངོན་འགྱུར་བྱ་དགོས།

2.ནད་བརྟག་སྨན་བཅོས་ཀྱི་ཞབས་ཞུ་སྤུས་ཀ་མཐོ་རུ་འདེགས་དགོས། སྨན་བཅོས་སྤུས་ཀའི་དོ་དམ་དང་ཚོད་འཛིན་ཆ་འཕྲིན་ཅན་གྱི་ལས་སྟེགས་འཛུགས་པ་དང་། ཡུན་ནད་ཀྱི་ནད་བརྟག་སྨན་བཅོས་ཞབས་ཞུ་ལ་དུས་ལྟར་དོ་དམ་ཚོད་འཛིན་ཤུགས་བསྣན་ཏེ། སྨན་བཅོས་སྤུས་ཀ་དང་བདེ་འཇགས་རིམ་གྱིས་ཇེ་ལེགས་སུ་གཏོང་དགོས། ནད་ཐོག་སྨན་བཅོས་ཀྱི་ཐབས་ལམ་དོ་དམ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ནད་བརྟག་སྨན་བཅོས་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་ནད་བརྟག་སྨན་བཅོས་ཀྱི་བརྒྱུད་རིམ་ཇེ་ལེགས་སུ་བཏང་སྟེ།  སྙིང་ཀླད་རྩའི་ནད་འཕར་བ་ནས་སྨན་བཅོས་གོ་ཆོད་བྱེད་རག་བར་གྱི་དུས་ཚོད་ཧུར་ཐག་གིས་ཇེ་ཐུང་དུ་གཏོང་བ་དང་། འབྲས་སྐྲན་ལ་མི་སྒེར་ཅན་གྱི་ཚད་ལྡན་སྨན་བཅོས་བྱེད་ཐབས་སྤྱོད་པ་ཁྱབ་གདལ་དུ་བཏང་སྟེ།  ནད་པ་ཤི་ཚད་ཇེ་ཉུང་དུ་གཏོང་དགོས། སྨན་བཅོས་ལས་ཁུངས་ཀྱི་ཞིབ་བཤེར་དང་ཞིབ་དཔྱད་མཇུག་འབྲས་ཕན་ཚུན་གྱིས་ཁེས་ལེན་པ་ངོས་འཛིན་པ་ཕལ་ཆེར་མངོན་འགྱུར་བྱ་དགོས།

(བཞི།)སྨན་བཅོས་དང་སྔོན་འགོག་འགོག་མཉམ་ལས་ལ་སྐུལ་སྤེལ་བྱས་ཏེ།  བརྒྱུད་རིམ་ཡོངས་སུ་བདེ་ཐང་དོ་དམ་མངོན་འགྱུར་བྱ་དགོས།

1. ཡུན་ནད་འགོག་བཅོས་ལས་ཁུངས་དང་དཔུང་སྡེའི་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཀྲུང་གོའི་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་རྒྱལ་ཁབ་ཀྱི་སྙིང་རྩའི་ནད་ལྟེ་གནས། རྒྱལ་ཁབ་ཀྱི་འབྲས་སྐྲན་ལྟེ་གནས་བཅས་ཀྱི་སྲིད་ཇུས་བློ་འདྲི་དང་ཚད་གཞིར་ཚད་ལྡན་ལ་གཏན་འབེབས།  བརྟག་འཇལ་དཔྱད་འཇོག  འཇོན་མི་སྐྱེད་སྲིང་། ལག་རྩལ་མཛུབ་སྟོན་སོགས་ཐད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ཆ་རྐྱེན་ཚང་བའི་ས་ཁུལ་དུ་ད་ཡོད་ཐོན་ཁུངས་ལ་བརྟེན་ནས་སྙིང་རྩའི་ནད་དང་འབྲས་སྐྲན་སོགས་ཡུན་ནད་ས་ཁོངས་ལྟེ་གནས་འཛུགས་དགོས་པ་དང་། རྒྱལ་ཁབ་དང་ས་ཁོངས་དང་གཞི་རིམ་བཅས་ཀྱི་ཀྲུང་སྨན་ཆེད་ཚན་ནད་རིགས་སྨན་བཅོས་ལྟེ་གནས་ཀྱི་འཛུགས་སྐྱོང་བྱས་པས་ཀྲུང་སྨན་ཆེད་ཚན་ནད་རིགས་འགོག་བཅོས་མ་ལག་འཛུགས་དགོས། ས་ཁུལ་སོ་སོས་བྱེ་བྲག་གི་སྨན་བཅོས་ལས་ཁུངས་ནས་མངའ་ཁུངས་ཀྱི་སྙིང་ཀླད་རྩའི་ནད་དང་འབྲས་སྐྲན། འབྱིན་རྔུབ་མ་ལག་གི་ཡུན་ནད་རིགས་དང་། གཅིན་སྙིའི་ནད་སོགས་ཡུན་ནད་འགོག་བཅོས་ལ་ལག་རྩལ་མཛུབ་སྟོན་བྱེད་པའི་འགན་འཁུར་ངེས་གསལ་བྱ་དགོས།  རིམ་པ་གཉིས་པའི་ཡན་ཆད་ཀྱི་སྨན་ཁང་དུ་ཆེད་གཉེར་མི་སྣ་བཀོད་སྒྲིག་བྱེད་དགོས་པ་དང་།  སྤྱི་པའི་འཕྲོད་བསྟེན་ལས་འགན་དང་དུ་བླངས་ཏེ་ཡུན་ནད་འགོག་བཅོས་ཀྱི་ལས་ཀ་ལེགས་པོར་བསྒྲུབ་དགོས། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་ལས་ཀའི་གནས་ཚུལ་དམིགས་ལ་གཞིགས་ཏེ། སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་ནུས་པ་ཇེ་མཐོ་བཏང་ནས་ཡུན་ནད་འགོག་བཅོས་ཀྱི་དགོས་མཁོ་སྐོང་དགོས།

2.ཡུན་ནད་འགོག་བཅོས་ཟུང་འབྲེལ་བྱས་པའི་ལས་ཀའི་རྐྱེན་སྲོལ་འཛུགས་སྐྱོང་བྱ་དགོས། ནད་རིགས་སྔོན་འགོག་ཚོད་འཛིན་ལས་ཁུངས་དང་སྨན་ཁང་ངམ་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་ལས་བགོས་མཉམ་སྒྲུབ་དང་ལེགས་ཆ་གསབ་རེས་ཀྱི་མཉམ་ལས་རྐྱེན་སྲོལ་འཐུས་སྒོ་ཚང་དུ་འཛུགས་དགོས། ནད་རིགས་སྔོན་འགོག་ཚོད་འཛིན་ལས་ཁུངས་ཀྱིས་ཡུན་ནད་དང་དེའི་ཉེན་ཁ་འབྱུང་རྐྱེན་བརྟག་འཇལ།  རིམས་ནད་རིག་པ་བརྟག་དཔྱད།  ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་གྱི་ཐེ་གཏོགས་ཐབས་ཇུས་དང་།  བྱེད་ཐབས་ཀྱི་ལག་ལེན་དུ་བསྟར་བའི་མཛུབ་སྟོན་དང་སྔོན་འགོག་ཚོད་འཛིན་གྱི་ཕན་ནུས་དཔྱད་ཞིབ་གདེང་འཇོག་སོགས་འགན་འཁུར་དགོས། སྨན་ཁང་གིས་ཡུན་ནད་ཀྱི་ནད་དཔེ་ཐོ་འགོད་སྙན་ཞུ་དང་ཉེན་ཁ་ཚ་དྲག་གི་ནད་པའི་སྨན་བཅོས་ལས་ཀའི་འགན་འཁུར་བ། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ལ་ལག་རྩལ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱ་དགོས། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་མི་ཚོགས་ཀྱི་བདེ་ཐང་སྐུལ་སྤེལ་དང་།  ཉེན་ཆེ་མི་ཚོགས་ངོས་འཛིན་དང་མཛུབ་སྟོན།   ནད་པར་ཐེ་གཏོགས་དང་རྗེས་འདེད་བཅར་འདྲིའི་དོ་དམ་སོགས་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་བྱེ་བྲག་ཏུ་ལག་བསྟར་བྱེད་དགོས། སྨན་འགོག་དང་སྔོན་འགོག་མཉམ་སྒྲུབ་ཤུགས་སྣོན་པ་དང་།  ཡུན་ནད་སྔོན་འགོག་དང་སྨན་བཅོས་དོ་དམ་སོགས་མཉམ་འདྲེས་ངང་གོང་དུ་སྤེལ་བར་སྐུལ་འདེབས་བྱ་དགོས།

