མཚོ་སྔོན་ཞིང་ཆེན་གྱི2016ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང2017ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ།

མཚོ་སྔོན་ཞིང་ཆེན་གྱི2016ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང2017ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ། 

——2017ལོའི་ཟླ1པོའི་ཚེས15ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་

སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དྲུག་པའི་ཐོག  

མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་ནས།

ཞིང་ཆེན་མི་དམངས་སྲིད་གཞུང་གི་མངག་བཅོལ་ལྟར། ད་ལྟ2016ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང2017ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ་ཞེས་པ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ནས་གྲོས་ཞིབ་གནང་བ་དང་། སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པ་དང་གྲོས་ཚོགས་སུ་ཟུར་ཞུགས་མཛད་པའི་བློ་མཐུན་རྣམ་པས་ཀྱང་བསམ་འཆར་གནང་རོགས་ཞུ།

གཅིག  2016ལོའི་ཞིང་ཆེན་ཡོངས་ཀྱི་སྔོན་རྩིས་ལག་བསྟར་བྱས་པའི་སྐོར་གྱི་གནས་ཚུལ།

2016ལོར། རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་རྙོག་འཛིང་ཆེ་ལ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་ཐད་ཀྱི་དཀའ་ཚེགས་མང་བའི་གནད་དོན་མངོན་གསལ་དོད་པོ་ཡིན་ཞིང་། མར་ཆག་པའི་གནོན་ཤུགས་སྔར་བཞིན་ཅུང་ཆེ། ཞིང་ཆེན་ཏང་ཨུ་གི་བརྟན་པོའི་མགོ་ཁྲིད་འོག་དང་། རིམ་པ་སོ་སོའི་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ཨུ་ཁང་གི་ལྟ་སྐུལ་མཛུབ་སྟོན་འོག ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ནོར་སྲིད་སྡེ་ཁག་གིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཐེངས་བཞི་བ། ཐེངས་ལྔ་བ། ཐེངས་དྲུག་པ་བཅས་དང་དེ་མིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི“3.10”དང“8.24”ཡི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་དང་ཐེངས་བཅུ་གཉིས་པའི་བཀོད་སྒྲིག་ལྟར། འཕར་སྣོན་གཏན་བརླིང་དང་བཅོས་སྒྱུར་སྐུལ་འདེད། སྒྲིག་གཞི་མཐུན་སྦྱོར། དམངས་ཚིས་གཟིགས་སྐྱོང་། ཉེན་ཁ་སྔོན་འགོག་བཅས་གཅིག་གྱུར་གྱིས་འཆར་འགོད་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་ཀྱིས་སྤྱི་ཁོག་ནས་བརྟན་པོ་དང་བརྟན་པོ་གྱིས་མདུན་སྐྱོད། མདུན་སྐྱོད་བཟང་ཕྱོགས་སུ་འཕེལ་བའི་གནས་བབ་བཟང་པོ་རྒྱུན་སྲུང་བྱས་པས། ནོར་སྲིད་བཅོས་བསྒྱུར་དང་འཕེལ་རྒྱས་རིམ་ལྡན་ངང་སྤེལ་ཞིང་། སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་ཅུང་ལེགས་པོ་རེད།

(གཅིག)   སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས།

1.ཞིང་ཆེན་ཡོངས་ཀྱིས་ལག་བསྟར་བྱས་པའི་གནས་ཚུལ། ཞིང་ཆེན་ཡོངས་ཀྱི་ས་གནས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར238.4ཡོངས་འགྲུབ་བྱུང་ཞིང་། སྔོན་རྩིས་ཀྱི107.6%ཡིན་པ་དང་། ལས་གཉེར་དཔྱ་ཁྲལ་དེ་རིན་འཕར་དཔྱ་ཁྲལ་དུ་བསྒྱུར་ནས་ཀྲུང་དབྱང་དང་ས་གནས་ཀྱིས་ལྔ་ལྔ་གྱིས་བགོ་བའི་རྒྱུ་རྐྱེན་ཕུད་རྗེས2015ལོའི་ཁ་ཚད་གཅིག་མཚུངས་ལས8.3%འཕར་ཡོད།

ཞིང་ཆེན་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར1522.6ཡིན་ཞིང། སྔོན་རྩིས་ཀྱི96.5%ཡིན་པ་དང་། ལོ་སྔོན་མ་ལས་སྒོར་དུང་ཕྱུར7.4ཇེ་མང་དུ་སོང་ཞིང། 0.5%འཕར་ཡོད། དེའི་ནང་དུ་སྤྱིར་བཏང་གི་སྤྱི་པའི་ཞབས་ཕྱི་ཐད་སྒོར་དུང་ཕྱུར121.5བཏང་ཞིང་། 3.5%འཕར་ཡོད། སྤྱི་པའི་བདེ་འཇགས་ཐད་སྒོར་དུང་ཕྱུར71བཏང་ཞིང་། 20.3%འཕར་ཡོད། སློབ་གསོའི་ཐད་སྒོར་དུང་ཕྱུར171.4བཏང་ཞིང་། 5%འཕར་ཡོད། ཚན་རིག་ལག་རྩལ་ཐད་སྒོར་དུང་ཕྱུར10.9བཏང་ཞིང་། 2.8%མར་བབས་ཡོད། རིག་གནས་ལུས་རྩལ་དང་སྨྱན་བྱེད་ཐད་སྒོར་དུང་ཕྱུར33.3བཏང་ཞིང། 0.8%མར་བབས་ཡོད། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཀྱི་ཐད་སྒོར་དུང་ཕྱུར196.3བཏང་ཞིང། 3.7%འཕར་ཡོད། སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཐད་སྒོར་དུང་ཕྱུར103.2བཏང་ཞིང། 3.8%འཕར་ཡོད། ནུས་སྲི་ཁོར་སྲུང་ཐད་སྒོར་དུང་ཕྱུར73.4བཏང་ཞིང་། 16%མར་བབས་ཡོད། གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་ཐད་སྒོར་དུང་ཕྱུར119.7བཏང་ཞིང་། 6.8%མར་བབས་ཡོད། ཞིང་ནགས་ཆུ་གསུམ་གྱི་ལས་དོན་ཐད་སྒོར་དུང་ཕྱུར229.1བཏང་ཞིང་། 12.1%འཕར་ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་ཐད་སྒོར་དུང་ཕྱུར178.7བཏང་ཞིང་། 13%མར་བབས་ཡོད། སྡོད་ཁང་འགན་སྲུང་ཐད་སྒོར་དུང་ཕྱུར69.6བཏང་

ཞིང་། 6.7%འཕར་ཡོད།

ཞིང་ཆེན་ཡོངས་ཀྱི་སྔོན་རྩིས་ལག་བསྟར་གྱི་མཇུག་འབྲས་ནི། སྤྱིའི་ནོར་ཤུགས་སྒོར་དུང་ཕྱུར1694ཡིན་ཞིང་། སྒོར་དུང་ཕྱུར35ཇེ་མང་དུ་སོང་བས2.1%འཕར་ཡོད། དེའི་ནང་དུ། ས་གནས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར238.4ཡིན་པ་དང་། ཀྲུང་དབྱང་གི་ཁ་གསབ་ཡོང་སྒོ་སྒོར་དུང་ཕྱུར1066ཡིན། ས་གནས་སྲིད་གཞུང་གི་གསར་བཀྲམས་བུན་འཛིན་ཡོང་སྒོ་སྒོར་དུང་ཕྱུར127ཡིན། སྔོན་ལོའི་ལྷག་འཕྲོ་རྩིས་འབྲས་སྤོ་འགོད་སྒོར་དུང་ཕྱུར32.8ཡོད་ཅིང། སྔོན་རྩིས་གཏན་འཇགས་སྙོམས་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར87.1ནང་འདྲེན་བྱས་པ་དང་། ལོ་རིམ་གྱི་ནོར་སྲིད་གསོག་འབོར་མ་དངུལ་དང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་སོགས་སྒོར་དུང་ཕྱུར142.7ནང་འདྲེན་བྱས། གཞན་ཡང་། བརྗེ་བསྒྱུར་བུན་འཛིན་སྒོར་དུང་ཕྱུར199.7འགྲེམ་སྤེལ་བྱས། ཞིང་ཆེན་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར1522.6བཏང་ཞིང་། བུ་ལོན་མ་རྩ་འཇལ་བའི་འགྲོ་སྒོ་སྒོར་དུང་ཕྱུར207.5བཏང་། སྔོན་རྩིས་གཏན་འཇགས་སྙོམ་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར116.2བཀོད་སྒྲིག་བྱས་པ་དང་། གོང་སྤྲོད་བྱས་པའི་འགྲོ་སྒོ་སྒོར་དུང་ཕྱུར1.5ཡོད། གཏོང་ཡོང་གཉིས་ཐོད་གཏུག་རྗེས། ལོ་མཇུག་སྒོར་དུང་ཕྱུར45.9ལྷག་ཡོད་ལ། ཚང་མ་ལོ་རྗེས་མའི་འགྲོ་སྒོའི་རྩིས་ཁོངས་སུ་སྤོས་ཡོད།

2.ཞིང་ཆེན་རིམ་པ་འདིའི་ལག་བསྟར་བྱས་པའི་གནས་ཚུལ། ཞིང་ཆེན་རིམ་པ་འདིའི་ས་གནས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར73.3ཡོངས་འགྲུབ་བྱུང་ཞིང་། སྔོན་རྩིས་ཀྱི122.2%ཡིན་ཞིང་། ཁ་ཚད་གཅིག་མཚུངས་ལས་སྒོར་དུང་ཕྱུར1.6ཇེ་མང་དུ་སོང་སྟེ། 2.3%འཕར་ཡོད།

ཞིང་ཆེན་རིམ་པ་འདིའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར498.1ཡོངས་འགྲུབ་བྱུང་། སྔོན་རྩིས་ཀྱི91.3%ཡིན་ཞིང་། སྒོར་དུང་ཕྱུར11.1ཇེ་ཉུང་དུ་སོང་སྟེ། 2.2%མར་བབས་ཡོད། དེའི་ནང་དུ། སྤྱིར་བཏང་གི་སྤྱི་པའི་ཞབས་་ཕྱི་ཐད་སྒོར་དུང་ཕྱུར25.9བཏང་ཞིང། 3.3%མར་བབས་ཡོད། སྤྱི་པའི་བདེ་འཇགས་ལ་སྒོར་དུང་ཕྱུར35བཏང་ཞིང་། 70.6%འཕར་ཡོད། སློབ་གསོའི་ཐད་སྒོར་དུང་ཕྱུར24བཏང་ཞིང་། 1.9%མར་བབས་ཡོད། ཚན་རིག་ལག་རྩལ་ཐད་སྒོར་དུང་ཕྱུར5.5བཏང་ཞིང་། 5.7%འཕར་ཡོད། རིག་གནས་ལུས་རྩལ་དང་སྨྱན་བྱེད་ཐད་སྒོར་དུང་ཕྱུར11.4བཏང་ཞིང་། 17.3%མར་བབས་ཡོད། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཐད་སྒོར་དུང་ཕྱུར64.5བཏང་ཞིང་། 8.6%འཕར་ཡོད། སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཐད་སྒོར་དུང་ཕྱུར20.1བཏང་ཞིང་། 7.4%མར་བབས་ཡོད། ནུས་སྲི་ཁོར་སྲུང་ཐད་སྒོར་དུང་ཕྱུར19.3བཏང་ཞིང་། 27.7%མར་བབས་ཡོད། གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་ཐད་སྒོར་དུང་ཕྱུར0.5བཏང་ཞིང་། 61.4%མར་བབས་ཡོད། ཞིང་ནགས་ཆུ་གསུམ་ལས་དོན་ཐད་སྒོར་དུང་ཕྱུར32.5བཏང་ཞིང་། 27%འཕར་ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་ཐད་སྒོར་དུང་ཕྱུར169.9བཏང་ཞིང་། 12.7%མར་བབས་ཡོད། སྡོད་ཁང་འགན་སྲུང་ཐད་སྒོར་དུང་ཕྱུར6.1བཏང་ཞིང་། 11.4%མར་བབས་ཡོད། ཞིང་ཆེན་རིམ་པ་འདིའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཁ་ཤས་ཀྱི་འགྲོ་སྒོ་འཕར་ཚད་ཉུང་བའམ་ཡང་ན་མར་བབས་པའི་རྒྱུ་རྐྱེན་གཙོ་བོ་ནི། མ་དངུལ་བཀོལ་སྤྱོད་ཀྱི་ཕན་འབྲས་མཐོར་འདེགས་སུ་གཏོང་ཆེད། སྔོན་ཆད་ཞིང་ཆེན་རིམ་པས་འགྲོ་སྒོ་གཏོང་རྩི་བྱེད་པའི་ལས་གཞི་ཁ་ཤས་ཀྱི་མ་དངུལ་དེ་གྲོང་ཁྱེར་དང་ཁུལ་ལ་བཏང་ནས། གྲོང་ཁྱེར་དང་ཁུལ་གྱིས་གྲོན་འཇོག་བྱས་པ་དང་། 2015ལོར་ཀྲུང་དབྱང་གིས་འགྲོ་སྒོ་ཐེངས་གཅིག་གིས་བཀོད་སྒྲིག་བྱས་པ་སོགས་ཀྱི་རྐྱེན་རེད།

ཞིང་ཆེན་རིམ་པ་འདིའི་སྔོན་རྩིས་ལག་བསྟར་གྱི་མཇུག་འབྲས་ནི། སྤྱིའི་ནོར་ཤུགས་སྒོར་དུང་ཕྱུར642.2ཡིན་ཞིང་། སྒོར་དུང་ཕྱུར23.2ཇེ་མང་དུ་སོང་སྟེ། 3.7%འཕར་ཡོད། དེའི་ནང་དུ། ས་གནས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར73.3ཡིན་པ་དང་། ཀྲུང་དབྱང་གི་ཁ་གསབ་ཡོང་སྒོ་སྒོར་དུང་ཕྱུར253(ཀྲུང་དབྱང་གི་ཁ་གསབ་ཡོང་སྒོ་སྒོར་དུང་ཕྱུར1066ནང་ནས། གྲོང་ཁྱེར་དང་ཁུལ་ལ་སྒོར་དུང་ཕྱུར813ཁ་གསབ་བྱས་པ་ཕུད་ཡོད།) ཡིན་པ་དང་། ས་གནས་སྲིད་གཞུང་གི་བུན་འཛིན་ཡོང་སྒོ་སྒོར་དུང་ཕྱུར113.5བཀོལ་སྤྱོད་བྱས་པ(ཞིང་ཆེན་ཡོངས་ཀྱིས་སྒོར་དུང་ཕྱུར127འགྲེམ་སྤེལ་དང་གྲོང་ཁྱེར་དང་ཁུལ་རིམ་པར་སྒོར་དུང་ཕྱུར13.5བུན་བསྒྱུར་བྱས་ཡོད།)ཡིན། ལོ་སྔོན་མའི་ཡོང་སྒོ་ལྷག་འཕྲོ་སྒོར་དུང་ཕྱུར22.8ཡོད། སྔོན་རྩིས་གཏན་འཇགས་སྙོམ་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར70ནང་འདྲེན་བྱས་པ་དང་། ལོ་རིམ་གྱི་ནོར་སྲིད་བསགས་དངུལ་དང་དེ་མིན་སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་སོགས་མ་དངུལ་སྒོར་དུང་ཕྱུར109.6ནང་འདྲེན་བྱས། དེ་མིན་ད་དུང་བརྗེ་བསྒྱུར་བུན་འཛིན་སྒོར་དུང་ཕྱུར112.3(ཞིང་ཆེན་ཡོངས་ལ་སྒོར་དུང་ཕྱུར199.7ཡིན་ལ། གྲོང་ཁྱེར་དང་ཁུལ་རིམ་པར་སྒོར་དུང་ཕྱུར87.4བུན་བསྒྱུར་བྱས་ཡོད།) བཀོལ་སྤྱོད་བྱས། ཞིང་ཆེན་རིམ་པ་འདིའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར498.1བཏང་བ་དང་། བུ་ལོན་མ་རྩ་འཇལ་བའི་འགྲོ་སྒོ་སྒོར་དུང་ཕྱུར112.3བཏང་། སྔོན་རྩིས་གཏན་འཇགས་སྙོམས་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར100བཀོད་སྒྲིག་བྱས། གོང་སྤྲོད་བྱས་པའི་འགྲོ་སྒོ་སྒོར་དུང་ཕྱུར1.5ཡོད། གཏོང་ཡོང་གཉིས་ཐོད་གཏུག་རྗེས། ལོ་རྗེས་མའི་རྩིས་ཁོངས་སུ་སྤོས་པའི་འགྲོ་སྒོ་སྒོར་དུང་ཕྱུར42.5ཡོད། ལོ་དེའི་གཏོང་ཡོང་ཆ་སྙོམས་ཡིན་པ་མངོན་འགྱུར་བྱུང་།