3. བདེ་ཐང་དོ་དམ་གྱི་ཡུན་ཕན་ལས་ཀའི་རྐྱེན་སྲོལ་འཛུགས་དགོས། སྲིད་གཞུང་དང་སྨན་བཅོས་འཕྲོད་བསྟེན་ལས་ཁུངས།  ཁྱིམ་ཚང་དང་མི་སྒེར་ཕྱོགས་སོ་སོའི་བདེ་ཐང་དོ་དམ་ཐད་ཀྱི་འགན་འཁུར་ངེས་གསལ་བྱས་པ་དང་། བདེ་ཐང་དོ་དམ་གྱི་ཞབས་ཞུའི་ནང་དོན་དང་ཞབས་ཞུའི་བཟོ་རིམ་འཐུས་ཚང་དུ་གཏོང་དགོས། རིམ་གྱིས་ཆ་རྐྱེན་དང་ཚན་པའི་འབྲས་སྐྲན་དང་ཀླད་གཟའ་སོགས་ཡུན་ནད་ལྗི་གྲས་ལ་སྔ་བརྟག་སྔ་བཅོས་བྱས་པའི་འོས་འཚམ་ལག་རྩལ་གཏན་འབེབས་ལྟར་ནད་བརྟག་སྨན་བཅོས་ཀྱི་རྒྱུན་སྲོལ་དུ་འཇུག་དགོས།   སྲིད་གཞུང་གིས་ཞབས་ཞུ་ཉོ་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ།  ཁེ་ལས་དང་སྤྱི་ཕན་དགེ་ལས་རྩ་འཛུགས།  ཚོང་ལས་འགན་བཅོལ་ལས་ཁུངས་སོགས་ཡུན་ནད་ཉེན་ཆེ་མི་ཚོགས་ཀྱི་ཉེན་ཁ་དཔྱད་དཔོག་དང་བདེ་ཐང་བློ་འདྲི།  བདེ་ཐང་དོ་དམ་བཅས་ལ་ཞུགས་པར་སྐུལ་མ་གཏོང་བ་གང་ལེགས་བྱེད་པ། རང་གཤིས་ཅན་གྱི་ཞབས་ཞུ། ཚོགས་མིའི་ལམ་ལུགས་ཀྱི་བདག་གཉེར། སྤྱི་ཡོངས་ཅན་གྱི་སྐུལ་སྤེལ་བཅས་ཁྱད་ཆོས་ཡིན་པས་བདེ་ཐང་དོ་དམ་ཞབས་ཞུའི་ཐོན་ལས་གསོ་སྐྱོང་བྱ་དགོས།  

(ལྔ།)འགན་སྲུང་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ། ཏན་ཏིག་གིས་མང་ཚོགས་ཀྱི་སྨན་བཅོས་ཁུར་བོ་ཇེ་ཡང་དུ་གཏོང་དགོས།

1. སྨན་བཅོས་འགན་སྲུང་ལམ་ལུགས་དང་རོགས་སྐྱོབ་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་སྒོ་བསྟེན་སྨན་བཅོས་གཅིག་གྱུར་འཆར་འགོད་བྱེད་པ་སོགས་འབྲེལ་ཡོད་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་ཡུན་ནད་ཕོག་མཁན་ལ་མི་གྲངས་ལྟར་སྨན་རིན་ཐུམ་སྤྲོད་བྱེད་པར་འཚོལ་ཞིབ་བྱ་དགོས།  རིམ་པ་མི་འདྲ་བའི་སྨན་བཅོས་ལས་ཁུངས་ཀྱི་སྨན་བཅོས་འགན་སྲུང་གི་ཁྱད་འཇལ་ཅན་གྱི་གཏོང་སྤྲོད་སྲིད་ཇུས་འཐུས་ཚང་དུ་གཏང་བ་དང་། ཡུན་ནད་འགོག་བཅོས་ཀྱི་ལས་ཀའི་གནད་ཆེ་ས་མར་སྣུར་བ་དང་ཐོན་ཁུངས་མར་འབེབས་པར་སྐུད་འདེད་བྱ་དགོས། བདེ་ཐང་གི་འགན་བཅོལ་ཞབས་ཞུ་སྣ་མང་སྤེལ་བ་དང་། ཐོབ་ཐང་ལྡན་པའི་ཚོང་ལས་འགན་བཅོལ་ལས་ཁུངས་ཀྱིས་གཞི་རྩའི་སྨན་བཅོས་འགན་བཅོལ་དང་སྦྲེལ་བའི་ཐུབ་བའི་ཚོང་ལས་བདེ་ཐང་འགན་བཅོལ་གྱི་ཐོན་རྫས་འདོན་སྤེལ་བྱེད་པར་སྐུལ་མ་གཏོང་བ་དང་།  ཡུན་ནད་རིགས་མི་འདྲ་བར་སོ་སོ་དང་འབྲེལ་བའི་འགན་བཅོལ་སྒྲུབ་གཉེར་ཞབས་ཞུ་སྤེལ་དགོས། གཏན་འབེབས་ལྟར་ཆ་རྐྱེན་དང་འཚམ་ཞིང་ཡུན་ནད་ཕོག་ཡོད་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམའ་སྲུང་བྱ་ཡུལ་དང་། དམིགས་བསལ་དཀའ་ངལ་ཡོད་བའི་མི་སྣ་དག་ལ་སྨན་བཅོས་ཀྱི་རོགས་སྐྱོར་བྱ་དགོས།  ཐེབས་རྩ་ཚོགས་པ་སོགས་སྤྱི་ཕན་དགེ་ལས་རྩ་འཛུགས་གྱིས་སྐུལ་སློང་གང་ལེགས་བྱེད་ནས་ཐོན་ཁུངས་སྤུས་ལེགས་ཅན་དབུལ་ཕོངས་ས་ཁུལ་དང་ཞིང་སྡེའི་ཕྱོགས་སུ་རྒྱ་བསྐྱེད་པར་སྐུལ་མ་བཏང་སྟེ། དམིགས་བསལ་གྱི་མི་ཚོགས་ལ་སྨན་བཅོས་རོགས་སྐྱོབ་བྱ་དགོས།

2. སྨན་རྫས་ཀྱི་ཐོན་སྐྱེད་དང་མཁོ་སྤྲོད་འགན་སྲུང་བྱ་དགོས།  ཆེད་ཁེ་དུས་ཡུན་ལོན་པའི་སྨན་རྫས་ཀྱི་འདྲ་བཟོ་དང་ཐོན་སྐྱེད་བྱ་བ་ཡག་པོ་སྒྲུབ་དགོས།   འདྲ་བཟོས་སྨན་རྫས་ཀྱི་སྤུས་ཚད་མཐོར་འདེགས་བཏང་སྟེ་གཅིག་མཐུན་གྱི་དཔྱད་འཇོག་བྱེད་པའི་ཡུན་ནད་འགོག་བཅོས་འདྲ་བཟོས་སྨན་རྫས་སྔོན་ཐོབ་ངང་འདེམས་སྤྱོད་བྱ་དགོས།  རྒྱལ་ནང་ནས་འདྲ་བཟོ་བྱེད་མི་ཐུབ་པའི་སྨན་རྫས་ཡིན་ན། སྨན་རྫས་རིན་གོང་གྲོས་མོལ་བྱེད་པ་སོགས་ཀྱི་ཐབས་ལ་བརྟེན་ནས་ཉོ་སྒྲིག་རིན་གོང་ལུགས་མཐུན་གྱི་ངང་ཇེ་དམའ་རུ་གཏོང་དགོས།  རྒྱུན་མཁོའི་སྨན་སྣའི་དཀར་ཆག་སྔར་ལས་ལྷག་པར་འཐུས་ཚང་དུ་བཏང་བ་དང་། རིམ་པ་གཉིས་པའི་ཡན་ཆད་ཀྱི་སྨན་ཁང་དང་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་སྤྱོད་བྱ་བའི་སྦྲེལ་ཐུབ་ལ་ཤུགས་སྣོན་དགོས།  སྤྱི་ཚོགས་ཀྱི་སྨན་ཚོང་ཁང་གི་གཞི་རིམ་ནས་སྨན་རྫས་མཁོ་སྤྲོད་ཀྱི་འགན་སྲུང་ནུས་པ་འདོན་སྤེལ་བྱས་ཏེ། སྨན་རྫས་རེག་ཐུབ་པའི་རང་བཞིན་མཐོ་རུ་འདེགས་དགོས།   ལོ་བགྲེས་པའི་ཡུན་ནད་ཕོག་མཁན་ལ་ཁྱིམ་ཚང་གིས་ཆིངས་བཞག་སྨན་པའི་ཡུན་རིང་སྨན་རྫས་ཀྱི་སྨན་ཐོ་བྱིན་ཆོག་ལ།  བྱ་ཐབས་སྣ་ཚོགས་ཀྱི་སྒོ་ནས་ནད་པའི་སྨན་རྫས་དགོས་མཁོ་སྐོང་བར་འཚོལ་ཞིབ་བྱ་དགོས། ཡུན་ནད་འགོག་བཅོས་ཁྲོད་ཀྲུང་ལུགས་གསོ་སྨན་གྱི་དགེ་མཚན་དང་ནུས་པ་འདོན་སྤེལ་བྱ་དགོས།

(དྲུག)ཉེན་ཁའི་རྒྱུ་རྐྱེན་ཚོད་འཛིན་བྱས་ཏེ། བདེ་ཐང་ལ་རྒྱབ་སྐྱོར་བྱེད་པའི་རང་བཞིན་གྱི་ཁོར་ཡུག་བསྐྲུན་དགོས།

1. བདེ་ཐང་གི་ཐོན་སྐྱེད་འཚོ་བའི་ཁོར་ཡུག་བསྐྲུན་དགོས། ལྗང་མདོག་དང་དྭངས་གཙང་གི་ཐོན་སྐྱེད་ལ་སྐུལ་འདེབས་དང་། ལས་སྒྲུབ་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། རྡུལ་དུག་གི་གནོད་པ་ཚོད་འཛིན་ནན་མོ་བྱེད་དགོས། ལས་རིགས་ནད་གཞི་འགོག་བཅོས་ལ་ཤུགས་སྣོན་པ་དང་།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕྲོད་བསྟེན་གཙང་དག་བྱ་དགོས། མིའི་འཚོ་གནས་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་།  རིག་གནས་དང་ཚན་རིག་སློབ་གསོ།  སྤྲོ་གསེང་།  ལུས་སྦྱོང་ལ་སོགས་ཀྱི་སྤྱི་པའི་ཞབས་ཞུ་སྒྲིག་བཀོད་འཛུགས་སྐྲུན་བྱས་པར་ཤུགས་སྣོན་དགོས།  བདེ་ཐང་བགྲོད་ལམ་དང་བདེ་ཐང་བརྗོད་བྱ་གཙོ་བོའི་སྤྱི་གླིང་ལ་སོགས་ཀྱི་ལུས་སྦྱོང་ཁོར་ཡུག་འཛུགས་པ་དང་།  རིགས་སོ་སོའི་སྤྱི་པའི་རྩལ་སྦྱོང་སྒྲིག་བཀོད་ཀྱི་སྒོ་འབྱེད་ཚད་ཐིག་དང་བེད་སྤྱོད་གཏོང་ཕྱོད་མཐོར་འདེགས་སུ་གཏོང་དགོས། ཆ་རྐྱེན་ཡོད་པའི་སློབ་གྲྭའི་ལུས་རྩལ་ར་བ་དང་ལུས་རྩལ་ཁང་གི་སྒྲིག་བཀོད་དེ་སློབ་ཁྲིད་གྲོལ་རྗེས་སམ་གུང་གསེང་གི་དུས་སུ་རང་སློབ་གྲྭའི་དགེ་སློབ་ཡོངས་དང་སྤྱི་དམངས་ལ་གོ་རིམ་ཡོད་པའི་སྒོ་ནས་སྒོ་འབྱེད་པར་སྐུལ་འདེད་བྱེད་པ་དང་།  གྲོང་ཁྱེར་དང་གྲོང་གསེབ་ལ་ཁེབས་ཤིང་ཅུང་འཐུས་ཚང་བའི་དམངས་ཡོངས་ཀྱི་བདེ་ཐང་ཞབས་ཞུའི་མ་ལག་འགྲུབ་པར་བྱེད་དེ། དམངས་ཡོངས་ལུས་སྦྱོང་དང་དམངས་ཡོངས་བདེ་ཐང་གཏིང་ཟབ་དུ་འདྲེས་པར་སྐུལ་འདེབས་བྱེད་དགོས།  ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་དང་ཁོར་ཡུག་སྲུང་སྐྱོབ་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། རླུང་ཁམས་དང་།  ཆུ་དང་ས་རྒྱུས་སྦགས་བཙོག་འགོག་བཅོས་འགུལ་སྐྱོད་འཆར་གཞི་དོན་འཁྱོལ་བྱ་དགོས། བརྫད་དངོས་ཕྱོགས་བསྡུས་ཚོད་འཛིན་བྱེད་པ་དང་། ཁོར་ཡུག་གི་མཁའ་དབུགས་སྤུས་ཀ་དང་འཐུང་ཆུའི་མགོ་ཁུངས་ཀྱི་ཆུ་སྤུས། ས་རྒྱུ་ཁོར་ཡུག་གི་སྤུས་ཀ་སོགས་རྒྱུན་མཐུད་ངང་ལེགས་བཅོས་བྱ་དགོས།  ཁོར་ཡུག་དང་བདེ་ཐང་ལ་བརྟག་འཇལ་དང་བརྟག་དཔྱད། ཉེན་ཁ་དཔྱད་དཔོག་བཅས་བྱས་པའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ།  ཁོར་ཡུག་སྦགས་བཙོག་གིས་བདེ་ཐང་ལ་ཐེབས་པའི་ངན་ཤུགས་ཇེ་དམའ་རུ་གཏོང་དགོས།

2. སྲིད་ཇུས་ཁོར་ཡུག་འཐུས་ཚང་དུ་གཏོང་དགོས།  ォརྡོ་ཐ་ཚོད་འཛིན་གྱི་སྒྲོམ་གཞིའི་སྤྱི་ཆིངསサདང་དུ་བླངས་ནས་སྒྲུབ་པ་དང་།  རྒྱལ་ཁབ་རིམ་པ་ནས་སྤྱི་པའི་འདུ་གནས་སུ་ཐ་མག་ཚོད་འཛིན་སྲོལ་ཡིག་དངོས་སུ་འདོན་པར་སྐུལ་འདེབས་བྱ་དགོས་ལ།  ས་ཁུལ་རེ་རེའི་ཐ་མག་ཚོད་འཛིན་གྱི་ཁྲིམས་འཛུགས་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ་དང་། ཐ་མག་ཚོད་འཛིན་གྱི་ཁྲིམས་ལྟར་ཤུགས་ཚད་ཇེ་ཆེར་གཏོང་དགོས། རྡོ་ཐ་དང་ཆང་རིགས་ཀྱི་ཁྲལ་བསྡུ་སྲིད་ཇུས་ལ་འཐུས་ཚང་བར་ཞིབ་འཇུག་བྱས་པ་དང་ནར་མ་སོན་པའི་མི་ལ་དུ་ཆང་བཙོང་མི་ཆོག་པའི་འབྲེལ་ཡོད་བཅའ་ཁྲིམས་གཏན་འབེབས་ནན་ཏན་གྱི་ལག་བསྟར་བྱེད་པ་དང་།  སྡོད་དམངས་ཀྱིས་ལུས་ཕོང་ལ་གནོད་པར་ཆང་འཐུང་བ་ཇེ་ཉུང་གཏང་བ། ཟས་རིགས་བདེ་འཇགས་དང་འཐུང་ཆུའི་བདེ་འཇགས་ཀྱི་འགན་སྲུང་ལས་དོན་ལ་ཤུགས་སྣོན་པ་དང་།  འཚོ་བཅུད་ཀྱི་ཁྲིམས་འཛུགས་པར་སྐུལ་འདེབས་གཏོང་དགོས། ཟས་རིགས་ཀྱི་གྲུབ་ཚུལ་ལེགས་སྒྲིག་དང་ལེགས་སྒྱུར་བྱ་དགོས།  བཟའ་བཅའ་སྣ་མང་ཅན་ཡར་སྐུལ་དང་འཚོ་བཅུད་རྟགས་བྱང་ཁྱབ་སྤེལ་བྱ་དགོས་ལ།   ཁེ་ལས་ཀྱིས་ཐོན་སྐྱེད་ཕྱིར་ཚོང་བྱེད་པ་དང་འཛད་སྤྱོད་པས་ཚན་རིག་དང་མཐུན་པར་འཚོ་བཅུད་བདེ་ཐང་ཅན་གྱི་ཟས་རིགས་འདེམ་སྤྱོད་བྱེད་པར་ཁྲིད་སྟོན་བྱ་དགོས།