(གཉིས)  སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་སྔོན་རྩིས།

ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་ཡོང་སྒོ་སྒོར་དུང་ཕྱུར137.7ཡིན། དེའི་ནང་དུ། ལོ་དེའི་ཡོང་སྒོ་སྒོར་དུང་ཕྱུར69.7གྲུབ་ཅིང་། ཀྲུང་དབྱང་གི་ཁ་གསབ་ཡོང་སྒོ་སྒོར་དུང་ཕྱུར10.3ཡོད། ལོ་སྔོན་མའི་རྩིས་ཁོངས་སུ་སྤོས་པའི་སྒོར་དུང་ཕྱུར33.7ཡོད། ཆེད་གཉེར་ལས་གཞི་བུན་འཛིན་གསར་བཀྲམས་བྱས་པའི་ཡོང་སྒོ་སྒོར་དུང་ཕྱུར24ཡོད། གཞན་ཡང་། ཆེད་གཉེར་ལས་གཞི་བརྗེ་བསྒྱུར་བུན་འཛིན་སྒོར་དུང་ཕྱུར73.8བཀྲམས་སྤེལ་བྱས། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་འགྲོ་སྒོ་སྒོར་དུང་ཕྱུར85.3བཏང་ཞིང་། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་སྒོར་དུང་ཕྱུར19.4ནང་འདྲེན་བྱས་ཤིང། བུན་མཇལ་འགྲོ་སྒོ་སྒོར་དུང་ཕྱུར73.8བཏང་། ལོ་རྗེས་མའི་རྩིས་ཁོངས་སུ་སྤོས་པའི་འགྲོ་སྒོ་སྒོར་དུང་ཕྱུར33ཡོད།

ཞིང་ཆེན་རིམ་པ་འདིའི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་ཡོང་སྒོ་སྒོར་དུང་ཕྱུར61.3ཡོད། དེའི་ནང་དུ། ལོ་དེའི་ཡོང་སྒོ་སྒོར་དུང་ཕྱུར26.3གྲུབ་པ་དང་། ཀྲུང་དབྱང་གི་ཁ་གསབ་ཡོང་སྒོ་སྒོར་དུང་ཕྱུར-2.6   (ཀྲུང་དབྱང་གི་ཁ་གསབ་ཡོང་སྒོ་སྒོར་ཕྱུར10.3ཡིན་པ་དང་། གྲོང་ཁྱེར་དང་ཁུལ་ལ་སྒོར་དུང་ཕྱུར12.9ཁ་གསབ་བྱས།)ཡིན། ལོ་སྔོན་མའི་རྩིས་ཁོངས་སུ་སྤོས་པའི་སྒོར་དུང་ཕྱུར27.6ཡོད། ཆེད་གཉེར་ལས་གཞི་བུན་འཛིན་གྱི་ཡོང་སྒོ་སྒོར་དུང་ཕྱུར10བཀོལ་སྤྱོད་བྱས།(ཞིང་ཆེན་ཡོངས་ཀྱི་སྒོར་དུང་ཕྱུར24ཡིན་པ་དང་གྲོང་ཁྱེར་དང་ཁུལ་ལ་བུན་བསྒྱུར་བྱས་པའི་སྒོར་དུང་ཕྱུར14ཡིན།)། གཞན་ཡང་། གྲོང་ཁྱེར་དང་ཁུལ་ལ་བུན་སྒྱུར་བྱས་པའི་སྒོར་ཁྲི་ཚོ753573ཡིན།)གཞན་ཡང་། ཆེད་གཉེར་ལས་གཞི་བརྗེ་བསྒྱུར་བུན་འཛིན་སྒོར་ཁྲི་ཚོ165(ཞིང་ཆེན་ཡོངས་ཀྱི་སྒོར་ཁྲི་ཚོ753738ཡིན་པ་དང་གྲོང་ཁྱེར་དང་ཁུལ་ལ་བུན་སྒྱུར་བྱས་པའི་སྒོར་ཁྲི་ཚོ753573ཡིན།)བཀྲམས་སྤེལ་བྱས། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་འགྲོ་སྒོ་སྒོར་དུང་ཕྱུར22.8གྲུབ། བུ་ལོན་མ་རྩ་འཇལ་བའི་འགྲོ་སྒོ་སྒོར་དུང་ཕྱུར165བཏང། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་སྒོར་དུང་ཕྱུར10ནང་འདྲེན་བྱས་ཏེ། ལོ་རྗེས་མའི་རྩིས་ཁོངས་སུ་སྤོས་པའི་འགྲོ་སྒོ་སྒོར་དུང་ཕྱུར28.5ཡིན།

(གསུམ) རྒྱལ་དབང་མ་རྩ་བདག་གཉེར་གྱི་སྔོན་རྩིས།

ཞིང་ཆེན་ཡོངས་ཀྱི་རྒྱལ་དབང་མ་རྩ་བདག་གཉེར་གྱི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར0.65ཡིན་ལ། རྒྱལ་དབང་མ་རྩ་བདག་གཉེར་གྱི་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར0. 55ཡིན། ཞིང་ཆེན་རིམ་པ་འདིའི་རྒྱལ་དབང་མ་རྩ་བདག་གཉེར་གྱི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར0.5ཡིན་ལ། རྒྱལ་དབང་མ་རྩ་བདག་གཉེར་གྱི་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར0.47ཡིན །

(བཞི) སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས།

ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་ཡོང་སྒོ་སྒོར་དུང་ཕྱུར269.8གྲུབ་ལ། སྒོར་དུང་ཕྱུར73.6ཇེ་མང་དུ་སོང་ཞིང་། 37.5%འཕར་ཡོད། སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་འགྲོ་སྒོ་སྒོར་དུང་ཕྱུར272.2གྲུབ་ལ། སྒོར་དུང་ཕྱུར85.4ཇེ་མང་དུ་སོང་། 45.7%འཕར་ཡོད། ཞིང་ཆེན་རིམ་པ་འདིའི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་ཡོང་སྒོ་སྒོར་དུང་ཕྱུར196.6གྲུབ་ཡོད། སྒོར་དུང་ཕྱུར69ཇེ་མང་དུ་སོང་ཞིང་། 54.2%འཕར་ཡོད། སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་འགྲོ་སྒོ་སྒོར་དུང་ཕྱུར209.7གྲུབ་པ་དང་། སྒོར་དུང་ཕྱུར80ཇེ་མང་དུ་སོང་ཞིང་། 61.6%འཕར་ཡོད།

གསལ་བཤད་བྱེད་དགོས་པའི་གནད་དོན། གཅིག་ནི་ས་གནས་སྤྱིར་བཏང་གི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་སྒོ་གྲུབ་པའི་སྐོར་གྱི་གནས་ཚུལ། 2016ལོའི་སྔོན་རྩིས་དམིགས་འབེན་གཏན་ཁེལ་བྱེད་དུས། ལས་གཉེར་དཔྱ་ཁྲལ་དེ་རིན་འཕར་དཔྱ་ཁྲལ་དུ་བསྒྱུར་བའི་བཅོས་སྒྱུར་སྤྱི་ཡོངས་ནས་ཁྱབ་སྤེལ་དང་དེ་མིན་རིན་འཕར་དཔྱ་ཁྲལ་དེ་ཀྲུང་དབྱང་དང་ས་གནས་ཀྱིས་མཉམ་བགོས་ལོངས་སྤྱོད་སྲིད་ཇུས་ལག་བསྟར་བྱེད་པར་བསམ་བློ་གབཏང་བ་དང་། ང་ཚོས2015ལོའི་ཡོང་སྒོ་གཞི་གྲངས་ལ་ཁ་ཚད་གཅིག་མཚུངས་ཀྱིས་སྙོམས་སྒྲིག་བྱས་ནས། ཡོང་སྒོ་འཕར་བའི་དམིགས་འབེན6%ཏུ་གཏན་ཁེལ་བྱས། སྔོན་རྩིས་ལག་བསྟར་བྱེད་དུས་རང་ཉིད་ལ་གནོན་ཤུགས་འཇོག་པ་རྒྱུན་འཁྱོངས་དང་བྱེད་ཐབས་ནུས་ལྡན་སྤྱད་པས་ཁྲལ་ལུགས་གསར་བ་གཏན་འཇགས་ངང་ལག་བསྟར་བྱ་རྒྱུ་ཁག་ཐེག་བྱས་ཤིང་། ཆད་ཁྲལ་གཙང་འཇལ་བྱེད་ཤུགས་ཇེ་དྲག་ཏུ་བཏང་བས། ལོ་འགོར་གཏན་ལ་ཕབ་པའི་དམིགས་འབེན་ལྷག་འགྲུབ་བྱས། ཡིན་ནའང2015ལོ་དང་བསྡུར་ན་གྲུབ་གྲངས་སྒོར་དུང་ཕྱུར28.79ཉུང་འཕྲི་བྱུང་ཡོད། གཉིས་ནི་ཡོང་སྒོ་ལྷག་འགྲུབ་སྐོར་གྱི་གནས་ཚུལ། ལོ་འཁོར་ལག་བསྟར་ཁྲོད་དུ་ཞིང་ཆེན་རིམ་པ་འདིའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱིས་སྒོར་དུང་ཕྱུར13.3ལྷག་གྲུབ་བྱས་ཤིང་། སྔོན་རྩིས་བཅའ་ཁྲིམས་དང་ནོར་སྲིད་པུའུ་ཡི་ལོ་འཁོར་ལས་བརྒལ་བའི་སྔོན་རྩིས་དོ་སྙོམ་རྐྱེན་སྲོལ་འཛུགས་པའི་འབྲེལ་ཡོད་གཏན་ཁེལ་ལྟར། ཚང་མ་ཞིང་ཆེན་རིམ་པ་འདིའི་སྔོན་རྩིས་གཏན་འཇགས་སྙོམ་སྒྲིག་གི་ཐེབས་རྩ་ཁ་གསབ་ཐད་དུ་བཀོལ་སྤྱོད་བྱས་ཡོད། གསུམ་ནི་ས་གནས་སྲིད་གཞུང་གི་བུན་འཛིན་སྔོན་རྩིས་དོ་དམ་སྐོར་གྱི་གནས་ཚུལ། ནོར་སྲིད་པུའུ་ཡི་བླང་བྱ་ལྟར། 2016ལོར་ཞིང་ཆེན་ཡོངས་ཀྱིས་གསར་འགྲེམ་བྱས་པའི་ས་གནས་སྲིད་གཞུང་གི་བུན་འཛིན་སྒོར་དུང་ཕྱུར151ཚང་མ་སྔོན་རྩིས་དོ་དམ་ནང་དུ་བཀོད་ཅིང་། ཐ་དད་དུ་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་དང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་སྔོན་རྩིས་ནང་དུ་ཚུར་སྣང་བྱས་ཡོད། ནོར་སྲིད་པུའུ་ཡིས་ཞིབ་བཅད་བྱས་པའི་རང་ཞིང་གི2016ལོར་ས་གནས་སྲིད་གཞུང་གི་བུན་འཛིན་བཅད་གྲངས་ནི་སྒོར་དུང་ཕྱུར1481.9ཡིན། 2015ལོའི་ལོ་མཇུག་བར་དུ། ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་གི་བུན་འཛིན་ལྷག་གྲངས་སྒོར་དུང་ཕྱུར1236.4ཡིན་ཞིང་། དེའི་ཁར2016ལོའི་ནོར་སྲིད་པུའུ་ཡིས་སྲིད་གཞུང་གི་བུན་འཛིན་བཅད་གྲངས་སྒོར་དུང་ཕྱུར151གསར་དུ་བསྣན་པ་དང་། རང་ཉིད་ལ་ཡོད་པའི་མ་དངུལ་གྱིས་སྒོར་དུང་ཕྱུར46.8བུན་འཇལ་བྱས་པས། 2016ལོའི་ལོ་མཇུག་བར་དུ། ཞིང་ཆེན་ཡོངས་ཀྱི་ས་གནས་སྲིད་གཞུང་གི་བུན་འཛིན་ལྷག་གྲངས་སྒོར་དུང་ཕྱུར1339.1ཡིན་པས་བུན་འཛིན་ཚད་ནི47.3(དེའི་ནང་དུ་སྤྱིར་བཏང་གི་བུན་འཛིན་གྱིས44.6%ཟིན་ལ། ཆེད་གཉེར་ལས་གཞི་བུན་འཛིན་གྱིས80.5%ཟིན་ཡོད)ཡིན།

འཐུས་མི་རྣམ་པ། འདས་ཟིན་པའི་ལོ་གཅིག་གི་ནང་དུ། ཞིང་ཆེན་ཡོངས་ཀྱི་ནོར་སྲིད་སྡེ་ཁག་གིས་རྒྱུན་རྣམ་གསར་བའི་འོག་གི་ནོར་སྲིད་བྱ་བའི་ཆོས་ཉིད་དང་ཁྱད་ཆོས་ནན་འཛིན་བྱས་ནས་དམིགས་འབེན་དང་གནད་དོན་གྱི་ཁྲིད་སྟོན་ལ་མཐོང་ཆེན་བྱས་ཏེ། བཅོས་སྒྱུར་གསར་སྐྲུན་ལ་ཤུགས་སྣོན་དང་གཏོང་ཡོང་དོ་དམ་ནན་འཛིན། གཏོང་འཇོག་བྱེད་སྟངས་གསར་སྐྲུན། ཉེན་ཁ་ཚོད་འཛིན་བྱེད་པར་ཤུགས་སྣོན་བཏང་བ། རྨང་གཞི་ཇེ་བརྟན་དུ་བཏང་བ། ཤུགས་གང་ཡོད་ཕུད་ནས་རྒྱུན་མཐུད་ཅན་གྱི་ནོར་སྲིད་བསྐྲུན་ནས། ཧུར་བརྩོན་གྱིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་བརྟན་ཞིང་ཅུང་མྱུར་བའི་ངང་ནས་གོང་དུ་སྤེལ་བར་སྐུལ་འདེད་བྱས། གཙོ་བོ་གཤམ་གྱི་བྱ་བ་འགའ་སྒྲུབ་ཡོད་པ་སྟེ།