3. ཡུན་ནད་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་དཔེ་སྟོན་ཁུལ་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེབས་བྱ་དགོས། རྒྱལ་ཁབ་ཀྱི་ཡུན་ནད་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན་འཆང་གཟུང་བྱས་ནས། ས་གནས་ཀྱི་ཁྱད་ཆོས་སོ་སོར་འཚམ་པའི་ཡུན་ནད་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་གྱི་མ་དཔེ་སྐྱེད་སྲིང་བྱེད་དགོས། དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན་དེ་འཕྲོད་བསྟེན་མཁར་གྲོང་གསར་འཛུགས་དང་བདེ་ཐང་མཁར་གྲོང་འཛུགས་སྐྲུན་གྱི་བླང་བྱ་ཟུང་འབྲེལ་དམ་པོ་བྱས་ནས། རིམ་དབྱེའི་ནད་བརྟག་སྨན་བཅོས་དང་ཁྱིམ་ཚང་སྨན་པའི་ཆིངས་བཞག་ཞབས་ཞུ་ལ་ཕན་ཚུན་མཉམ་འདྲེས་ཡོང་བ་བྱ་དགོས། ཕྱོགས་ཡོངས་ནས་དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན་སྤུས་ཀ་མཐོ་རུ་འདེགས་དགོས་དང།  སྲིད་གཞུང་གི་གཙོ་གཞིའི་འགན་འཁྲི་ཇེ་དྲགས་ཏུ་གཏོང་བ་དང་།  སྡེ་ཁག་སོ་སོའི་བྱ་བའི་ལས་འགན་དོན་འཁྱོལ་བྱེད་པ།  མི་ཚོགས་ཡོངས་ཀྱི་མི་ཚེ་ཧྲིལ་བོར་ཡུན་ནད་འགོག་བཅོས་ཀྱི་དོ་དམ་ཞབས་ཞུ་འདོན་སྤྲོད་བྱས་པ་སོགས་ཀྱི་ཕྱོགས་ནས་དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། ཡུན་ནད་འགོག་བཅོས་ཀྱི་དོ་དམ་ཆུ་ཚད་སྤྱི་ཡོངས་ནས་མཐོར་འདེགས་སུ་གཏོང་བར་སྐུལ་ཁྲིད་བྱ་དགོས།

ཆེད་བསྒྲིགས་ལེ་ཚན 3 བདེ་ཐང་ལ་རྒྱབ་སྐྱོར་བྱེད་པའི་རང་བཞིན་གྱི་ཁོར་ཡུག་འཛུགས་སྐྲུན་ལས་གཞི།

བདེ་ཐང་ཁོར་ཡུག་འཛུགས་སྐྲུན་ནི།  རླུང་ཁམས་སྦགས་བཙོག་འགོག་བཅོས་དང་བཙོག་ཆུ་གཙང་བཟོ། འབབ་རྒྱུད་གཙོ་བོའི་ཆུའི་སྦགས་བཙོག་འགོག་བཅོས་སོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལས་གཞི། འཕྲོད་བསྟེན་མཁར་གྲོང་གསར་འཛུགས་དང་བདེ་ཐང་མཁར་གྲོང་འཛུགས་སྐྲུན།  ཡུན་ནད་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན།

ཉེན་ཁ་འབྱུང་རྐྱེན་ཚོད་འཛིན་ནི། རྡོ་ཐའི་གནོད་འཚེ་ཉུང་འཁྲི་འགུལ་སྤྱོད་དང་དབུལ་ཕུང་ས་ཁུལ་གྱི་བྱིས་པའི་འཚོ་བཅུད་ལེགས་བཅོས་ལས་གཞི།  ཞིང་སྡེའི་འགན་བབས་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་བཅོས་འཆར་གཞི།

(བདུན།)སྤྱི་ཚོགས་ཀྱི་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱས་ཏེ། གསར་གཏོད་ལ་བརྟེན་ནས་བདེ་ཐང་ཞབས་ཞུ་ལས་རིགས་ཀྱི་འཕེལ་རྒྱས་སྐུལ་འདེབས་གཏོང་དགོས།

1. སྤྱི་ཚོགས་སྟོབས་ཤུགས་ཀྱིས་འགོག་བཅོས་ཞབས་ཞུ་སྤེལ་བར་སྐུལ་སློང་བྱ་དགོས།  སྤྱི་ཚོགས་སྟོབས་ཤུགས་ལ་སྐུལ་སློང་དང་ཁྲིད་སྟོན་དང་རྒྱབ་སྐྱོར་བྱས་ནས་སྤེལ་བའི་སྨན་བཅོས་དང་ལུས་བཤེར།  རྒན་སྙོར།  ཟུངས་གསོ་བདེ་སྲུང་བཅས་ཀྱི་ལས་ཁུངས་དང་ཐེབས་རྩ་ཚོགས་པ་ལ་སོགས་ཀྱི་སྤྱི་ཕན་དགེ་ལས་རྩ་འཛུགས་དང་ཚོང་ལས་འགན་བཅོལ་ལས་ཁུངས།  ལས་རིགས་མཐུན་ཚོགས་དང་རིག་ཚོགས།  འཕྲིན་སྦྲེལ་དྲ་བའི་ཁེ་ལས་སོགས་ཀྱིས་འགྲན་རྩོད་བཟང་འདེམས་ཀྱི་བྱེད་ཐབས་བརྒྱུད་དེ། གནས་སའི་ས་ཁུལ་གྱི་སྨན་བཅོས་ཞབས་ཞུ་དང་། བདེ་ཐང་དོ་དམ་དང་སྐུལ་སྤེལ། བདེ་ཐང་འགན་བཅོལ་དེ་བཞིན་འབྲེལ་ཡོད་ཀྱི་ཡུན་ནད་འགོག་བཅོས་ཞབས་ཞུ་ལ་ཞུགས་དགོས་ཤིང་།  ཞབས་ཞུ་མ་ལག་གསར་གཏོད་བྱས་པ་དང་མི་ཚེ་ཧྲིལ་བོར་ཁེབས་ཤིང་ནང་དོན་ཕུན་སུམ་ཚོགས་ལ་གྲུབ་ཚུལ་ལུགས་མཐུན་ཡིན་པས་བདེ་ཐང་ཞབས་ཞུ་ལས་རིགས་ཀྱི་མ་ལག་གོང་དུ་སྤེལ་བར་སྐུལ་འདེབས་བྱ་དགོས།  སྣ་མང་ཅན་གྱི་མ་དངུལ་གྲབས་གསོག་རྐྱེན་སྲོལ་བཙུགས་ཏེ། ཡུན་ནད་འགོག་བཅོས་ཀྱི་སྤྱི་ཕན་བྱ་བར་མ་དངུལ་གཏོང་འཇོག་མ་རྩ་བསྡུ་རུབ་བྱས་པས་ཐབས་ལམ་རྒྱ་བསྐྱེད་པ་དང་།  སྤྱི་ཚོགས་མ་རྩ་ཡུན་ནད་འགོག་བཅོས་ཞབས་ཞུ་དང་སྡེ་ཁུལ་གྱི་བདེ་གསོ་སོགས་ཀྱི་ཁྱབ་ཁོངས་སུ་འཇོག་པར་སྐུལ་མ་གཏོང་དགོས།

2.སྨན་བཅོས་དང་སྙོར་སྐྱོང་མཉམ་འབྲེལ་ངང་གོང་དུ་སྤེལ་བར་སྐུལ་འདེབས་བྱ་དགོས། ཡུན་ནད་ཀྱི་རྒྱལ་རིམ་ཡོངས་སུ་འགོག་བཅོས་དོ་དམ་ཞབས་ཞུ་དེ་ཁྱིམ་སྡོད་དང་ སྡེ་ཁུལ་དང་ལས་ཁུངས་ཀྱི་རྒན་སྙོར་ལ་ཟུང་འབྲེལ་དམ་དུ་འབྲེལ་བར་སྐུལ་འདེབས་བྱེད་དགོས། རྒན་སྙོར་ལས་ཁུངས་དང་སྡེ་ཁུལ་ལམ་སྡོད་དམངས་ཀྱི་ཁྱིམ་ཚང་ལ་ཟབ་ཞུགས་ཀྱིས་རྒན་པའི་བདེ་སྲུང་དང་དལ་གཤིས་ནད་ཁམས་སོས་བདག་སྐྱོང་སྤེལ་བ་དང་།  མི་རྒན་པའི་དབང་བའི་བདེ་ཐང་ལ་སྲུང་སྐྱོབ་དང་སྐུལ་སྤེལ་བྱ་དགོས།  ཆ་རྐྱེན་ཡོད་པའི་རྒན་སྙོར་ལས་ཁུངས་ལ་རྒྱབ་སྐྱོར་བྱས་ཏེ་སྨན་བཅོས་ལས་ཁུངས་སྒྲིག་འཛུགས་བྱེད་དགོས་པ་དང་།  ཆ་རྐྱེན་ཡོད་པའི་རིམ་པ་གཉིས་བའི་ཡན་ཀྱི་ཕྱོགས་བསྡུས་སྨན་ཁང་དང་ཀྲུང་ལུགས་སྨན་ཁང་དུ་རྒན་ནད་ཚན་ཁག་སྒྲིག་འཛུགས་བྱས་པ་དང་།  རྒན་པའི་ནད་ཁྲི་ཇེ་མང་བཏང་སྟེ།  རྒན་པས་སྨན་པ་བསྟེན་པར་སྔོན་ཐོབ་ཀྱི་སྟབས་བདེའི་ཞབས་ཞུ་འདོན་སྤྲོད་བྱ་དགོས།   རྒན་སྙོར་ལས་ཁུངས་ལ་ཕྱོགས་པའི་རྒྱང་རིང་སྨན་བཅོས་ཞབས་ཞུའི་ཚོད་ལྟའི་གནས་ལ་མགྱོགས་མྱུར་ངང་སྐུལ་འདེབས་བྱ་དགོས།  གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དང་མི་རྒན་པའི་ཁྱིམ་ཚང་བར་ཆིངས་བཞག་ཞབས་ཞུའི་འབྲེལ་བ་འཛུགས་པར་སྐུལ་མ་གཏོང་བ་དང་།  སྒོ་རྩར་བསྐྱོད་ནས་སྨན་བཅོས་ལྟ་ཞིབ་དང་བདེ་ཐང་ལུས་བཤེར། བདེ་ཐང་དོ་དམ།  ཟུངས་གསོ་བདེ་སྲུང་སོགས་ཀྱི་ཞབས་ཞུ་བསྒྲུབས་དགོས།

3. འཕྲིན་སྦྲེལ་དྲ་བའི་གསར་གཏོད་ཀྱི་གྲུབ་འབྲས་ཉེར་སྤྱོད་ལ་སྐུལ་འདེབས་བྱ་དགོས།  འཕྲིན་སྦྲེལ་དྲ་བ་དང་བདེ་ཐང་ཐོན་ལས་མཉམ་འདྲེས་བྱེད་པར་སྐུལ་འདེབས་གཏོང་བ་དང།  བློ་གྲོས་བདེ་ཐང་ཅན་གྱི་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། ཡུན་ནད་བདེ་ཐང་དོ་དམ་ཞབས་ཞུའི་མ་དཔེ་གསར་བ་འཚོལ་ཞིབ་བྱེད་དགོས།  གནས་སྤོ་སྨན་བཅོས་དང་། བདེ་ཐང་གི་དོ་དམ་ཁྲིམས་སྲོལ་དང་ཚད་གཞི་འཐུས་ཚང་དུ་གཏོང་བ་དང་། གནས་སྤོ་འཕྲིན་སྦྲེལ་དྲ་བ་དང་སྤྲིན་རྩིས།  གཞི་གྲངས་ཆེན་མོ།   ཟོངས་འབྲེལ་དྲ་བ་བཅས་དང་བདེ་ཐང་སྐོར་གྱི་ཐོན་ལས་གཏིང་ཟབ་ཏུ་མཉམ་འདྲེས་པར་སྐུལ་འདེབས་བྱ་དགོས། ཆ་འཕྲིན་ལག་རྩལ་བེད་སྤྱོད་གང་ལེགས་བྱས་ཏེ་ཡུན་ནད་འགོག་བཅོས་ཀྱི་བྱེད་ཐབས་དང་ལས་ཀའི་ནང་དོན་ཕུན་སུམ་ཚོགས་པར་གཏོང་དགོས།  སྔོན་ཆིངས་སྨན་བཅོས་དང་དྲ་ཐོག་བཅར་འདྲི། ནད་རིགས་དོ་དམ།  བདེ་ཐང་དོ་དམ་སོགས་ཀྱི་དྲ་ཐོག་ཞབས་ཞུ་ཉེར་སྤྱོད་ལ་སྐུལ་འདེབས་བྱས་ཏེ།  སྤུས་ལེགས་སྟབས་བདེའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ཤིག་འདོན་སྤྲོད་བྱ་དགོས།

(བརྒྱད།)ཚན་རྩལ་གྱི་ནུས་པ་འདེགས་སྐྱོར་ཇེ་དྲགས་སུ་བཏང་སྟེ། བརྟག་འཇལ་དཔྱད་འཇོག་དང་ཞིབ་འཇུག་གསར་སྤེལ་ལ་སྐུལ་འདེབས་བྱ་དགོས།