གཅིག་ནི་ཐབས་མང་མཉམ་སྤྱོད་ཀྱིས་གཏོང་ཡོང་བཟུང་བ། ཧ་ཅང་ཛ་དྲག་ཆེ་བའི་ཡོང་སྒོ་གནས་བབ་དང་ཉིན་བཞིན་འབུར་དུ་ཐོན་པའི་སྔོན་རྩིས་དོ་སྙོམ་གནོན་ཤུགས་ལ་གཞིགས་ནས་དུས་ཐོག་ཏུ་ཞིང་ཆེན་ཡོངས་ཀྱི་ནོར་སྲིད་བྱ་བའི་བཞུགས་མོལ་ཚོགས་འདུ་དང་ནོར་ཁྲལ་གནས་བབ་དབྱེ་ཞིབ་གྲོས་ཚོགས་སོགས་ཆེད་གཉེར་ལས་གཞི་གྲོས་ཚོགས་བསྡུས་ནས་ཚན་རིག་དང་མཐུན་པའི་ངང་རྡར་ཤ་གཅོད་པ་དང་། ཕྱོགས་བསྡུས་གྱིས་ཐབས་ཇུས་བཀོལ་བ། ལོ་འཁོར་ནོར་སྲིད་དམིགས་འབེན་བདེ་བླག་ངང་འགྲུབ་པར་ཧུར་བརྩོན་བྱས། ས་གནས་རང་ཉིད་ཀྱི་ཡོང་སྒོ་བརྟན་འཕར་བྱུང་བ། དཔལ་འབྱོར་མར་ཆག་པའི་གནོན་ཤུགས་ཇེ་དྲག་ཡིན་པ་དང་ཁྲལ་ཁུངས་ཉུང་བའི་ཁོར་ཡུག་ཆེན་པོའི་འོག་ཏུ། རིམ་པ་སོ་སོའི་ནོར་ཁྲལ་སྡེ་ཁག་གིས་གཉེར་ཁྲལ་ཡོང་ཁྲལ་དུ་སྒྱུར་བ་དང་ཐོན་ཁུངས་ཁྲལ་བཅོས་སྒྱུར། ཁེ་ལས་དང་འབྲེལ་བའི་གྲོན་སྡུད་ཐེབས་རྩ་གཙང་བཤེར་སོགས་ཡོང་སྒོ་ཉུང་འཕྲི་བྱེད་པའི་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ངན་པ་ཧུར་བརྩོན་གྱིས་བསལ་ནས། དུས་ཐོག་ཏུ་ཡོང་སྒོའི་ལས་འགན་གྲངས་ཚད་ཅན་དུ་དབྱེ་ཕྲལ་བྱེད་པ་དང། ཟླ་འཁོར་དབྱེ་ཞིབ་ཁྱབ་བསྒྲགས་ལམ་ལུགས་རྒྱུན་འཁྱོངས། ཁྲལ་སྡུད་སྤུས་ཚད་ཞིབ་བཤེར་ཆེན་མོ་ཟབ་སྤེལ། འགྲོ་སྒོ་གཏོང་ཚད་ཇེ་མགྱོགས་སུ་གཏོང་བ་དེས་ཡོང་སྒོ་ལེན་པར་སྐུལ་འདེད་བྱེད་པ་བཅས་བྱས་ཏེ། ས་གནས་ཡོང་སྒོའི་གཏན་འཇགས་རང་བཞིན་དང་རྒྱུན་མཐུད་རང་བཞིན་ཇེ་དྲག་ཏུ་བཏང་། ཀྲུང་དབྱང་གི་ཆེད་གཉེར་ལས་གཞི་བརྩོན་ལེན་བྱེད་པའི་ཐད་དུ་ཕན་འབྲས་གསར་བ་བླངས། རྒྱལ་ཁབ་ཀྱི་སྲིད་ཇུས་བཏོན་པའི་གོ་སྐབས་དམ་འཛིན་དང་། རྩ་འཛུགས་མཐུན་སྦྱོར་ཇེ་དྲག་ཏུ་གཏོང་བ། སྣེ་མཐུད་དོན་ཐོག་ཏུ་འཁྱོལ་བ་ལ་ཤུགས་སྣོན། ཧུར་བརྩོན་གྱིས་འགྲན་རྩོད་རང་བཞིན་གྱི་བགོ་བཤའ་བཅོས་སྒྱུར་དང་བསྟུན་པ། ནང་གྱིས་སུ་འགྱིག་སོབ་གྲོང་ཁྱེར་དང་ས་འོག་གི་ཕྱོགས་བསྡུས་སྦུབ་གུ་གྲོང་ཁྱེར། འཁྱགས་གཏོང་དངོས་ཟོང་འཁོར་རྒྱུག་སྤེལ་བ། ཁེ་ལས་ཆུང་བས་ལས་སྐྲུན་གསར་སྐྲུན་བྱེད་པའི་རྟེན་གཞི་གྲོང་ཁྱེར་གྱི་དཔེ་མཚོན་དང་། རྒྱལ་ཡོངས་ཀྱི་རང་ཁྱིམ་དང་སྡེ་ཁུལ་ནས་རྒན་གསོ་ཞབས་་ཕྱི་བཅོས་སྒྱུར་ཚོད་ལྟ་སོགས་ཆེད་གཉེར་ལས་གཞི་བརྩོན་ལེན་བྱེད་པའི་ཐད་དུ་འགག་གཏོར་མངོན་འགྱུར་བྱུང་། ལོ་ཡོངས་སུ་བསྡོམས་པས་ཀྲུང་དབྱང་གི་རིགས་སྣ་ཚོགས་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར1066བརྩོན་ལེན་བྱས་པ་དང་་དུས་མཉམ་ལས10.1%འཕར། གཞན་ཡང་། ས་གནས་སྲིད་གཞུང་གི་བུན་འཛིན་བཅད་གྲངས་སྒོར་དུང་ཕྱུར469བརྩོན་ལེན་བྱས་པ་དང་སྔོན་ལོ་ལས43%འཕར། ཁ་གཏད་མཚོ་སྐྱོར་མ་དངུལ་སྒོར་དུང་ཕྱུར13.2དོན་ཐོག་ཏུ་འཁྱོལ་བ་བྱས། རྒྱལ་སྤྱིའི་དངུལ་ལོར་རྩ་འཛུགས་དང་ཕྱི་རྒྱལ་སྲིད་གཞུང་གི་དངུལ་བུན(ཞལ་འདེབས) སྒོར་དུར་ཕྱུར16བརྩོན་ལེན་བྱས། གཏོང་འཇོགམགྱོགས་ཚད་དང་དོ་སྙོམ་རང་བཞིན་སྔར་ལས་ཇེ་དྲག་ཏུ་བཏང། ཟླ་འཁོར་གཏོང་འཇོགལས་འགན་དོན་ཐོག་ཏུ་འཁྱོལ་བ་དང་། སྔོན་རྩིས་ལ་ཆོག་མཆན་འགོད་ཚད་ཇེ་མགྱོགས་སུ་གཏོང་བ། བསགས་དངུལ་ཕན་སྒྱུར། སྲིད་གཞུང་གིས་ཉོ་སྡུད་ཀྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་སོགས་ཕན་ཡོད་བྱེད་ཐབས་སྤྱད་དེ་གཏོང་འཇོགམགྱོགས་ཚད་ལ་དོ་དམ་གཟབ་ནན་བྱས། ཞིང་ཆེན་ཡོངས་ཀྱི་ལས་གཞི་ལག་བསྟར་བྱེད་པའི་དུས་བཟང་ལ་རྗེས་འདེད་གཟབ་ནན་བྱས་ནས་མ་དངུལ་དང་ལས་གཞི་སྣེ་མཐུད་ལ་དོ་དམ་ནན་མོ་བྱེད་པ་དང་། སྔོན་གཏོང་མ་དངུལ་སྒོར་དུང་ཕྱུར160བཀོད་སྒྲིག་བཅས་བྱས་པས། ནོར་སྲིད་གཏོང་འཇོགདོ་སྙོམ་ཡོང་བ་ལེགས་སྒྱུར་བྱས་ཤིང་གཏོང་འཇོགམགྱོགས་ཚད་མངོན་གསལ་གྱིས་ཇེ་མྱུར་དུ་སོང་ལ། ཞིང་ཆེན་ཡོངས་ཀྱི་ལས་གཞི་ལག་བསྟར་བྱེད་པའི་མྱུར་ཚད་དང་སྔར་ལས་རམ་འདེགས་སམ་མཐུན་སྦྱོར་དུ་གྱུར་སྟབས། ནོར་སྲིད་གཏོང་འཇོགགིས་དཔལ་འབྱོར་ཡར་འཕར་ལ་སྐུལ་ཁྲིད་བྱེད་ནུས་ཆེན་པོ་འདོན་སྤེལ་བྱས་ཡོད།

གཉིས་ནི་བློ་བརྟན་འགྱུར་མེད་གྱིས་འཕར་སྣོན་བརྟན་བརླིང་ཡོང་བར་རྒྱུན་སྲུང་བྱས་པ། རང་འགུལ་གྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བར་བསྟུན་ཐབས་བྱེད་པ་དང་། འཕེལ་རྒྱས་གྱི་འདུ་ཤེས་གསར་བ་བརྟན་འཛུགས། ནོར་སྲིད་སྲིད་ཇུས་ཧུར་པོ་ཅན་ལག་བསྟར། ནོར་སྲིད་ཀྱི་གནད་ཁེལ་ཚོད་འཛིན་ལེགས་རྐྱེན་འདོན་སྤེལ། ཤུགས་ཆེན་གྱིས་མཁོ་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་སྐུལ་འདེད་བྱས་ནས། གང་ནུས་གྱིས་དཔལ་འབྱོར་བརྟན་བརླིང་ངང་འཕར་བར་རྒྱབ་སྐྱོར་བྱས། རྨང་གཞི་སྒྲིག་བཀོད་གནད་ཆེན་ལ་འགྲོ་སྒོ་གཏོང་ཤུགས་ཇེ་ཆེར་བཏང། མ་དངུལ་སྒོར་དུང་ཕྱུར346.7བཏང་ནས། འགྲིམ་འགྲུལ་དང་ཆུ་བེད། ཤར་རྒྱུད་གྲོང་ཁྱེར་འདུ་ཚོགས། བོད་ཁུལ་རྨང་གཞི་སྒྲིག་བཀོད། “མཛེས་པའི་གྲོང་ཁྱེར་དང་གྲོང་རྡལ”དང“མཛེས་པའི་གྲོང་གསེབ”སོགས་ལས་གཞི་གནད་ཆེན་བསྐྲུན་པར་རྒྱབ་སྐྱོར་བྱས་པས། ནོར་སྲིད་གཏོང་འཇོགབརྟན་འཕར་བྱུང་བར་གནད་འགག་ཅན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས། མཁོ་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་རྒྱབ་སྐྱོར་བྱས། ཕྱོགས་ཡོངས་ནས་ཁྲལ་གྲོན་གཉིས་གཅོག་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་དང་། གཙོ་བོ་གཉེར་ཁྲལ་ཡོང་ཁྲལ་དུ་སྒྱུར་བ་དང་ཐོན་ཁུངས་ཁྲལ་བཅོས་སྒྱུར་སོགས་སྐུལ་སྤེལ་བྱས་ནས། སྲིད་འཛིན་ལས་དོན་ཅན་གྱི་གྲོན་སྡུད་དང་སྲིད་གཞུང་ཅན་གྱི་ཐེབས་རྩ་སྣ7མེད་པར་དང་སྡུད་མཚམས་འཇོག་པ། དུས་བསྲིངས(མེད་པར་གཏོང་བ)སོགས་བྱས་ནས། ལོ་ཧྲིལ་བོར་བསྡོམས་པས་ཁྲལ་གྲོན་སྒོར་དུང་ཕྱུར76.3ཉུང་སྡུད་དམ་མེད་པར་བཏང་། ནོར་སྲིད་ཀྱིས་མཁོ་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་སམ་ཐབས་བཀོད17བཏོན་ཞིང་། ཆེད་གཉེར་ལས་གཞི་མ་དངུལ་སྒོར་དུང་ཕྱུར0.6བཀོད་སྒྲིག་བྱས་ནས། ཁྱབ་ཁོངས་གནད་ཆེན་གྱི་ལག་རྩལ་གསར་སྐྲུན་དང་ངར་ལྕགས་རྡོ་སོལ་སོགས་དཀའ་ཁག་ཆེ་བའི་ཁེ་ལས་ཀྱིས་ཐོན་ནུས་ལྷག་མ་འདུམ་པར་རྒྱབ་སྐྱོར་བྱས་ཏེ། ཐོན་ནུས་ལས་ཕྱིར་བུད་པའི་ཁེ་ལས་མི་སྣ་བཀོད་སྒྲིག་ལེགས་པོ་བྱས། ཧུར་བརྩོན་གྱིས་སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་བྱས། སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཏན་ཏན་ཏིག་ཏིག་གྱིས་སྐུལ་འདེད་བྱེད་དགོས་པའི་བླང་བྱ་གལ་ཆེན་ལྟར། ནོར་སྲིད་གཏོང་འཇོགབྱེད་ཚད་དངོས་སུ་ཇེ་དྲག་ཏུ་བཏང་སྟེ། མ་དངུལ་སྒོར་དུང་ཕྱུར74.9བཀོད་སྒྲིག་བྱས་པ་དང་། སྐྱེ་ཁམས་བཟོ་འགོད་གལ་ཆེན་དང་རྨ་འབྲུ་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟ། སྐྱེ་ཁམས་སྐྱིན་ཚབ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ས་གཤིས་ཁོར་ཡུག་སླར་གསོ་བཅོས་སྐྱོང་། གྲོང་ཁྱེར་གཙོ་བོའི་མཁའ་རླུང་སྦགས་བཙོག་འགོག་བཅོས་བཟོ་འགོད་སྤེལ་བ་བཅས་ལ་རྒྱབ་སྐྱོར་བྱས་པས། སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་ཡོང་བར་སྐུལ་འདེད་བྱས། དེང་རབས་ཀྱི་ཞིང་ཕྱུགས་ལས་གོང་དུ་སྤེལ་བར་རྒྱབ་སྐྱོར་བྱས་པ། ཞིང་འབྲེལ་མ་དངུལ་གཅིག་གྱུར་འཆར་འགོད་དང་སྡེབ་སྒྲིག་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། མ་དངུལ་སྒོར་དུང་ཕྱུར86.2མར་བཏང་ནས། ཞིང་ཕྱུགས་ལས་ཀྱིས་སྤུས་འདེགས་ཡོང་འཕར་དང་ཞིང་ལས་རྨང་གཞི་སྒྲིག་གཞི་སྐྲུན་པ། ནགས་ལས་སྐྱེ་ཁམས་འཕེལ་རྒྱས། གྲོང་གསེབ་སྤྱི་ཕན་ལས་དོན་སྐྲུན་པ་བཅས་ལ་རྒྱབ་སྐྱོར་གང་ཐུབ་བྱས་ལ། ཞིང་ཕྱུགས་ལས་དེ་ཐོན་ལས་གཉིས་པ་གསུམ་པ་དང་མཐུན་སྦྱོར་ངང་སྤེལ་བར་སྐུལ་འདེད་བྱས་པས། རོང་འབྲོག་པའི་ཡོང་སྒོ་འཕར་ལམ་ནུས་ལྡན་གྱིས་ཇེ་ཡངས་སུ་བཏང་། ཞབས་་ཕྱི་ལས་རིགས་མགྱོགས་མྱུར་ངང་གོང་དུ་སྤེལ་བར་སྐུལ་འདེད་བྱས་པ། མ་དངུལ་སྒོར་དུང་ཕྱུར18.9མར་བཏང་ནས། དེང་རབས་ཞབས་ཕྱི་ལས་རིགས་དང་གློག་རྡུལ་ཚོང་དོན། ཉོ་ཚོང་འཁོར་རྒྱུག མི་རིགས་ཉོ་ཚོང་སོགས་ལས་གཞི་ལག་བསྟར་དང་། ཞབས་་ཕྱི་ལས་རིགས་ཕྱོགས་བསྡུས་གྱིས་བཅོས་སྒྱུར་ཚོད་ལྟ་དཔེ་སྟོན་ཐེངས་གསར་བ་སྤེལ་བ་བཅས་ལ་རྒྱབ་སྐྱོར་དང་། སྲིད་གཞུང་གིས་སྤྱི་ཚོགས་སྟེང་ནས་ཞབས་་ཕྱི་ཉོ་སྒྲུབ་བྱེད་ཤུགས་ཇེ་ཆེར་གཏོང་བ། དཔལ་འབྱོར་འཕར་གནས་གསར་བ་ཧུར་བརྩོན་གྱིས་སྐྱེད་སྲིང་བྱས་ནས་མཛད་སྤྱོད་དགོས་མཁོ་རྒྱ་ཇེ་ཆེར་བཏང་ཡོད།

གསུམ་ནི་མཉམ་སྒུལ་ཇེ་དྲག་ཏུ་བཏང་ནས་ཕན་ནུས་འཕར་སྣོན་བྱས་པ། ནོར་སྲིད་མ་དངུལ་གྱི་ཁྲིད་སྟོན་དང་འདེགས་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཆེས་ཚད་མཐོ་པོས་སྤྱི་ཚོགས་མ་དངུལ་གཏོང་འཇོག་འཕེལ་རྒྱས་ཧུར་པོར་བཏང་། ཐེབས་རྩ(སྟེགས་བུ)རིགས་སྣ་ཚོགས་འཛུགས་པ་ཇེ་མགྱོགས་སུ་བཏང་བ། ཞིང་ཆེན་ནོར་སྲིད་ཀྱིས་ལོ་དེར་སྒོར་དུང་ཕྱུར46བཏང་ནས་ཐོན་ལས་ཐེབས་རྩ་བཙུགས་པ་དང་། རྐང་དབང་གིས་མ་དངུལ་ཚབ་གཏོང་དང་བུན་དབང་གིས་མ་དངུལ་ཚབ་གཏོང་སོགས་བྱེད་ཐབས་སྤྱད་དེ། སྤྱི་ཚོགས་མ་དངུལ་དང་དངུལ་ལོར་ལས་ཁུངས། ཐེབས་རྩ་དོ་དམ་ཚོགས་པ་བཅས་སྐུལ་ཁྲིད་བྱས་ནས་མ་དངུལ་སྒོར་དུང་ཕྱུར200བཏོན་ནས། གཙོ་བོ་འཁོར་རྒྱུག་དཔལ་འབྱོར་དང་ཐོན་ལས་རིགས་སྒྱུར་རིམ་འཕར། དབུལ་ཐར་མཁྲེགས་གཏོར། འགྲིམ་འགྲུལ་ཡུལ་སྐོར། ཁེ་ལས་འབྲིང་ཆུང་འཕེལ་རྒྱས་སོགས་ཁོངས་གཏོགས་ལ་རྒྱབ་སྐྱོར་བྱས་ལ། ཧྭ་རུན་ཁུ་ནུ་དང་ཞིང་ཕྱུགས་ལས་ཡིད་རྟོན་དངུལ་བུན་འགན་སྲུང་སོགས་མ་དངུལ་བཤུག་གཏོང་གི་སྟེགས་བུ་གསར་བ་འཛུགས་པར་རྒྱབ་སྐྱོར་བྱས། ཤུགས་ཆེན་གྱིས་སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་ཀྱི་དཔེ་དབྱིབས་ཁྱབ་སྤེལ་དང་ལག་བསྟར་བྱས་པ། PPPདཔེ་དབྱིབས་མྱུར་མོར་ཁྱབ་སྤེལ་བྱེད་པའི་ལག་བསྟར་བསམ་འཆར་བཏོན་ཞིང། ཞིང་ཆེན་ཡོངས་ཀྱིPPPལས་གཞི་བྱ་བའི་གྲོས་ཚོགས་བསྡུས་པ་དང་། ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་ནསPPPལས་གཞིའི་མཛོད་ཇེ་འཐུས་ཚང་དུ་བཏང་། མཚོ་ཤར་གྲོང་ཁྱེར་ལའོ་ཏུའུ་ཆུའུ་ཡི་བརྫད་ཆུ་གཙང་བཟོ་སོགསPPPལས་གཞི5གན་འཇོག་ལག་བསྟར་བྱས་ཤིང་། དེའི་ཐད་བསྡོམས་པས་འགྲོ་སྒོ་མ་དངུལ་སྒོར་དུང་ཕྱུར38བཏང་ཡོད། དེའི་ནང་དུ་སྤྱི་ཚོགས་མ་དངུལ་གཏོང་འཇོག་ཕལ་ཆེར་སྒོར་དུང་ཕྱུར20ཟིན་པས། PPPདཔེ་དབྱིབས་ཁྱབ་སྤེལ་དང་ལག་བསྟར་བྱེད་པའི་འཕེལ་རྒྱས་སྒྲིག་གཞི་ལེགས་པོ་ཞིག་ཕལ་ཆེར་ཆགས་ཡོད། ཧུར་བརྩོན་གྱིས་ནོར་སྲིད་མ་དངུལ་གཅིག་གྱུར་འཆར་འགོད་ཀྱིས་སྤྱོད་པར་སྐུལ་འདེད་བྱས་པ། ནོར་སྲིད་མ་དངུལ་གཅིག་གྱུར་འཆར་འགོད་ཀྱིས་སྤྱོད་པར་སྐུལ་འདེད་བྱེད་པའི་ཇུས་གཞི་གཏན་འབེབས་བྱས་ནས་བཏོན་པ་དང་། ལས་ཚན་གཙོ་བོའི་མ་དངུལ་དང་སྡེ་ཁག་བརྒལ་བའི་སྡེབ་སྒྲིག་མཐུན་སྦྱོར་བྱེད་པ་དང་། དེ་མིན་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་འགྲིལ་བསགས་ལྷག་མ་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ནང་འཇུག་པའི་ཤུགས་ཚད་ཇེ་ཆེར་གཏོང་བ་སོགས་བྱེད་ཐབས་བརྒྱུད་དེ། ནོར་སྲིད་མ་དངུལ་བཀོད་སྒྲིག་ལེགས་སྒྱུར་བྱེད་པར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བྱས་ཤིང་། ལོ་ཧྲིལ་བོར་ནོར་སྲིད་གསོག་དངུལ་རྒྱ་ཁྱོན་འཕྲི་འཐེན་ཚད་ཆེན་བྱས་པ་དང་། ཁྱབ་ཁོངས་སོ་སོའི་ནོར་སྲིད་ལྷག་དངུལ་ཧུར་པོ་གཏོང་བར་གྲུབ་འབྲས་མངོན་གསལ་བླངས་ཡོད།

བཞི་ནི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་དམངས་ཚིས་འགན་སྲུང་བྱས་པ། ནན་ཏན་གྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་ཇུས་འགོད་དང་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བྱས་པ་དང་། གཅིག་གྱུར་འཆར་འགོད་ཀྱིས་མ་དངུལ་སྡེབ་སྒྲིག་དང་། མཐུན་སྦྱོར་ཁྲིད་སྟོན་ཇེ་དྲག་ཏུ་གཏོང་བ། ཐབས་བརྒྱ་ཇུས་སྟོང་གིས་ནོར་སྲིད་གཏོང་འཇོག་ཇེ་མང་དུ་གཏོང་བ། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཧུར་བརྩོན་གྱིས་ཞུགས་པར་སྐུལ་སློང་ནུས་ལྡན་བཅས་བྱས་པས། སྲིད་གཞུང་བྱ་བའི་སྙན་ཞུས་གཏན་ལ་ཕབ་པའི་དབུལ་སྐྱོར་དང་སློར་གསོ། ལས་ཞུགས་སོགས་དམངས་ཚིས་དོན་དངོས་ཆེན་པོ་བཅུ་ཡོངས་གྲུབ་བྱས་ཤིང་། གྲོང་ཁྱེར་དང་གྲོང་གསེབ་གི་རྒན་གསོ་སོགས་དམངས་ཚིས13ཡི་དམིགས་ཚད་ལེགས་སྒྲིག་དེ་དུས་ལྟར་གྲུབ་པ་མངོན་འགྱུར་བྱུང་། གནད་ཁེལ་དབུལ་ཐར་གྱི་གཏོང་འཇོག་ཇེ་མང་དུ་བཏང་བ་དང། ཐོན་ལས་དབུལ་སྐྱོར་དང་ཡུལ་གཞན་གནས་སྤོར། མུ་འབྲེལ་ཁྱད་དབུལ་ས་ཁུལ་ནས་ཐུན་མོང་མ་ཡིན་པའི་ཁྱད་སྟོབས་ཐོན་ལས་འཕེལ་རྒྱས་ཐད་ལ་རྒྱབ་སྐྱོར་བྱས་ཏེ། ལོ་ཧྲིལ་བོར་བསྡོམས་པས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར42.1བཏང་བ་དང་སྔོན་ལོ་ལས31.2%འཕར་ཡོད། གཙོ་གནད་རྫོང30ལ་གཅིག་གྱུར་འཆར་འགོད་ཀྱིས་ནོར་སྲིད་ཞིང་འབྲེལ་མ་དངུལ་སྡེབ་སྒྲིག་བཀོལ་སྤྱོད་ཚོད་ལྟ་ཁྱབ་སྤེལ་བྱེད་པར་རྒྱབ་སྐྱོར་བྱས་ཏེ་མ་དངུལ་སྒོར་དུང་ཕྱུར119.5བཏང་སྟེ། ཡུན་རིང་བོར་མ་དངུལ་བཀོལ་སྤྱོད “ཐོར་བུ་ཅན”སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་འཚོལ་ཞིབ་བྱས་པ་དང་། “རྐ་མང་པོ་ནས་ཆུ་ཐོན་པ་དང་རྫིང་བུ་གཅིག་ནང་ཆུ་གསོག་པ། ཆུ་སྒོ་གཅིག་ནས་ཕྱིར་གཏོང་བ”ལྟ་བུའི་གཅིག་གྱུར་འཆར་འགོད་གྱིས་སྡེབ་སྒྲིག་བེད་སྤྱོད་བྱེད་པའི་རྐྱེན་སྲོལ་ཐོག་མར་ཆགས་ཡོད། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་སྒོ་འཕར་བར་རྒྱབ་སྐྱོར་བྱས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་གསོ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་འགན་སྲུང་། ལས་ཁུངས་ལས་དོན་སྡེ་ཚན་གྱི་ཁུངས་མིའི་གཞི་རྩའི་ཟླ་ཕོགས་ཚད་གཞི་སོགས་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་སྒོ8.15%འཕར་བར་སྐུལ་ཁྲིད་བྱས། སློབ་གསོ་བཅོས་སྒྱུར་འཕེལ་རྒྱས་ཐད་སྐུལ་འདེད་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར49.2བཀོད་སྒྲིག་བྱས་ཏེ། ཁུལ་དྲུག་གི་སློབ་མ་ཚང་མ་དང་། ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གཉིས་ཀྱི་ཁྱིམ་ཚང་དབུལ་པོའི་སློབ་མར་ལོ15ཡི་གྲོན་དངུལ་མི་ལེན་པའི་འོས་འགན་སློབ་གསོ་ལག་བསྟར་བྱེད་པར་རྒྱབ་སྐྱོར་དང་། སློབ་ལོ་མ་རན་སྔོན་གྱི་ སློབ་གསོ་ལོ་གསུམ་རིང་སྤེལ་བའི་འཆར་འགོད་དང། མཐོ་རིམ་སློབ་གསོ་དང་ལས་རིགས་སློབ་གསོ་ཕྱོགས་བསྡུས་ཤུགས་དངོས་མཐོར་འདེགས་གཏོང་བའི་འཆར་གཞི་བཅས་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས་ཏེ། འོས་འགན་སློབ་གསོ་སྐབས་ཀྱི་ཆ་རྐྱེན་ཞན་པའི་སློབ་གྲྭའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་ལེགས་སྒྱུར་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་བྱ་བར་རྒྱབ་སྐྱོར་བྱས་ནས་མ་དངུལ་སྒོར་དུང་ཕྱུར88.5བཀོད་སྒྲིག་བྱས་པ་དང་། སྤྱི་ཚོགས་འགན་བཅོལ་དང་མ་མཐའི་འགན་བཅོལ། རྒན་རྒོན། མི་དབང་བོ་སྐྱོན་ཅན་སོགས་ཀྱི་བྱ་བར་སྐུལ་འདེད་བྱས་ཤིང་། སྤྱི་ཚོགས་འགན་སྲུང་དྲ་བ་སྲ་བརྟན་ཞིབ་ཚགས་བཟོས་ཏེ་ལས་ཞུགས་གསར་སྐྲུན་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་བྱས། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བཅོས་སྒྱུར་ཟབ་སྤེལ་བྱེད་པར་རྒྱབ་སྐྱོར་བྱས་ནས་མ་དངུལ་སྒོར་དུང་ཕྱུར42བཀོད་སྒྲིག་བྱས་པ་དང་། དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་འཆར་གཞི་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་འགན་བཅོལ་མཁན་གྱི་མ་དངུལ་ཆ་སྙོམ་གྲབས་སྡུད་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་་ཕྱི་ཀྱི་མིའི་ཆ་སྙོམ་ཁ་གསབ་རོགས་དངུལ་སོགས་ཀྱི་ཚད་གཞི་ལེགས་སྒྲིག་བྱས་པ་དང་། གཞུང་གཉེར་སྨན་ཁང་དང་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་བཅོས་སྒྱུར་བྱས་པ་དང་། རིམ་པ་ལྡན་པའི་རིམ་བགོའི་ནད་བཅོས་གྲུབ་ཆ་འཛུགས་པ་དང་། སྤྱི་པའི་འཕྲོད་བསྟེན་ཞབས་་ཕྱི་མ་ལག་འཐུས་ཚང་དུ་བཏང་བ་དང་གཞུང་གཉེར་སྨན་ཁང་གི་གྲོན་དངུལ་སྐྱིན་ཚབ་སྟེར་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་བཅས་ལ་རྒྱབ་སྐྱོར་བྱས། རིག་གནས་ཡུལ་སྐོར་ཐད་མ་དངུལ་གཏོང་ཚད་ཇེ་ཆེར་གཏོང་བ་དང་། ཞིང་སྡེ་གཞི་རིམ་གྱི་ཕྱོགས་བསྡུས་རིག་གནས་ཞབས་་ཕྱི་ལྟེ་གནས་སྐྲུན་པར་རྒྱབ་སྐྱོར་བྱེད་པ་དང། སྤྱི་པའི་རིག་གནས་ཞབས་་ཕྱི་མ་ལག་སྐྲུན་པར་ཤུགས་སྣོན་བཏང་བ། ཞིང་ཆེན་རྒྱང་བསྒྲགས་བརྙན་འཕྲིན་ཁང་གི་གྲོན་དངུལ་འགན་སྲུང་སྲིད་ཇུས་ལེགས་སྒྲིག་དང་ཞིང་ཆེན་རིམ་པའི་ཡུལ་སྐོར་འཕེལ་རྒྱས་ཆེད་གཉེར་ལས་གཞི་ཁྲིད་སྟོན་མ་དངུལ་ཇེ་མང་དུ་བཏང་། ལྗོངས་ཁུལ་གལ་ཆེན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པའི་ཚད་ཇེ་མཐོར་བཏང་ནས། ཡུལ་སྐོར་ཟོང་རྟགས་ལེགས་ཤོས་སྐྲུན་པར་རྒྱབ་སྐྱོར་བྱས།