1.བརྟག་འཇལ་དཔྱད་དཔོག་མ་ལག་འཐུས་ཚང་དུ་གཏོང་དགོས། ནད་གཞི་རྐྱང་བ་དང་རྒྱུ་རྐྱེན་རྐྱང་བའི་ཡུན་ནད་དང་དེའི་ཉེན་ཁ་འབྱུང་རྐྱེན་གྱི་བརྟག་འཇལ་ཆ་འཕྲིན་སྡེབ་སྒྲིག་བྱས་ཏེ། འབྲེལ་ཡོད་ཀྱི་མ་ལག་ཕན་ཚུན་འབྲེལ་མཐུད་བྱེད་པ་མངོན་འགྱུར་བྱ་དགོས།   ཤི་རྐྱེན་བརྟག་འཇལ་དང་འབྲས་སྐྲན་ཐོ་འགོད་སྙན་ཞུའི་ལམ་ལུགས་འཐུས་ཚང་གཏོང་བ་དང།   རྒྱལ་ཁབ་དང་ཞིང་ཆེན་རིམ་པ་དང་ས་ཁོངས་བཅས་ཀྱི་ཡུན་ནད་དང་འཚོ་བཅུད་བརྟག་འཇལ་ཆ་འཕྲིན་དྲ་རྒྱའི་སྙན་ཞུ་རྐྱེན་སྲོལ་འཛུགས་དགོས་ཤིང་།  རིམ་གྱིས་འགོས་ནད་གཙོ་བོ་འཕར་བ།  ཕོག་པ།  ཤི་བ་དང་ཉེན་ཁ་འབྱུང་རྐྱེན་གྱིས་ཆ་འཕྲིན་དུས་དང་བསྟུན་ནས་གསར་སྒྱུར་མངོན་འགྱུར་བྱེད་པ་དང་།  ཡུན་ནད་གྱི་འབྲེལ་ཡོད་བརྟག་འཇལ་ཆ་འཕྲིན་དུས་ལྟར་ཡོངས་བསྒྲགས་བྱེད་དགོས།  ས་ཁུལ་རིམ་པའི་གྲོང་ཁྱེར་སྡེ་ཚན་བྱས་ནས་མངའ་ཁུངས་ནང་ཁུལ་གྱི་ཡུན་ནད་གཙོ་བོའི་གནས་ཚུལ་དང་ཤུགས་རྐྱེན་བཟོ་བའི་རྒྱུ་རྐྱེན།  ནད་གཞི་ཁུར་བོསོགས་ཕལ་ཆེར་མཐིལ་རྟོགས་དགོས།  འཚོ་བཅུད་དང་ཡུན་ནད་ཀྱི་ཉེན་ཁའི་འབྱུང་རྐྱེན་ལ་བདེ་ཐང་ཐེ་གཏོགས་དང་།  ནད་རིགས་དོ་དམ་བྱེད་པའི་རུ་སྒྲིག་ཞིབ་འཇུག་བྱ་དགོས། གཞི་གྲངས་ཆེན་མོ་སོགས་ཀྱི་ལག་རྩལ་བཀོད་སྤྱོད་བྱས་ནས་ཆ་འཕྲིན་དབྱེ་ཞིབ་དང་བེད་སྤྱོད་ལ་ཤུགས་སྣོན་པ་དང་། ཡུན་ནད་ཀྱི་མཆེད་ཚུལ་ཆོས་ཉིད་དང་ཁྱད་ཆོས་ཁོང་དུ་ཆུད་པ།  བདེ་ཐང་གི་གནད་དོན་གཙོ་བོ་གཏན་ཁེལ་བྱས་ཏེ།  ཡུན་ནད་འགོག་བཅོས་སྲིད་ཇུས་དང་ཐབས་ཇུས་གཏན་འབེབས་བྱས་ཏེ་བརྟག་གཞིག་ཁུངས་ལུང་འདོན་སྤྲོད་བྱེད་དགོས།  ཆུ་དང་ས་རྒྱུ་དང་མཁའ་དབུགས་སོགས་ཁོར་ཡུག་སྦྲེལ་རྟ་དང་ལས་ཀ་བསྒྲུབས་གནས་སོགས་ཀྱི་ཁོར་ཡུག་སྤུས་ཀ་དང་ཞིང་ལས་ཐོན་རྫས་ཀྱི་སྤུས་ཀའི་བདེ་འཇགས་བརྟག་འཇལ་ལ་ཤུགས་བསྣན་ཏེ།  རིམ་གྱིས་ལས་རིགས་བརྒལ་བ་སྡེ་ཁག་བརྒལ་བ་རིམ་པ་བརྒལ་བའི་གོང་ཕྱོགས་སྙན་ཞུ་དང་འཕྲེད་ཕྱོགས་བརྗེ་རེས་མངོན་འགྱུར་བྱེད་པ་དང་།  ཁོར་ཡུག་དང་ཟས་རིགས་སོགས་རྒྱུ་རྐྱེན་དང་བདེ་ཐང་གི་ཉེན་ཁར་འགུལ་རྣམ་གྱིས་དཔྱད་དཔོག་དང་ཉེན་ཟོན་ཉེན་བརྡ་ལག་བསྟར་བྱ་དགོས།

2. ཚན་རྩལ་གྲུབ་འབྲས་འཕེར་སྒྱུར་དང་འོས་འཚམ་ལག་རྩལ་བེད་སྤྱོད་བྱས་པར་སྐུལ་འདེབས་གཏོང་དགོས།  མ་ལག་ལྡན་པའི་སྒོ་ནས་ཡུན་ནད་འགོག་བཅོས་ཀྱི་ཚན་རྩལ་ཞིབ་འཇུག་གི་བཀོད་པར་ཤུགས་སྣོན་རྒྱག་པ་དང་།  འབྲེལ་ཡོད་ཀྱི་ཚན་རྩལ་ཞིབ་འཇུག་གི་ལས་གཞིར་སྐུལ་འདེབས་བྱེད་དགོས།  རྒྱལ་ཁབ་ཀྱི་ནད་ཐོག་གསོ་རིག་ཞིབ་འཇུག་ལྟེ་གནས་དང་མཉམ་ལས་གསར་གཏོད་དྲ་རྒྱའི་འཛུགས་སྐྲུན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ།  ཡུན་ནད་གཙོ་བོའི་ཞིབ་འཇུག་མ་ལག་འཐུས་ཚང་དུ་གཏོང་དགོས།   ཆ་འཕྲིན་དང་སྐྱེ་དངོས་དང་གསོ་རིག་ཚན་རྩལ་གྱི་མཉམ་འདྲེས་འཕེལ་རྒྱས་ཀྱིས་སྣེ་ཁྲིད་དེ་ཡུན་ནད་འགོག་བཅོས་ཀྱི་རྨང་གཞིའི་ཞིབ་འཇུག་དང་མྱུར་སྤྱོད་ཞིབ་འཇུག  ཕབ་སྒྱུར་གསོ་རིག་ཞིབ་འཇུག་བཅས་ལ་ཤུགས་སྣོན་དགོས།  དགེ་མཚན་ལྡན་པའི་སྟོབས་ཤུགས་གཅིག་གྱུར་འཆར་འགོད་བྱས་ཏེ། ཡུན་ནད་ཀྱི་ཕོག་རྒྱུ་རྐྱེན་དང་ནད་འཕར་རྐྱེན་སྲོལ།  སྔོན་འགོག་ཐེ་གཏོགས།  སྨན་བཅོས་ཁམས་སོས།  སྨན་བཅོས་འཕྲུལ་ཆས།  འགོག་སྨན་གསར་བ། གསར་སྐྲུན་སྨན་རྫས་སོགས་ཀྱི་ཞིབ་འཇུག་ལ་སྐུལ་འདེབས་གཏོང་བ་དང་། གནད་འཁེལ་སྨན་བཅོས་དང“ སྦྲེལ་དྲ+” བདེ་ཐང་སྨན་བཅོས།  གཞི་གྲངས་ཆེན་མོ་སོགས་བེད་སྤྱོད་པའི་གནད་འགག་ལག་རྩལ་གཙོ་གནད་དུ་བཟུང་ནས་འགག་གཏོར་བྱེད་པ་དང་།  གཞི་རྒྱུ་བརྟག་དཔྱད་སོགས་ལག་རྩལ་གསར་བ་དང་ཐོན་རྫས་གསར་བ་དག་ཡུན་ནད་འགོག་བཅོས་མངའ་ཁོངས་སུ་རྒྱ་ཆེར་སྤྱོད་པར་རྒྱབ་སྐྱོར་བྱེད་དགོས།  ཀྲུང་ལུགས་གསོ་སྨན་ལ་དགེ་མཚན་མངའ་བའི་ཡུན་ནད་ཀྱི་ནད་རིགས་ལ་དམིགས་ཏེ།  ཡུན་ནད་ལ་ཀྲུང་སྨན་གྱིས་བདེ་ཐང་ཐེ་གཏོགས་བྱས་པའི་ཇུས་གཞི་སྤྱི་བསྡོམས་བྱས་ཏེ་རྒྱ་ཆེ་དུ་མྱུར་སྤྱོད་བྱ་དགོས།  ཡུན་ནད་འགོག་བཅོས་ཀྱི་དགོས་མཁོ་ཟུང་འབྲེལ་བྱས་ཏེ།  གནད་སྨིན་ཞིང་གོ་ཆོད་པའི་ཡུན་ནད་སྔོན་འགོག་དང་སྨན་བཅོས།  ཁམས་སོས་བདེ་སྲུང་བཅས་ཀྱི་ལག་རྩལ་འོས་འཚམ་འདེམས་སྒྲུག་བྱས་ཏེ།  གྲུབ་འབྲས་ཕབ་སྒྱུར་དང་མྱུར་སྤྱོད་ཁྱབ་གདལ་ཇེ་མགྱོགས་སུ་གཏོང་དགོས། ཡུན་ནད་ཀྱི་སྤྱི་ཚོགས་ལ་རག་ལས་པའི་རྒྱུ་རྐྱེན་དང་ནད་གཞི་འཁུར་བོར་ཞིབ་འཇུག་བྱས་ཏེ། ཡུན་ནད་སྔོན་འགོག་ཚོད་འཛིན་བྱས་པའི་ཐབས་ལམ་གོ་ཆོད་འཚོལ་ཞིབ་བྱེད་དགོས། ཆེད་ལས་འཇོན་མི་གསོ་སྐྱོང་སྦྱོང་བརྡར་དང་ཆ་འཕྲིན་འབྲེལ་མཐུད་དང་མཉམ་སྤྱོད།  འགོག་བཅོས་ལག་རྩལ་བརྗེ་རེས་དང་མཉམ་ལས། ནུས་པ་འཛུགས་སྐྱོང་སོགས་ཀྱི་ཕྱོགས་ནས་རྒྱལ་སྤྱི་ཡུན་ནད་འགོག་བཅོས་ཀྱི་བརྗེ་རེས་དང་མཉམ་ལས་ནང་ཧུར་ཐག་གིས་ཞུགས་དགོས།

ཆེད་བསྒྲིགས་ལེ་ཚན4  ཡུན་ནད་ཚན་རྩལ་འདེགས་སྐྱོར་ལས་གཞི།

ཡུན་ནད་བརྟག་འཇལ་ནི། ནད་གཞི་བརྟག་འཇལ (ཡུན་ནད་དང་འཚོ་བཅུད བརྟག་འཇལ་དང་ཤི་རྐྱེན་བརྟག་འཇལ་དང་འབྲས་སྐྲན་བཅར་འདྲི་ཐོ་འགོད།)དང་། ཁོར་ཡུག་གི་བདེ་ཐང་ཉེན་ཁ་འབྱུང་རྐྱེན་བརྟག་འཇལ (གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཐུང་ཆུའི་འཕྲོད་བསྟེན་བརྟག་འཇལ་དང་ཞིང་སྡེའི་ཁོར་ཡུག་འཕྲོད་བསྟེན་བརྟག་འཇལ།  སྤྱི་པའི་འདུ་གནས་ཀྱི་བདེ་ཐང་ཉེན་ཁ་འབྱུང་རྐྱེན་བརྟག་འཇལ། མཁའ་དབུགས་སྦགས་བཙོག་སོགས་ཀྱིས་མི་ཚོགས་ཀྱི་བདེ་ཐང་ལ་ངན་ཤུགས་ཐེབས་ཚུལ་བརྟག་འཇལ།  ལུས་ཕུང་སྐྱེ་དངོས་བརྟག་འཇལ། ) གཙོ་གནད་མི་ཚོགས་ཀྱི་བདེ་ཐང་བརྟག་འཇལ། (སློབ་མའི་བདེ་ཐང་ཉེན་ཁ་འབྱུང་རྐྱེན་དང་རྒྱུན་མཐོང་གི་ནད་རིགས་བརྟག་འཇལ།)

ཡུན་ནད་ཚན་རྩལ་གྱི་ལས་གཞི་དང་ལས་གྲྭ་གལ་ཆེན་ནི། བདེ་ཐང་འགན་སྲུང་གི་ལས་གྲྭ་གལ་ཆེན་དང་།  རྒྱལ་ཁབ་ཀྱི་ཚན་རྩལ་ཆེད་དམིགས་ལས་གཞི་གལ་ཆེན་ལས “སྨན་རྫས་གསར་བ་གལ་ཆེན་གསར་བཟོའི”ཆེད་དམིགས་ལས་གཞི།  རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་འཇུག་གསར་སྤེལ་འཆར་གཞི་ལས“གནད་འཁེལ་གསོ་རིག་ཞིབ་འཇུགི”དང“དལ་གཤིས་ཀྱི་འགོས་ནད་མིན་པའི་ནད་གཞི་སྤྱི་གྲོས་སྔོན་འགོག་དང་ཚོད་འཛིན་གྱི་ཞིབ་འཇུག”སོགས་ཆེད་དམིགས་ལས་གཞིའི་འབྲེལ་ཡོད་ནང་དོན།

ཚན་རྩལ་གྲུབ་འབྲས་ཕབ་སྒྱུར་དང་འོས་འཚམ་ལག་རྩལ་མྱུར་སྤྱོད་ནི།  བདེ་ཐང་ཚན་རྩལ་གྱི་གྲུབ་འབྲས་གཞན་སྒྱུར་དང་ཕབ་སྒྱུར་འགུལ་སྤྱོད་དང་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་འོས་འཚམ་ལག་རྩལ་ཁྱབ་སྤེལ།

བཞི། འགན་སྲུང་བྱེད་ཐབས།

(གཅིག)རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་སྣོན་དགོས། ས་གནས་སོ་སོས་ཡུན་ནད་འགོག་བཅོས་དེ་བདེ་ཐང་ཀྲུང་གོའི་འཛུགས་སྐྲུན་དང་གསོ་སྨན་འཕྲོད་བསྟེན་ལམ་སྲོལ་བཅོས་སྒྱུར་ཟབ་སྤེལ་གྱི་ནང་དོན་གཙོ་བོར་བྱས་པ་དང་། ས་གནས་ཀྱི་དམངས་འཚོའི་ལས་གྲྭ་གལ་ཆེན་ནང་དུ་འཇུག་དགོས་ཤིང་།  ལས་ཀའི་དམིགས་ཡུལ་དང་དཔྱད་ཞིབ་དམིགས་ཚད་གཏན་འཁེལ་བྱས་ཏེ། རང་ས་གནས་ཀྱི་ཡུན་ནད་འགོག་བཅོས་འཆར་འགོད་དང་ལག་བསྟར་ཇུས་གཞི་གཏན་འབེབས་བྱ་དགོས། རྩ་འཛུགས་དང་ལག་བསྟར་ལ་ཤུགས་སྣོན་པ་དང་།  ཡུན་ནད་འགོག་བཅོས་ལས་ཀའི་མཐུན་སྦྱོར་རྐྱེན་སྲོལ་འཐུས་སྒོ་ཚང་བར་བཙུགས་ཏེ།  ཡུན་ནད་འགོག་བཅོས་ལས་ཀའི་ཁྲོད་ཀྱི་གནད་དོན་གཙོ་བོར་དུས་ལྟར་ཞིབ་འཇུག་ཐག་གཅོད་བྱ་དགོས།

(གཉིས།)སྡེ་ཁག་གི་འགན་འཁྲི་དོན་འཁྱོལ་བྱ་དགོས། འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་འཆར་འགོད་འདི་རྩ་འཛུགས་ལག་བསྟར་བྱེད་དགོས་པར་མ་ཟད་བརྟག་འཇལ་དཔྱད་དཔོག་བྱ་དགོས། འཕེལ་རྒྱས་བཅོས་སྒྱུར་སྡེ་ཁག་གིས་ཡུན་ནད་འགོག་བཅོས་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ཀྱི་ཁོངས་སུ་འཇོག་པ་དང་།  ཡུན་ནད་འགོག་བཅོས་བྱེད་ནུས་འཛུགས་སྐྱོང་ལ་ཤུགས་སྣོན་དགོས། ནོར་སྲིད་སྡེ་ཁག་གིས་སྲིད་གཞུང་གི་འཕྲོད་བསྟེན་ཐད་མ་དངུལ་གཏོང་བའི་སྲིད་ཇུས་གཞིར་བཟུང་སྟེ་འབྲེལ་ཡོད་ཀྱི་གྲོན་དངུལ་དོན་ཐོག་ཏུ་འཁྱོལ་བའི་བླང་བྱ་སྤེལ་དགོས།  མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་དང་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་སྡེ་ཁག་གཉིས་ཀྱིས་སྒོ་བསྟེན་སྨན་ཁང་གི་འབྲེལ་ཡོད་འགན་སྲུང་སྲིད་ཇུས་དང་འགྲོ་སོང་གཏོང་སྤྲོད་རྐྱེན་སྲོལ་སྔར་ལས་ལྷག་པར་འཐུས་ཚང་གཏོང་བ་དང་།  སྨན་བཅོས་འགན་བཅོལ་གྱི་འགྲོ་གྲོན་ཚོད་འཛིན་བྱེད་ནུས་འདོན་སྤེལ་བྱ་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་ནད་གཞི་སྤྱི་གྲོས་འགོག་བཅོས་ལས་ཀའི་པུའུ་རིམ་པའི་མཉམ་འབྲེལ་གྲོས་ཚོགས་གཞུང་ལས་ཁང་གིས་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་བྱས་ནས།   སློབ་གསོ་དང་།  ཚན་རྩལ། བཟོ་ལས་དང་ཆ་འཕྲིན་ཅན། དམངས་སྲིད།  ཁོར་ཡུག་སྲུང་སྐྱོང་།  གྲོང་ཁྱེར་གྲོང་གསེབ་ཀྱི་སྡོད་ཁང་འཛུགས་སྐྲུན།  ཞིང་ལས།  ཚོང་དོན།  གསར་འགྱུར་པར་སྐྲུན་རྒྱང་བསྒྲགས་བརྙན་འཕྲིན།  རྩལ་སྦྱོང་། བདེ་འཇགས་ལྟ་སྐུལ་དོ་དམ།  ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ།  ཀྲུང་ལུགས་གསོ་སྨན་སོགས་ཀྱི་སྡེ་ཁག་གིས་འགན་འཁྲི་ལག་ལེན་བྱེད་པར་སྐུལ་འདེད་བྱས་ཏེ།  ཡུན་ནད་འགོག་བཅོས་ལས་ཀའི་སྡོམ་ཤུགས་ཆགས་སུ་འཇུག་དགོས།