ལྔ་ནི་ཁག་ཁུར་ཇེ་དྲག་ཏུ་བཏང་ནས་བཅོས་སྒྱུར་སྐུལ་འདེད་བྱས་པ། ནོར་སྲིད་བཅོས་སྒྱུར་འཕེལ་རྒྱས་དང་འགན་ནུས་གཟབ་ནན་གྱིས་དང་དུ་ལེན་པར་ཚོད་འཛིན་བྱེད་པའི་སྒྲིག་གཞི་དང་རྐྱེན་སྲོལ་གྱི“ཞན་ཆ”ལ་དམིགས་ཏེ། བཅོས་སྒྱུར་ཟབ་སྤེལ་ལ་བརྟེན་ནས་འཕེལ་རྒྱས་སྐུལ་འདེད་དང་གསོན་ཤུགས་འཕེལ་བ་རྒྱུན་འཁྱོངས་བྱས་པ་དང་། གནད་འགག་ལྷུ་ཚིགས་སྟེང་གནད་ཁེལ་གྱིས་ཤུགས་བསྣན་ནས། གཙོ་གནད་བཅོས་སྒྱུར་ལས་འགན་སྣ་ཚོགས་གོ་རིམ་ཡོད་པའི་སྒོ་ནས་སྐུལ་སྤེལ་བྱས། “གཉེར་ཁྲལ་ཡོང་ཁྲལ་དུ་སྒྱུར་བའི”ཚོད་ལྟ་ཕྱོགས་ཡོངས་ནས་ཁྱབ་སྤེལ་བྱས་པ་དང་། ཐོན་ཁུངས་དཔྱ་ཁྲལ་རིན་ཐང་ལྟར་རྩིས་བརྒྱབ་ནས་སྡུད་པའི་བཅོས་སྒྱུར་སྤེལ་བས། ཁྲལ་ལུགས་བདེ་བླག་ངང་སྤོ་སྒྱུར་བྱེད་པ་མངོན་འགྱུར་བྱུང་ཞིང་། རྒྱལ་དབང་ས་ཞིང་གི་དཔྱ་ཁྲལ་སྡུད་པའམ་དོ་དམ་སྒྲིག་གཞི་བཅོས་སྒྱུར་གྱི་ཇུས་གཞི་བཏོན་པ་དང། “མཉམ་འབྲེལ་དྲ་ཚིགས+ཁྲལ་དོན”སྐུལ་སྤེལབྱས་པ་དང་། ཧུར་བརྩོན་གྱིས་སྒེའུ་ཁུང་ནས་ཁྲལ་སྒྲུབ་དང་དྲ་ཐོག་ནས་ཁྲལ་སྒྲུབ། རང་རོགས་ཁྲལ་སྒྲུབ་བཅས་གནས་གསུམ་གཞི་གཅིག་གི་ཕྱོགས་ཡོངས་ཀྱི་ཁྲལ་སྒྲུབ་ཞབས་ཕྱི་སྟེགས་བུ་བསྐྲུན་ཡོད། ཞིང་ཆེན་རིམ་པའི་ནོར་སྲིད་ཚན་ཞིབ་ལས་གཞི་མ་དངུལ་དོ་དམ་བྱེད་ཐབས་བཅོས་སྒྱུར་བྱས་ནས་ཚན་ཞིབ་ལས་ཁུངས་ལ་སྔོན་རྩིས་སྙོམ་སྒྲིག་དབང་ཚད་སྔར་ལས་ཆེན་པོ་ཞིག་བྱིན་ཏེ། ལས་ཕྱོད་སྐུལ་འདེབས་གཏོང་ཤུགས་ཇེ་ཆེར་བཏང་བ་དང་། ཚན་ཞིབ་མི་སྣའི་ཧུར་བརྩོན་རང་བཞིན་དང་གསར་སྐྲུན་རང་བཞིན་ངར་སློང་བྱས། ཞིང་ཆེན་གྱིས་འོག་རིམ་ལ་སྤོ་བསྒྱུར་གཏོང་སྤྲོད་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་ཞིང་། དོ་སྙོམ་རང་བཞིན་གྱི་སྤོ་བསྒྱུར་གཏོང་སྤྲོད་བྱེད་ཐབས་དང་འབྲེལ་བ་ཡོད་པའི་རྒྱུ་རྐྱེན་དང་ཁེ་དབང་དུས་ཐོག་ཏུ་སྙོམ་སྒྲིག་བྱས་ཏེ། གྲོང་ཁྱེར་པ་ཅན་གྱི་མཐུད་སྦྲེལ་རྐྱེན་སྲོལ་གསར་བ་ཐོག་མར་བཙུགས། ཁྲིམས་འཛིན་སྒྲིག་གཞི་དང་སྤྱི་བདེ་བཅོས་སྒྱུར་ཐད་གཅིག་གྱུར་འཆར་འགོད་གྱིས་རྒྱབ་སྐྱོར་བྱས་ལ། ཞིང་ཆེན་རིམ་པ་མན་གྱི་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་དངོས་ནོར་དེར་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་གཅིག་གྱུར་གྱིས་དོ་དམ་བྱེད་པ་མངོན་འགྱུར་བྱུང་། སྔོན་རྩིས་དོ་དམ་བཅོས་སྒྱུར་ཇེ་དྲག་ཏུ་བཏང་ནས་གཞི་གྲངས་མེད་པའི་སྔོན་རྩིས་ལག་བསྟར་བྱས་པ་དང་སྤྱིར་བཏང་ཅན་གྱི་འགྲོ་སྒོ་ཚོད་འཛིན་ནན་མོ་བྱས། དུས་ཡུན་འབྲིང་བའི་ནོར་སྲིད་འཆར་འགོད་ཧུར་བརྩོན་གྱིས་ཚོད་སྒྲིག་བྱས་ཏེ། ལས་གཞི་འགྲོ་སྒོའི་ཐད་ནས་འཆར་གཞི་ལྡན་ཞིང་རིམ་པ་བགོས་ནས་ བཀོད་སྒྲིག་བྱས། ལས་ཕྱོད་དམིགས་འབེན་དོ་དམ་ཇེ་དྲག་ཏུ་བཏང་ནས་ཞིང་ཆེན་གྱིས་འོག་རིམ་ནོར་སྲིད་དོ་དམ་དང་ཕྱོགས་བསྡུས་གྱིས་དཔྱད་བསྡུར་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང། ཞིང་ཆེན་རིམ་པའི་སྡེ་ཁག་གི་སྔོན་རྩིས་དོ་དམ་ལས་ཕྱོད་ལ་ཕྱོགས་བསྡུས་གྱིས་དཔྱད་བསྡུར་བྱེད་ཁྱོན་རྒྱ་བསྐྱེད་པ་དང་། ཆེད་གཉེར་ལས་གཞི་གཙོ་བོའི་འགྲོ་སྒོ་གཏོང་བའི་ལས་ཕྱོད་ལ་ཕྱོགས་བསྡུསགྱིས་དཔྱད་བསྡུར་བྱེད་པའི་ཁྱབ་ཚད་དང་ཟབ་ཚད་ཇེ་ཆེར་བཏང་ནས། ཆེད་གཉེར་ལས་གཞི་གཙོ་བོའི་འགྲོ་སྒོ་གཏོང་བར་ཡང་བསྐྱར་དཔྱད་བསྡུར་བྱེད་པའི་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར350.6ལ་བསླེབས་ཡོད། སྲིད་གཞུང་རང་བཞིན་གྱི་བུན་འཛིན་དོ་དམ་ལ་ཤུགས་བསྣན་པ་དང་། སྲིད་གཞུང་གི་བུན་འཛིན་ཐད་ཀྱི་བཅད་གྲངས་དོ་དམ་དང་ཉེན་ཁ་སྔོན་ཟོན་ཚོད་འཛིན་ལམ་ལུགས་འཐུས་ཚང་དུ་བཏང་ནས། སྲིད་གཞུང་གི་བུན་འཛིན་དེ་གྲོང་ཁྱེར(ཁུལ)དང་རྫོང་རིམ་པའི་མགོ་ཁྲིད་ཚན་ཁག་གི་ལོ་འཁོར་དམིགས་འབེན་འགན་ཁུར་དཔྱད་བསྡུར་མ་ལག་ནང་དུ་བཞག  ལས་གཉེར་དཔྱ་ཁྲལ་དེ་རིན་འཕར་དཔྱ་ཁྲལ་དུ་བསྒྱུར་རྗེས་ཀྱི་རིན་འཕར་དཔྱ་ཁྲལ་དབྱེ་འབྱེད་བར་བརྒལ་གྱི་ཇུས་གཞི་བཏོན་ནས། ཞིང་ཆེན་དང་གྲོང་ཁྱེར(ཁུལ)གྱི་རིན་འཕར་དཔྱ་ཁྲལ་ཡོང་སྒོ་མཉམ་སྤྱོད་ཀྱི་རྒྱ་ཁྱོན་དང་བསྡུར་ཚད་གསལ་བོ་བྱས་པ་དང་། ད་ཡོད་ཀྱི་ནོར་ཤུགས་ཆགས་སྟངས་སྤྱི་ཁོག་ནས་མི་སྒྱུར་བ་བྱས་པས། ཞིང་ཆེན་དང་གྲོང་ཁྱེར(ཁུལ)རིམ་པ་གཉིས་ཀྱི་བརྩོན་སེམས་སྐུལ་སློང་བྱས་ཡོད།

དྲུག་ནི་ཕན་ནུས་དངོས་ཐོན་ལ་མཐོང་ཆེན་བྱས་ནས་དོ་དམ་ཇེ་དྲག་ཏུ་བཏང་བ། རྩ་ལག་མཉམ་བཅོས་བྱེད་པར་རྒྱུན་འཁྱོངས་དང་འགོ་ཁུངས་ནས་བཅོས་སྐྱོང་བྱེད་པར་དམིགས་ནས། ཡུན་ཕན་རྐྱེན་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་པ་དང་། ཁྲིམས་ལྟར་ནོར་གཉེར་དང་ཚད་ལྡན་གྱིས་དོ་དམ་བྱེད་ནུས་མུ་མཐུད་མཐོར་འདེགས་སུ་བཏང་། ཆེད་གཉེར་ལས་གཞི་མ་དངུལ་དོ་དམ་བྱེད་པའི་ལམ་ལུགས་ཀྱི་གཟེབ་དྲ་དངོས་གནས་དམ་འཛིན་བྱས། “ཆེད་གཉེར་ལས་གཞི་གཅིག་ལ་དོ་དམ་བྱེད་ཐབས་གཅིག”ཅེས་པའི་བླང་བྱ་ལྟར་བསྡོམས་པས་ཆེད་གཉེར་ལས་གཞི་མ་དངུལ་དོ་དམ་བྱེད་ཐབས112གཏན་ལ་ཕབ་ནས་འདོན་པ་དང་བཟོ་བཅོས་བྱས་ནས་འཐུས་ཚང་དུ་བཏང་བ་དང། ལས་ཕྱོད་དམིགས་འབེན་དང་སྤྱོད་པའི་ཁྱབ་ཁོངས། དོ་དམ་འགན་ཁུར། ལག་བསྟར་དུས་ཡུན། སྙན་ཞུ་འབུལ་བའི་འགྲོ་རིམ། ཆ་འཕྲིན་སྤྱི་བསྒྲགས་སོགས་ནང་དོན་ཕྲ་ཞིབ་དང་གསལ་བོ་བྱས་པས། “སྡེ་ཁག་གིས་ལས་གཞི་དོ་དམ་དང་ནོར་སྲིད་ཀྱིས་མ་དངུལ་དོ་དམ། མ་དངུལ་ལས་གཞིའི་རྗེས་འདེད་པ་དང་། ལྟ་སྐུལ་མ་དངུལ་གྱི་རྗེས་འདེད་པའི”ཆེད་གཉེར་ལས་གཞི་མ་དངུལ་ལྟ་སྐུལ་དོ་དམ་བྱེད་པའི་མ་ལག་ཐོག་མར་བཙུགས། ནོར་སྲིད་ནོར་དོན་དོ་དམ་གྱི་རྨང་གཞི་སྲ་བརྟན་དུ་བཏང་བ། སྡེ་ཁག་གི་སྔོན་རྩིས་སྒྲིག་ཁོངས་ཐད་ཀྱི་བཅོས་སྒྱུར་མུ་མཐུད་དུ་ཟབ་སྤེལ་བྱས་པ་དང། རྒྱལ་མཛོད་ཀྱིས་གཅིག་བསྡུས་ངང་འགྲོ་སྒོ་གཏོང་ཁྱོན་རྒྱ་ཇེ་ཆེར་བཏང་བ་དང་ཁྲལ་མིན་ཡོང་སྒོ་སྡུད་འཇལ་དང་སྲིད་གཞུང་གིས་སྡུད་ཉོ་དོ་དམ་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ། ནོར་སྲིད་ཆེད་གཉེར་ལས་གཞི་མ་དངུལ་གཙང་བཤེར་དང་སྡེབ་སྒྲིག། ནོར་སྲིད་སྔོན་རྩིས་དང་ངེས་རྩིས་སྤྱི་བསྒྲགས་བྱེད་པའི་བྱ་བ་ཚད་ལྡན་དང་ལེགས་བཅོས་བཅས་བྱས། ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་ལས་དོན་ལས་ཁུངས་ཀྱི་རྒྱུ་ནོར་གཙང་བཤེར་བྱ་བ་ནན་ཏན་གྱིས་ཁྱབ་སྤེལ་བྱས་པ་དང་། འབྲེལ་ཡོད་སྡེ་ཁག་ལ་རམ་འདེགས་བྱས་ནས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་གཞུང་དོན་དུ་རླངས་འཁོར་སྤྱོད་པའི་ལམ་ལུགས་བཅོས་སྒྱུར་བྱས་ཏེ། གཞུང་གི་རླངས་འཁོར་དོ་དམ་སྔར་ལས་ཚད་ལྡན་དུ་བཏང་། སྔོན་རྩིས་སྡེ་ཁག་གིས་སྔོན་རྩིས་སྒྲིག་ཁོངས་ལག་བསྟར་གྱི་གཙོ་གཞིའི་འགན་ཁུར་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ། མཐུན་སྦྱོར་དང་དུས་སྔོན་གྱི་གྲ་སྒྲིག་བྱ་བ་ཇེ་དྲག་ཏུ་བཏང་ནས་མ་དངུལ་སྤྲོད་ཇེ་མགྱོགས་སུ་བཏང་། ནོར་སྲིད་ལྟ་སྐུལ་ཞིབ་བཤེར་ཇེ་དྲག་ཏུ་བཏང་བ། ནོར་ཁྲལ་སྲིད་ཇུས་གལ་ཆེན་དོན་ཐོག་ཏུ་འཁྱོལ་བ་དང་སློབ་གསོ། ཞིང་ལས་ཐད་རྒྱབ་སྐྱོར། སྐྱེ་ཁམས་ཁོར་སྲུང་ལས་གཞིའི་མ་དངུལ་གཙོ་བོར་བཟུང་ནས། སྔོན་རྩིས་ལག་བསྟར་ལྟ་སྐུལ་དང་རྩིས་གཉེར་ལྟ་སྐུལ། ཁྲལ་མིན་ཡོང་སྒོ་ཞིབ་བཤེར་དང་ཆེད་གཉེར་ལས་གཞི་མ་དངུལ་ལ་ཞིབ་བཤེར་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་ནས་ནོར་སྲིད་མ་དངུལ་བདེ་འཇགས་དང་ཚད་ལྡན། ཕན་ཡོད་ངང་སྤྱོད་པར་ཁག་ཐེག་བྱས་ཡོད། ནང་གཅུན་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་ནང་ཁུལ་གྱི་ལྟ་སྐུལ་ཇེ་དྲག་ཏུ་བཏང་བ། བཅའ་ཁྲིམས་སྲིད་ཇུས་ལག་བསྟར་དང་སྔོན་རྩིས་སྒྲིག་ཁོངས་ལག་བསྟར་སོགས་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་དོ་དམ་བྱེད་ཐབས8གཏན་འབེབས་བྱས་ཡོད།