(གསུམ།)འཇོན་མི་སྐྱེད་སྲིང་ལ་ཤུགས་སྣོན་པ།  འཇོན་མི་སྐྱེད་སྲིང་ལ་ཕན་པའི་སྲིད་ཇུས་ཐབས་ལམ་འཐུས་ཚང་གཏོང་བ། བདེ་ཐང་སློབ་གསོ་དང་བདེ་ཐང་དོ་དམ།  སྨན་བཅོས། སྤྱི་པའིའཕྲོད་བསྟེན། ནད་གཡོག   ཁམས་སོས་དང་ཀྲུང་ལུགས་གསོ་སྨན་སོགས་ཀྱི་ཁྱབ་ཁོངས་སུ་འཇོན་མི་སྐྱེད་སྲིང་ལ་ཤུགས་སྣོན།  སྨན་བཅོས་དང་སློབ་གསོ་མཉམ་ལས་ལ་ཤུགས་སྣོན་པ་དང་།  སློབ་ཆེན་དང་སློབ་གླིང་གི་སློབ་གསོ་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་བ། གསོ་རིག་སློབ་མར་ཡུན་ནད་འགོག་བཅོས་ཀྱི་འབྲེལ་ཡོད་ཤེས་བྱ་དང་ནུས་པའི་སློབ་གསོ་སྐྱེད་སྲིང་ལ་ཤུགས་སྣོན་དགོས།  མཐོ་རིམ་སློབ་གྲྭ་རུ་རྒྱབདེ་ཐང་སྐུལ་སྤེལ་དང་བདེ་ཐང་དོ་དམ་སོགས་ཀྱི་འབྲེལ་ཡོད་ཀྱི་ཆེད་ལས་འཛུགས་པར་རྒྱབ་སྐྱོར་བྱེད་པ་དང་།  དམིགས་གཏད་ཡོད་པའི་སྒོ་ནས་རྒྱུན་མཐུད་གསོ་རིག་སློབ་གསོར་ཤུགས་བསྣན་ཏེ།  ཡུན་ནད་འགོག་བཅོས་ཀྱི་འཇོན་མི་སྣ་འཛོམས་ཅན་གོ་འཕེར་ཅན་སྐྱེད་སྲིང་ཅི་ནུས་བྱ་དགོས།  ཆེད་ལས་ལག་རྩལ་གྱི་ལས་གནས་ཐོབ་ཐང་ཞིབ་དཔྱད་གཏན་འབེབས་ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ།  འཇོན་མི་ཡར་རྒྱས་གོང་འཕེལ་ཡོང་བ་དང་ལུགས་མཐུན་གྱི་འཁོར་སྐྱོད་བྱེད་པར་སྐུལ་འདེབས་གཏོང་དགོས།

(བཞི།)ངང་ཚུལ་བཟང་པོ་བསྐྲུན་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཏང་དང་རྒྱལ་ཁབ་ཀྱི་མི་དམངས་བདེ་ཐང་ལ་སྲུང་སྐྱོང་དང་སྐུལ་སྤེལ་བྱས་པའི་སྐོར་གྱི་འཐབ་ཇུས་བསམ་བློ་དང་བྱེད་ཕྱོགས་སྲིད་ཇུས་གལ་ཆེན་རྒྱ་ཆེར་དྲིལ་བསྒྲགས་བྱེད་པ་དང་།  ཡུན་ནད་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་དང་དམིགས་ཚད་ལས་འགན་དང་ཐབས་ཇུས་བྱེད་ཐབས་བཅས་དྲིལ་བསྒྲགས་དང་ལག་བསྟར་བྱ་དགོས།  དྲང་ཕྱོགས་དྲིལ་བསྒྲགས་དང་གླེང་ཕྱོགས་ལྟ་སྐུལ།  ཚན་རིག་དང་མཐུན་པའི་ཁྲིད་སྟོན།  དཔེར་མཚོན་སྤེལ་གཏོང་བཅས་ལ་ཤུགས་སྣོན་པ་དང་།  སྤྱི་ཚོགས་ཀྱིས་ཡུན་ནད་འགོག་བཅོས་ལ་ཡོངས་ཁྱབ་ཏུ་ངོས་འཛིན་པར་ཤུགས་བསྣན་ཏེ།  སྤྱི་ཚོགས་ཡོངས་ཀྱིས་ཡུན་ནད་འགོག་བཅོས་ལ་དོ་ཁུར་དང་རྒྱབ་སྐྱོར་བྱེད་པའི་ངང་ཚུལ་བཟང་པོ་ཞིག་བསྐྲུན་དགོས།

ལྔ། ལྟ་སྐུལ་སློབ་སྟོན་དང་དཔྱད་དཔོག

རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་འཆར་འགོད་འདིའི་ལག་ལེན་ལས་བགོས་ཇུས་གཞི་གཏན་འབེབས་བྱེད་དགོས་ལ།  འབྲེལ་ཡོད་སྡེ་ཁག་སོ་སོས་རང་འགན་རང་འཁུར་བྱས་ནས་ལས་ཀའི་འཕེལ་རིམ་ལ་དུས་ཐོག་ཏུ་རྒྱུས་ལོན་བྱེད་པ་དང་།  དུས་ལྟར་ཆ་འཕྲིན་བརྗེ་རེས་དང་།  མཉམ་འབྲེལ་གྱིས་ལྟ་སྐུལ་དང་ཕན་འབྲས་གདེང་འཇོག་བྱེད་དགོས། 2020ལོར་འཆར་འགོད་ལག་བསྟར་བྱས་པའི་གནས་ཚུལ་ལ་དུས་དཀྱིལ་དཔྱད་དཔོག་བྱ་དགོས་ལ། 2025ལོར་འཆར་འགོད་ལག་བསྟར་བྱས་པར་མཇུག་མཐའི་དཔྱད་དཔོག་བྱ་དགོས།  ས་ཁུལ་སོ་སོའི་ལྟ་སྐུལ་དོ་དམ་དང་དཔྱད་འཇོག་རྐྱེན་སྲོལ་བཙུགས་ཏེ་འཆར་འགོད་ལག་བསྟར་གྱི་སྒྲུབ་ཚད་དང་ཕན་འབྲས་ལ་དཔྱད་འཇོག་བྱ་དགོས་ལ། འཆར་འགོད་ལག་བསྟར་བྱས་པའི་གནས་ཚུལ་དེ་སྲིད་གཞུང་གི་ལྟ་སྐུལ་དང་སྒྲུབ་སྐུལ་གྱི་དོན་ཚན་གལ་ཆེན་དུ་བརྩིས་ནས། འཆར་འགོད་ཀྱི་དམིགས་ཚད་ལས་འགན་སོ་སོ་དོན་ཐོག་ཏུ་འཁྱོལ་བར་་སྐུལ་འདེབས་བྱ་དགོས།