འཐུས་མི་རྣམ་པ། 2016ལོར་ནོར་སྲིད་བྱ་བར་གྲུབ་འབྲས་གསར་བ་བླངས་ཡོད་པ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་བརྟན་པོའམ་ཚན་རིག་ཇུས་གཅོད་བྱས་པའི་གྲུབ་འབྲས་དང་། རིམ་པ་སོ་སོའི་དམངས་འཐུས་ཚོགས་ཆེན་དང་སྲིད་གྲོས་འཐུས་མིའམ་ཨུ་ཡོན་རྣམ་པས་ལྟ་སྐུལ་མཛུབ་སྟོན་བྱས་པའི་གྲུབ་འབྲས། ནོར་སྲིད་པུའུ་ཡིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་གྲུབ་འབྲས་བཅས་ཡིན་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་གོང་འོག་ཚང་མས་མཐུན་སྦྱོར་རམ་འདེགས་དང་དཀའ་སྤྱད་འབད་བརྩོན་བྱས་པའི་གྲུབ་འབྲས་ཀྱང་ཡིན། དུས་མཚུངས་སུ་ང་ཚོས་ཁྲལ་ལུགས་སྒྱུར་བཅོས་དང་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་ལག་བསྟར་བྱས་འབྲས་རིམ་བཞིན་མངོན་གསལ་ཡིན་པར་བསྟུན། ནོར་སྲིད་ཡོང་སྒོ་འཕར་བའི་གོམ་སྟབས་སྔར་ལས་ཇེ་དལ་ཡིན་ལ། ནོར་སྲིད་འགྲོ་སྒོའི་སྒྲིག་གཞི་རེངས་པོར་གྱུར་པའི་གནད་དོན་འབུར་ཐོན་ཡིན་པདང་། ཅིས་ཀྱང་གཏོང་དགོས་པའི་འགྲོ་སྒོ་འཕར་བ་ལས་ཇེ་ཉུང་མིན་པ། འགྲོ་སྒོ་བཏང་བའི་ཕན་འབྲས་ད་དུང་མཐོ་རུ་འདེགས་དགོས་པས་ནོར་སྲིད་དོ་སྙོམས་ཀྱི་གནོན་ཤུགས་ཉིན་བཞིན་ཇེ་ཆེར་རེད། ནོར་སྲིད་མ་དངུལ་གཅིག་གྱུར་འཆར་འགོད་ཀྱིས་ཕྱོགས་བསྡུས་དང་སྐབས་ཐོག་ཕན་འབྲས་བཏོན་ཚད་སྔར་བཞིན་མངོན་གསལ་མིན་པ་དང་། མ་དངུལ་གཏོང་འཇོག་ལས་གཞི་གལ་ཆེན་ཁ་ཤས་ཀྱི་ལས་འགོ་རྩོམ་པ་དུས་ཐོག་མིན་པ་དང་འཛུགས་སྐྲུན་སྤེལ་ཚད་དལ་བ། སྡེ་ཁག་ཏུ་ལུས་པའི་མ་དངུལ་སྔར་བཞིན་མང་བ། མ་དངུལ་བཀོལ་བའི་བདེ་འཇགས་རང་བཞིན་དང་ཕན་འབྲས་རང་བཞིན་ད་དུང་མཐོར་འདེགས་སུ་གཏོང་དགོས་པ། ནོར་སྲིད་ལས་བྱེད་པའི་བསམ་བློའི་འདུ་ཤེས་དང་དངུལ་ནོར་བདག་གཉེར་ནུས་པ་དེ་རྒྱུན་རྣམ་གསར་བར་ཁྲིད་སྟོན་བྱེད་པའི་བླང་བྱ་དང་བསྟུན་ཐབས་དཀའ་བ་བཅས་གསལ་བོར་མཐོང་ཐུབ་དགོས། ང་ཚོས་གནད་དོན་འདི་དག་ལ་མཐོང་ཆེན་བྱས་ཏེ། བཅོས་སྒྱུར་ཟབ་སྤེལ་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་དགོས་པ་དང་བྱེད་ཐབས་ཇེ་དྲག་ཏུ་བཏང་ནས་དངོས་གནས་ཐག་གཅོད་བྱེད་དགོས།

གཉིས། 2017ལོའི་ཞིང་ཆེན་ཡོངས་དང་ཞིང་ཆེན་རིམ་པ་འདིའི་སྔོན་རྩིས་འཆར་ཟིན་སྐོར།

2017ལོར་རང་རྒྱལ་གྱི་དཔལ་འབྱོར་ཁོར་ཡུག་རྙོག་འཛིན་ཆེ་ཞིང་འགྱུར་ལྡོག་མང་བའི་གནས་བབ་ལ་ཐུག་ཡོད་ཅིང་། རང་ཞིང་གི་དཔལ་འབྱོར་བརྟན་པོའམ་བཟང་བོའི་ཕྱོགས་སུ་འཕེལ་བའི་རྒྱུན་མཐུད་རང་བཞིན་ད་དུང་བརྟན་པོ་མིན་པས་མར་ཆག་པའི་གནོན་ཤུགས་སྔར་བཞིན་ཅུང་ཆེ་བ་རེད། ནོར་སྲིད་གཏོང་ཡོང་ཐད་དུ་ཚུར་སྣང་བྱས་ཡོད། ཕྱོགས་གཅིག་ནས་དཔལ་འབྱོར་འཕེལ་ཚད་ཇེ་དལ་དུ་གྱུར་པ་དང་བཟོ་ལས་གྲུབ་རྫས་ཕྱིར་གཏོང་གི་རིན་གོང་དམའ་ས་ནས་འཕེལ་མེད་སོར་གནས་བྱས་པ། སྲིད་ཇུས་རང་བཞིན་གྱི་ཁྲལ་རིན་གཉིས་གཅོག་གི་ཕན་འབྲས་བསྟུད་མར་མངོན་གསལ་ཡིན་པ། དེ་མིན་རྒྱུན་ལྡན་མིན་པའི་གཞི་གྲངས་ཀྱི་ཤུགས་རྐྱེན་ཐེབས་པས་ལོ་ཧྲིལ་བོའི་ས་གནས་ཡོང་སྒོ་འཕེལ་ཤུགས་ཉམས་ཞན་དུ་གྱུར། ཀྲུང་དབྱང་གི་སྤོ་བསྒྱུར་གཏོང་སྤྲོད་འཕར་ཚད་ཆུང་ལ། ཆེད་གཉེར་ལས་གཞི་མ་དངུལ་གཙང་བཤེར་དང་སྡེབ་སྒྲིག་བྱས་པ་དང་། ལས་གཞི་མ་དངུལ་གྱི་འགྲན་རྩོད་རང་བཞིན་བགོ་བཤའ་རྒྱག་པ་རྒྱ་ཇེ་ཆེར་བཏང་ནས་ཀྲུང་དབྱང་གི་རྒྱབ་སྐྱོར་བརྩོན་ལེན་བྱེད་པའི་དཀའ་ཁག་ཇེ་ཆེར་གྱུར། ཕྱོགས་གཞན་ཞིག་ནས་ཅིས་ཀྱང་གཏོང་དགོས་པའི་ནོར་སྲིད་འགྲོ་སྒོ་ཅུང་མང་པ་དང་། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ཀྱི་ཕན་འབྲས་སྔར་ལས་ཇེ་ཆེར་གྱུར་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་དང་དབུལ་ཐར་མཁྲེགས་གཏོར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ལ་རྒྱབ་སྐྱོར་བྱེད་པའི་ཐད་འགྲོ་སྒོ་གཏོང་དགོས་ཚད་ཅུང་ཆེ་བ་རེད། སྤྱིར་བཏང་གི་ཕཡོགས་ནས་བལྟས་ན2017ལོའི་ནོར་སྲིད་གནས་བབ་སྔར་ལས་ལྷག་པར་ཛ་དྲག་ཡིན་ལ། གཏོང་ཡོང་སྙོམ་སྒྲིག་གི་མདུན་དུ་ལྷགས་པའི་དཀའ་ཁག་ཧ་ཅང་ཆེ།

མདུན་དུ་ལྷགས་པའི་ནོར་སྲིད་དཔལ་འབྱོར་གྱི་གནས་བབ་གཞིར་བཟུང་སྟེ། 2017ལོའི་ཞིང་ཆེན་ཡོངས་ཀྱི་སྔོན་རྩིས་སྒྲིག་ཁོངས་དང་ནོར་སྲིད་བྱ་བའི་སྤྱིའི་བླང་བྱ་ནི། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཐེངས་བཞི་བ། ཐེངས་ལྔ་བ། ཐེངས་དྲུག་པ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་རབ་རིམ་པའི་གསུང་བཤད་གལ་ཆེན་དང་ནང་གྱིས་སུ་མཚོ་སྔོན་ལ་གཟིགས་ཞིབ་གནང་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བ་མཐར་ཕྱིན་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པ་དང་ཐེངས་བཅུ་གསུམ་པའི་བཀོད་སྒྲིག་ལྟར། བརྟན་བརླིང་ཁྲོད་ཡར་ཐོན་བརྩོན་པའི་སྤྱི་ཁྱབ་ནང་དོན་གཙོ་བོ་རྒྱུན་འཁྱོངས་དང། འཕེལ་རྒྱས་ཆེན་པོ་ལྔའི་འདུ་ཤེས་བརྟན་པོར་བཅིངས་པ་དང་། “ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་ཡང་དག་གིས་ཁོང་དུ་ཆུད་པ་དང་། “འགྱུར་ལྡོག་བཞིའི”འཕེལ་རྒྱས་གསར་བའི་བསམ་ཕྱོགས་ལག་བསྟར་བྱེད་པ། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་བསྟར་བྱེད་པ་མ་ཟད་ད་དུང་ཕན་འབྲས་མཐོར་འདེགས་སིབཏང་ནས། ནོར་སྲིད་སྲིད་ཇུས་ཀྱིས་འཕར་སྣོན་བརྟན་བརླིང་དང་སྒྲིག་གཞི་ལེགས་སྒྲིག་བྱེད་དུས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས། མཁོ་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་སྐུལ་འདེད་གཙོ་བྱེད་པ་དང་། ཧུར་བརྩོན་གྱིས་དབུལ་སྐྱོར་དབུལ་ཐར་དང་སྐྱེ་ཁམས་ཁོར་ཡུག  ཁྱད་ཡོན་ཐོན་ལས། རྨང་གཞི་སྒྲིག་ཆས། ཚན་རྩལ་གསར་སྐྲུན་བཅས་ཀྱི་ཞན་ཆ་གསབ་པ་དང་། གཞི་རྩའི་སྤྱི་པའི་ཞབས་་ཕྱི་འགན་སྲུང་དང་དམངས་ཚིས་ཞབས་སྐྱོར་ལ་ཤུགས་སྣོན་གཏོང་དགོས། ནོར་ཁྲལ་སྒྲིག་གཞི་བཅོས་སྒྱུར་ཟབ་སྤེལ་དང་། ཁྲིམས་ལྟར་ནོར་གཉེར་རྒྱུན་འཁྱོངསབྱེད་པ། མུ་མཐུད་དུ་སྔོན་རྩིས་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ། འགྲོ་སྒོའི་སྒྲིག་གཞི་ལེགས་སྒྲིགདང་ལེགས་སྒྱུར་བྱེད་པ། ནོར་སྲིད་ཀྱི་འགྲོ་སྒོ་གཏོང་འཇོག་བྱེད་སྟངས་གསར་སྐྲུན་བྱེད་པ། ནོར་སྲིད་མ་དངུལ་གཅིག་གྱུར་འཆར་འགོད་ཀྱིས་ཕན་སྒྱུར་སྡེབ་སྒྲིག་གྱི་སྤྱོད་པའི་ཤུགས་ཚད་ཇེ་ཆེར་གཏོང་བ། འགྲོ་སྒོ་དོ་དམ་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་བྱེད་པ། “སྐ་རགས་བསྡམས་ཏེ་འཚོ་བ་རོལ་བའི”བསམ་བློ་བཅིངས་ཏེ། སྤྱིར་བཏང་རང་བཞིན་གྱི་འགྲོ་སྒོ་ཉུང་དུ་གཏོང་བ་དང་། སྲིད་གཞུང་བུན་འཛིན་དོ་དམ་ལ་ཤུགས་སྣོན་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་བསྟུད་མར་དང་བདེ་བླག་ངང་གོང་དུ་སྤེལ་བར་སྐུལ་འདེད་བྱེད་དགོས།

(གཅིག)2017ལོའི་འགྲོ་སྒོ་གཏོང་བའི་སྲིད་ཇུས་གཙོ་བོ།

ཁེ་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་རྒྱབ་སྐྱོར་བྱེད་པའི་ཐད། སྔོན་རྩིས་བཀོད་སྒྲིག་དང་ཐོན་ལས་འཕེལ་རྒྱས་ཐེབས་རྩ། འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ཐེབས་རྩ་སོགས་ཕྱོགས་བསྡུས་ཀྱིས་བེད་སྤྱོད་བྱེད་པ་དང་། སྲོལ་རྒྱུན་ཐོན་ལས་རིགས་སྒྱུར་རིམ་འཕར་སྐུལ་འདེད་བྱེད་པ། གསར་དར་ཐོན་ལས་ཡར་རྒྱས་བྱུང་བར་རྒྱབ་སྐྱོར་དང་། ལས་རྣམ་གསར་བ་གསོ་སྐྱོང་དང་རྒྱ་བསྐྱེད་བཅས་བྱས་ནས་འཕྲོ་ལྷག་ཐོན་ནུས་འདུམ་པར་རྒྱབ་སྐྱོར་བྱེད་དགོས། ཁེ་ལས་ཀྱི་ལག་རྩལ་གསར་སྐྲུན་གཏོང་འཇོག་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་དང་ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་སོགས་ཐེབས་རྩའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།“སྒྱུར་བཀོད་དང་རིན་འཕར་ལས་གྲྭ་བརྒྱ”དང“ཁེ་ལས་འབྲིང་ཆུང་གི་གསར་སྐྲུན་ནུས་པ་མཐོར་འདེགས”སོགས་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”གི་འཕེལ་རྒྱས་ཁྲོད་འབྲེལ་བར་སྐུལ་འདེད་བྱེད་དགོས། ཐོན་སྐྱེད་རང་བཞིན་གྱི་ཞབས་་ཕྱི་ལས་རིགས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་གསར་དར་ཞབས་་ཕྱི་ལས་རིགས་སྐྱེད་སྲིང་བྱས་ཏེ། འཚོ་བའི་རང་བཞིན་གྱི་ཞབས་ཕྱི་ལས་རིགས་སྒྱུར་བཀོད་དང་རིན་འཕར་བྱེད་དགོས།

སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་པའི་ཐད། སྐྱེ་ཁམས་སྲུང་སྐྱོང་སྔོན་ཐོབ་ཀྱི་འདུ་ཤེས་བརྟན་འཛུགས་བྱས་ཏེ། སྐྱེ་ཁམས་ལས་གྲྭ་ཆེན་པོའི་མ་དངུལ་དགོས་མཁོ་ཁག་ཐེག་བྱེད་དགོས་ཤིང་། གཙང་གསམ་འབྱུང་ཡུལ་གྱི་སྐབས་གཉིས་པ་ལག་བསྟར་དང་མདོ་ལ་རི་བོའི་ཕྱོགས་བསྡུས་བཅོས་སྐྱོང་། ཙོང་ཆུའི་འབབ་རྒྱུད་དང་རི་བོ་བྱང་ལྷོ་གཉི་ཀའི་ལྗང་སྒྱུར་སོགས་ལས་གྲྭ་དང། དེ་མིན་ཀྲུང་གོ་གཙང་གསམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟ། ཨ་ཆེན་གངས་རྒྱབ་གྱི་ཤུལ་ནོར་རེ་ཞུ་སོགས་བྱ་བ་གང་མགྱོགས་ཀྱིས་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་པ་པ་དང། སྐྱེ་ཁམས་སྲུང་སྐྱོང་སྐྱིན་གསབ་རྐྱེན་སྲོལ་འཛུགས་པའམ་འཐུས་ཚང་དུ་བཏང་ནས། མུ་མཐུད་དུ་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་དང་བྱ་དགའ་སྟེར་བའི་སྲིད་ཇུས་ལག་བསྟར་བྱེད་དགོས། ཤར་རྒྱུད་ཡུག་འབྲེལ་གྲོང་ཚོགས་ཀྱི་མཁའ་དབུགས་སྦགས་བཙོག་བཅོས་སྐྱོང་ཁྱབ་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། རང་བྱུང་ནགས་སྲུང་སྐྱོང་དང་ཁ་དབུགས་དང་ཆུ། ས་གཤིས་བཅས་སྦགས་བཙོག་བཅོས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། མུ་རུ་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་གྱིས་བཅོས་སྐྱོང་བྱས་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། ནུས་སྲི་སྙིགས་འཕྲི་དང་སླར་ཐོན་ནུས་ཁུངསའཕེལ་རྒྱས། ནུས་ཁུངས་གསར་བའི་རླངས་འཁོར་ཁྱབ་སྤེལ་སོགས་ཐད་ཀྱི་ནོར་སྲིད་སྲིད་ཇུས་ཁྱོན་ཡོངས་ནས་་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།

དབུལ་སྐྱོར་མཁྲེགས་གཏོང་ཐད། དབུལ་སྐྱོར་མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་སྟེ། ནོར་སྲིད་ཀྱི་དབུལ་སྐྱོར་མ་དངུལ་ཚད་གཞི་ཅུང་ཆེན་པོ་འཕར་སྣོན་བྱེད་པ་མ་ཟད་། ད་དུང་སྲིད་གཞུང་གིས་ཞབས་ཕྱི་ཉོ་སྒྲུབ་དང་དངུལ་བུན་སྐྱེད་ཀ་ཁ་གསབ། ཞིང་ཕྱུགས་ལས་ཡིད་རྟོན་འགན་ལེན་སོགས་བྱེད་སྟངས་བརྒྱུད་ནས་གནད་ཁེལ་དབུལ་སྐྱོར་དང་གནད་ཁེལ་དབུལ་ཐར་བཅས་ཐད་ལ་ཤུགས་ཆེན་གྱིས་སྐུལ་སྤེལ་བྱེད་དགོས། མ་དངུལ་གཅིག་གྱུར་འཆར་འགོད་དང་སྡེབ་སྒྲིག་བྱེད་པ། གནས་སྤོ་དབུལ་སྐྱོར་དང་ཐོན་ལས་དབུལ་སྐྱོར། རྒྱུ་ནོར་ཕན་འབྲས་ཀྱིས་དབུལ་སྐྱོར་སོགས་དབུལ་སྐྱོར་གསར་གཏོད་བྱ་བ་གལ་ཆེན་སྤེལ་བར་རྒྱབ་སྐྱོར་བྱེད་དགོས། སློབ་གསོས་དབུལ་ཐར་མཁྲེགས་གཏོར་ལག་བསྟར་ཇེ་མགྱོགས་སུ་བཏང་ནས། སྤྱིར་བཏང་གི་མཐོ་འབྲིང་ཡིག་ཚགས་དང་ཐོ་བཟོ་སོགས་ཁྱིམ་ཚང་གི་དཔལ་འབྱོར་དཀའ་ཁག་ཡོད་པའི་སློབ་མའི་སློབ་ཡོན་རྩག་རྩིག་མི་སྡུད་པ་དང་། དབུལ་ཕོངས་ས་ཁུལ་གྱི་འོས་འགན་སློབ་གསོའི་ཆ་རྐྱེན་ཞན་པའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་མགྱོགས་མྱུར་གྱིས་ཇེ་ལེགས་སུ་གཏོང་བ་དང་། མུ་མཐུད་དུ་ཞིང་སྡེའི་ཉེན་ཁང་སྒྱུར་བཀོད་ལས་གྲྭ་སྤེལ་བར་རྒྱབ་སྐྱོར་དང་། མ་མཐའི་འཚོ་བའི་ཁྱིམ་ཚང་གི་འགན་སྲུང་དང་ཐར་ཐོར་གྱིས་གསོ་སྐྱོང་བྱེད་པའི་ཁྱད་དབུལ་མི་སྣ། དབུལ་ཕོངས་དབང་བོ་སྐྱོན་ཅན་ཁྱིམ་ཚང་། ཡིག་ཚགས་དང་ཐོ་བཟོ་བྱས་པའི་དབུལ་ཕོངས་ཁྱིམ་ཚང་སོགས་བྱ་ཡུལ་རིགས་ཆེན་བཞིར་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས། ཁྱོན་ཡོངས་ནས་དབུལ་ཕོངས་རྫོང་གི་གཅིག་གྱུར་འཆར་འགོད་དང་སྡེབ་སྒྲིག་གིས་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་བཀོལ་བའི་ཚོད་ལྟ་བྱ་བ་ཁྱབ་སྤེལ་བྱེད་དགོས།

ཚན་རྩལ་གསར་སྐྲུན་ཐད། གསར་གཏོད་སྐུལ་སྤེལ་གྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་པ། སྲིད་གཞུང་གི་ནོར་སྲིད་ཚན་རྩལ་ཐད་གཏོང་འཇོག་ཇེ་མང་དུ་གཏོང་བ་དང་། ཚན་རྩལ་གསར་སྐྲུན་གྱིས་ཁྲིད་སྟོན་བྱེད་པའི་ཐེབས་རྩ་རྒྱ་ཁྱོན་ཇེ་ཆེར་གཏོང་བ། བརྟན་བརླིང་གིས་རྒྱབ་སྐྱོར་དང་འགྲན་རྩོད་རང་བཞིན་གྱི་རྒྱབ་སྐྱོར་བྱེད་པར་མཐུན་སྦྱོར་བྱེད་པའི་གཏོང་འཇོག་རྐྱེན་སྲོལ་འཛུགས་དགོས། ཚན་ཞིབ་ཟད་གྲོན་བཀོལ་སྤྱོད་དང་དོ་དམ་བྱེད་ཐབས་བཅོས་སྒྱུར་བྱས་ཏེ། སྔོན་རྩིས་སྒྲིག་ཁོངས་སྟབས་བདེ་གཏོང་བ་དང་སྔོན་རྩིས་སྙོམ་སྒྲིག་དབང་ཚད་ལྷོད་པ་དང་། བར་བརྒྱུད་ཟད་གྲོན་གྱི་བསྡུར་ཚད་ཇེ་མཐོར་གཏོང་བ། རྩིས་འབྲས་སྤོ་འགོད་དུ་བཞག་པའི་མ་དངུལ་ཐག་གཅོད་བྱེད་སྟངས་ཇེ་གློད་དུ་གཏོང་བ་དང་། ལས་ཕྱོད་འགྲོ་སྒོ་དང་ངལ་ལས་གླ་ཆའི་བསྡུར་ཚད་ཀྱི་ཚོད་འཛིན་མེད་པར་གཏོང་བ་དང་མཐོ་རིམ་སློབ་གྲྭ་ཆེན་མོ་དང་ཚན་ཞིབ་ཁང་གིས་ཚན་ཞིབ་སྒྲིག་ཆས་སྡུད་ཉོ་ལེགས་སྒྱུར། ཚོགས་འདུའི་དོ་དམ་སོགས་བྱེད་ཐབས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། གསོན་ཤུགས་ལྡན་པའི་ཚན་རྩལ་འཁོར་སྐྱོད་རྐྱེན་སྲོལ་གྲུབ་པར་མྱུར་སྐུལ་བྱེད་དགོས།

རྨང་གཞི་སྒྲིག་བཀོད་ཆེན་པོ་འཛུགས་སྐྲུན་བྱེད་པའི་ཐད། ནོར་སྲིད་གཏོང་འཇོག་གིས་དཔལ་འབྱོར་འཕར་བར་འདེགས་སྐྱོར་བྱེད་པའི་ཕན་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། གཏོང་འཇོག་སྒྲིག་གཞི་ལེགས་སྒྱུར་བྱས་ནས་ཤུགས་ཆེན་གྱིས་རྨང་གཞིའི་སྒྲིག་བཀོད་ཞན་ཆ་གསབ་པར་ཤུགས་གང་འདོན་དགོས། PPPདཔེ་དབྱིབས་བཀོལ་བར་ཁྱབ་སྤེལ་བྱས་ནས། རྨང་གཞིའི་སྒྲིག་བཀོད་དང་སྤྱི་སྤྱོད་ལས་དོན་སོགས་ཁྱབ་ཁོངས་གཙོ་བོ་ནས་སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་དངུལ་མཉམ་སྤྱོད་བྱེད་པར་ཧུར་བརྩོན་གྱིས་སྐུལ་འདེད་བྱེད་དགོས། མུམཐུད་དུ་འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭ་ལག་བསྟར་དང་། སྤྱིལ་ཁང་སྒྱུར་བཀོད་དེར་དངུལ་ལོར་ཅན་གྱིས་བཀོད་སྒྲིག་བྱེད་པའི་བསྡུར་ཚད་ཇེ་ཆེར་གཏོང་བར་རྒྱབ་སྐྱོར་བྱས་ནས། ས་ཁང་བདག་ཁོངས་ཀྱི་མཛོད་གསོག་འདུམ་པར་སྐུལ་འདེད་བྱེད་དགོས།

ཞིང་ཕྱུགས་ལས་འཕེལ་རྒྱས་ཐད། ཞིང་ཕྱུགས་ལས་ཕན་འབྲས་འཕར་བ་དང་རོང་འབྲོག་པའི་ཡོང་སྒོ་འཕར་བ། རོང་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་བཅས་ལ་དམིགས་ཏེ། ཞིང་ལས་རྒྱབ་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། ཞིང་ལས་རྒྱབ་སྐྱོར་མ་དངུལ་སྡེབ་སྒྲིག   འགྲོ་སྒོ་གཏོང་བའི་སྒྲིག་གཞི་ལེགས་སྒྱུར་བྱེད་པ། མཐོ་སྒང་དེང་རབས་ཞིང་ཕྱུགས་ལས་ཐོན་སྐྱེད་སྤེལ་བར་རྒྱབ་སྐྱོརབྱེད་པ་དང། ཞིང་ཁའི་ཆུ་བེད་དང་ས་ཞིང་བཅོས་སྐྱོང་། ཐོན་ཚད་དམའ་འབྲིང་གི་ས་ཞིང་སྒྱུར་བཀོད། ཚད་གཞི་མཐོ་བའི་ཞིང་ཁ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་བྱས་ཏེ། ཞིང་ཕྱུགས་ལས་སྐྱེ་ཁམས་ཐོན་ཁུངས་ཁོར་ཡུག་གི་སྲུང་སྐྱོང་དང་འཕེལ་རྒྱས་ལ་སྐུལ་འདེད་བྱེད་དགོས། ཞིང་དར་ཞིང་ཕན་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་དགོས། རོང་འབྲོག་ཁུལ་གྱི་ཕྱོགས་བསྡུས་བཅོས་སྒྱུར་མགྱོགས་མྱུར་གྱིས་སྐུལ་སྤེལ་བྱེད་པ་དང་། དོན་རེར་གྲོས་རེ་བྱེད་པའི་ནོར་སྲིད་བྱ་དགའི་ཀ་གསབ་སྟེར་བའི་བྱ་བ་ཟབ་སྤེལ་དང་། སྡེ་བ་རིམ་པའི་སྤྱི་ཕན་ལས་དོན་སོགས་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཤུགས་ཇེ་ཆེར་བཏང་ནས། རོང་འབྲོག་ཁུལ་གྱི་འཕེལ་རྒྱས་གསོན་ཤུགས་མཐོར་འདེགས་སུ་གཏོང་དགོས།

སློབ་གསོའི་ཐད། སློབ་གསོའི་གྲོན་དངུལ་གཏོང་འཇོག་གི་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། བརྟན་བརླིང་ངང་ཀུན་ཕན་ཅན་གྱི་སློབ་ལོ་མ་རན་སྔོན་གྱི་སློབ་གསོ་ཐོན་ཁུངས་རྒྱ་ཇེ་ཆེར་གཏོང་བ་དང་། འོས་འགན་སློབ་གསོའི་དོ་སྙོམས་འཕེལ་རྒྱས་སྐུལ་འདེད་གཏོང་བ་དང་། དམིགས་བསལ་སློབ་གསོའི་སློབ་གཉེར་ཆུ་ཚད་མཐོར་འདེགས་སུ་གཏོང་བ། མཐོ་འབྲིང་དུས་རིམ་གྱི་སློབ་གསོ་ཁྱབ་སྤེལ་བྱེད་པར་སྐུལ་འདེད་བྱེད་པ། དེང་རབས་ལས་རིགས་སློབ་གསོ་མགྱོགས་མྱུར་གྱིས་གོང་དུ་སྤེལ་བ། མཐོ་རིམ་སློབ་གྲྭ་ཆེན་མོའི་སྔོན་རྩིས་དངུལ་གཏོང་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། རིགས་སོ་སོའི་སློབ་གསོ་མཐུན་སྦྱོར་ངང་གོང་དུ་སྤེལ་བར་སྐུལ་འདེད་བྱེད་དགོས།

སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཐད། ལས་ཞུགས་ལས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་དང་། མུ་མཐུད་དུ་ལས་སྐྲུན་འགྱེད་འཕྲོ་རྟེན་གཞི་དང་ལས་ཞུགས་དངོས་སྦྱོང་རྟེན་གཞི་བསྐྲུན་པར་སྐུལ་འདེད་དང་། “འཐེན་ཐུག་དཔལ་འབྱོར”སོགས་ཁྱད་ལྡན་ངལ་ལས་ཟོང་རྟགས་སྐྱེད་སྲིང་དང་རོགས་སྐྱོར་བཅས་བྱས་ཏེ། ཚོགས་ཁྱི་གཙོ་བོ་ལས་ཞུགས་དང་ལས་སྐྲུན་ལ་སྐུལ་འདེད་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་འགན་བཅོལ་ལམ་ལུགས་དང་ལས་བཟོ་པའི་རྒན་གསོ་འགན་བཅོལ་མི་སྒེར་གྱི་རྩིས་ཐོ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཁེ་ལས་དང་སྲིད་འཛིན་དོན་ལས་ལས་ཁུངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་མི་སྣའི་རྒན་གསོ་དངུལ་གྱི་ཚད་གཞི་ལེགས་སྒྲིག་དང་ཇེ་མཐོར་གཏོང་དགོས། སྤྱི་ཚོགས་རོགས་སྐྱོབ་ལམ་ལུགས་དང་དབུལ་སྐྱོར་གསར་སྤེལ་སྲིད་ཇུས་ཕན་ཡོད་ཀྱིས་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་གཏོང་བ་དང་། སྤྱི་ཚོགས་རོགས་སྐྱོབ་མ་ལག་འཛུགས་སྐྲུན་བྱེད་པར་འཐུས་ཚང་དུ་གཏོང་བ་དང་། ཆེས་དབུལ་ཕོངས་མི་སྣའི་རོགས་སྐྱོབ་དང་གསོ་སྐྱོང་བྱེད་པའི་ལམ་ལུགས་འཛུགས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འགན་སྲུང་གི་ནོར་སྲིད་ཁ་གསབ་ ཚད་གཞི་འོས་འཚམ་གྱིས་ཇེ་མཐོར་གཏོང་དགོས།

སྨན་བཅོས་འཕྲོད་བསྟེན་ཐད“བདེ་ཐང་མཚོ་སྔོན2030”ཞེས་པའི་འགུལ་སྐྱོད་འཆར་གཞི་སྐུལ་སྤེལ་དང་། གཞུང་གཉེར་སྨན་ཁང་གི་བཅོས་སྒྱུར་ཟབ་སྤེལ། གྲོན་དངུལ་སྐྱིན་གསབ་རྐྱེན་སྲོལ་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཏེ། ཞིང་ཆེན་རིམ་པའི་གཞུང་གཉེར་སྨན་ཁང་གི་ཞབས་་ཕྱི་ནུས་པ་ཇེ་དྲག་ཏུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྨན་བཅོས་འགན་བཅོལ་དངུལ་གྲབས་ཚད་གཞི་ལེགས་སྒྲིག་དང་མཐོར་འདེགས་སུ་གཏོང་བ་དང་། རང་ཉིད་ཀྱི་འགྲོ་གྲོན་སྤྲོད་པའི་བསྡུར་ཚད་ཇེ་ཆེར་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྨན་བཅོས་རོགས་སྐྱོབ་སྲིད་ཇུས་དང་ནད་ལྗིད་མོའི་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཕྱི་དང་སྡེ་བའི་སྨན་པའི་གླ་ཕོགས་ཁ་གསབ་ཚད་གཞི་འོས་འཚམ་གྱིས་མཐོར་འདེགས་སུ་གཏོང་དགོས། འཆར་ལྡན་བུ་སྐྱེའི་དམིགས་བསལ་ཁྱིམ་ཚང་སྨན་ཁང་དུ་སྡོད་པའི་འགན་བཅོལ་སྲིད་ཇུས་གཏན་འབེབས་བྱེད་དགོས་པ་དང། ས་གནས་ཀྱི་འགོས་ནད་ཆེན་པོ་འགོག་བཅོས་བྱེད་པའི་བྱ་བར་ཤུགས་སྣོན་གཏོང་བ་དང་། ཐུམ་འབུ་ནད་འགོག་བཅོས་དང་རོང་འབྲོག་ཁུལ་བུད་མེད་ཀྱི“འབྲས་སྐྲན་རིགས་གཉིས”འདེམས་བཤེར་བྱེད་པར་རྒྱབ་སྐྱོར་བྱེད་དགོས།

རིག་གནས་དང་ཡུལ་སྐོར་ཐད། སྤྱི་པའི་རིག་གནས་ཞབས་་ཕྱི་མ་ལག་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་གཏོང་བ་དང་། གཞི་རིམ་གྱི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཕབས་འདེགས་ལྟེ་བ་བསྐྲུན་པར་རྒྱབ་སྐྱོར་བྱེད་པ་དང་། དངོས་མང་བཤམས་སྟོན་ཁང་དང་དྲན་གསོ་ཁང་། དཔེ་མཛོད་ཁང་། རིག་གནས་ཁང་བཅས་རིན་མི་ལེན་པར་ཕྱིར་སྒོ་འབྱེད་དང་ལུས་རྩལ་འགྲན་བསྡུར་བྱ་འགུལ་ཆེན་པོ་སྤེལ་བ་སོགས་ཐད་ལ་མུ་མཐུད་དུ་འགན་སྲུང་བྱེད་དགོས་པ་དང་། ཀྲུང་དབྱང་རྒྱང་བསྒྲགས་བརྙན་འཕྲིན་ལེ་ཚན་སྐུད་མེད་གྲངས་འཛིན་ཅན་གྱིས་ཡོངས་ཁྱབ་ཏུ་ཁེབས་པར་རྒྱབ་སྐྱོར་བཅས་བྱས་ནས། རིག་དངོས་དང་དངོས་མིན་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་བྱ་བར་སྐུལ་འདེད་བྱེད་དགོས། མུ་མཐུད་དུ་རིག་གནས་དང་ཡུལ་སྐོར་ཐོན་ལས་སྤེལ་བའི་ཐེབས་རྩར་མ་དངུལ་བཏང་ནས། ལྗོངས་ཁུལ་གཙོ་བོའི་ཆ་འགྲིག་རྨང་གཞི་སྒྲིག་བཀོད་མགྱོགས་མྱུར་གྱིས་སྐྲུན་པ་དང་། རིག་གནས་ལུས་རྩལ་དང་དཔལ་འབྱོར་ཉོ་ཚོང་། ཡུལ་སྐོར་བཅས་ཀྱི་སྦྲེལ་མཐུད་ཟབ་མོ་བྱེད་པར་སྐུལ་འདེད་བྱས་ཏེ། ཡུལ་སྐོར་གྱི་རྒྱབ་རྟེན་ཐོན་ལས་སྟོབས་ལྡན་དུ་སྒྱུར་བ་དང་། ཡུལ་སྐོར་གྱི་ཕྱོགས་བསྡུས་ཞབས་་ཕྱི་བྱེད་ནུས་ཇེ་ཆེར་གཏོང་དགོས།

དངུལ་ལོར་བཅོས་སྒྱུར་དང་འཕེལ་རྒྱས་ཐད། ནོར་སྲིད་ཀྱིས་དངུལ་ལོར་བཅོས་སྒྱུར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་ཐབས་ཇུས་ནན་ཏན་གྱིས་དོན་ཐོག་ཏུ་འཁྱོལ་བ་བྱེད་པ་དང་། ས་གནས་ཀྱི་དངུལ་ལོར་ཁྲོམ་ར་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། དངུལ་ལོར་ལས་ཁུངས་ཀྱིས་ཡིད་རྟོན་དངུལ་བུན་གཏོང་བར་ཁྲིད་སྟོན་བཅས་བྱས་ཏེ། དངོས་གཞིའི་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་་ཕྱི་སྔར་ལས་ལེགས་པོ་བྱེད་དགོས། བྱེད་སྒོའི་བྱ་དགའ་དང་གྲོན་དངུལ་ཁ་གསབ། དངུལ་བུན་གྱི་སྐྱེད་ཀ་ཁ་གསབ། བྱ་དགའ་གསབ་དངུལ་དུ་སྒྱུར་བ་སོགས་བྱེད་སྟངས་ཕྱོགས་བསྡུས་གྱིས་བཀོལ་སྤྱོད་བྱེད་པ་དང་། ཀུན་ཕན་གྱི་དངུལ་ལོར་ཞབས་་ཕྱི་དང་འགན་སྲུང་མ་ལག་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱེད་དགོས། མུ་མཐུད་དུ་ཞིང་ལས་འགན་བཅོལ་གཞི་ཁྱོན་རྒྱ་ཇེ་ཆེར་བཏང་ནས།“ཞིང་གསུམ”གྱི་ཉེན་ཁ་འགོག་པའི་ནུས་ཤུགས་ཇེ་དྲག་ཏུ་གཏོང་དགོས། PPPཡིས་ཐེབས་རྩར་ཁྲིད་སྟོན་དང་བྱ་དགའ་དང་ཁ་གསབ་མ་དངུལ་གྱི་ནུས་པ་འདོན་སྤེལ་བྱས་ནས། ལས་གཞི་མང་པོ་ཞིག་གཏན་ལ་ཕབ་པར་སྐུལ་འདེད་བྱེད་དགོས།

(གཉིས) 2017ལོའི་ཡོང་སྒོ་དང་འགྲོ་སྒོའི་བཀོད་སྒྲིག

སྔོན་རྩིས་སྒྲིག་ཁོངས་ཀྱི་བླང་བྱ་དང་འགྲོ་སྒོའི་སྲིད་ཇུས་ལྟར། 2017ལོར་ཞིང་ཆེན་ཡོངས་དང་ཞིང་ཆེན་རིམ་པ་འདིའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་དང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་སྔོན་རྩིས། རྒྱལ་དབང་མ་རྩའི་བདག་གཉེར་གྱི་སྔོན་རྩིས། སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་བཅས་བཀོད་སྒྲིག་བྱས་པ་གཤམ་གསལ་ལྟར།

1.སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས། ཞིང་ཆེན་ཡོངས་ཀྱི་ལོ་འགོའི་སྤྱིའི་ནོར་ཤུགས་སྒོར་དུང་ཕྱུར1288.8ཡོད་པ་དང་། དེའི་ནང་དུ། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར243བཀོད་སྒྲིག་བྱས་ཡོད་ལ། ཀྲུང་དབྱང་གི་ཁ་གསབ་ཡོང་སྒོ་སྒོར་དུང་ཕྱུར755.2ཡོད། ས་གནས་སྲིད་གཞུང་གི་བུན་འཛིན་ཡོང་སྒོ་ནང་བཞག་པ་སྒོར་དུང་ཕྱུར120ཡོད། གཅིག་གྱུར་འཆར་འགོད་ཀྱིས་ནང་འདྲེན་བྱས་པའི་མ་དངུལ་རིགས་སྣ་ཚོགས་སྒོར་དུང་ཕྱུར124.1ཡོད། ལོ་སྔོན་མར་རྩིས་ཁོངས་སུ་སྤོས་པ་སྒོར་དུང་ཕྱུར45.9ཡོད། གསལ་བཤད་བྱེད་དགོས་པ་ནི་རྒྱལ་ཁབ་ཀྱིས་ཁྱོན་ཡོངས་ནས་ལས་གཉེར་དཔྱ་ཁྲལ་དེ་རིན་འཕར་དཔྱ་ཁྲལ་དུ་བསྒྱུར་བའི་ཚོད་ལྟ་ཁྱབ་སྤེལ་བྱེད་རྗེས། 2016ལོའི་ཟླ1པ་ནས་ཟླ4བར་སྔོན་རང་ཞིང་གིས་ཚང་མ་ས་གནས་ལ་བཞག་པའི་ལས་གཉེར་དཔྱ་ཁྲལ་དེ་རིན་འཕར་དཔྱ་ཁྲལ་དུ་བསྒྱུར་བ་དང་། ཀྲུང་དབྱང་དང་ས་གནས་ཀྱིས་ལྔ་ལྔའི་མཉམ་སྤྱོད་བྱེད་པའི་རྒྱུ་རྐྱེན་ལ་བསམ་བློ་བཏང་ནས། འོས་འཚམ་གྱིས་རང་ཞིང་གི2016ལོའི་ས་གནས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོའི་གཞི་གྲངས་སྒོར་དུང་ཕྱུར 224.9ལེགས་སྒྲིག་བྱེད་རྒྱ་དང8%འཕར་བ་ལྟར་སྒོར་དུང་ཕྱུར243བཀོད་སྒྲིག་བྱས་ཡོད།

ཞིང་ཆེན་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར1287.9བཀོད་སྒྲིག་བྱས་པ་དང་། ལོ་སྔོན་མའི་ལོ་འགོའི་སྔོན་རྩིས་ལས6.1%འཕར་ཡོད། གཙོ་བོ་བཀོད་སྒྲིག་བྱེད་ཚུལ་ནི། སྤྱིར་བཏང་གི་སྤྱི་པའི་ཞབས་་ཕྱི་ཐད་སྒོར་དུང་ཕྱུར96.6ཡིན་ལ། 12.4%འཕར་ཡོད། སྤྱི་པའི་བདེ་འཇགས་ཐད་སྒོར་དུང་ཕྱུར59.5ཡིན་ལ། 17.8%འཕར་ཡོད། སློབ་གསོ་ཐད་སྒོར་དུང་ཕྱུར165.5ཡིན་ལ། 8.6%འཕར་ཡོད། ཚན་རིག་ལག་རྩལ་ཐད་སྒོར་དུང་ཕྱུར12.6ཡིན་ལ། 20%འཕར་ཡོད། རིག་གནས་ལུས་རྩལ་དང་སྨྱན་བྱེད་ཐད་སྒོར་དུང་ཕྱུར24.6ཡིན་ལ། 9.3%འཕར་ཡོད། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཐད་སྒོར་དུང་ཕྱུར169.5ཡིན་ལ། 3%འཕར་ཡོད། སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཐད་སྒོར་དུང་ཕྱུར57.1ཡིན་ལ། 8.8%འཕར་ཡོད། ནུས་སྲི་ཁོར་སྲུང་ཐད་སྒོར་དུང་ཕྱུར80.6ཡིན་ལ། 12.6%འཕར་ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་ཐད་སྒོར་དུང་ཕྱུར138ཡིན་ལ། 2.4%འཕར་ཡོད། སྡོད་ཁང་འགན་སྲུང་ཐད་སྒོར་དུང་ཕྱུར66.5ཡིན་ལ། 1.5%འཕར་ཡོད། ཞིང་ནགས་ཆུ་གསུམ་ལས་དོན་ཐད་སྒོར་དུང་ཕྱུར171ཡིན་ལ། 3.6%འཕར་ཡོད། ལས་གཞི་སོ་སོའི་འགྲོ་སྒོ་གཞན་པ་སྒོར་དུང་ཕྱུར246.4ཡིན་ལ། 3.3%འཕར་ཡོད། གོང་འབུལ་འགྲོ་སྒོ་ཐད་སྒོར་དུང་ཕྱུར0.3ཡིན།

ཞིང་ཆེན་རིམ་པ་འདིའི་ལོ་འགོའི་སྔོན་རྩིས་སྤྱིའི་ནོར་ཤུགས་སྒོར་དུང་ཕྱུར584.1ཡིན། དེའི་ནང་དུ། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར80ཡིན་ལ། ཁ་ཚད་གཅིག་མཚུངས་ལས8%འཕར། ཀྲུང་དབྱང་གི་ཁ་གསབ་ཡོང་སྒོ་སྒོར་དུང་ཕྱུར280(ཀྲུང་དབྱང་གི་ཁ་གསབ་ཡོང་སྒོ་སྒོར་དུང་ཕྱུར755.2ཡོད། གྲོང་ཁྱེར་དང་ཁུལ་ལ་ཁ་གསབ་བྱས་པའི་སྒོར་དུང་ཕྱུར475.2ཕུད་ཡོད།)ཡོད། ས་གནས་སྲིད་གཞུང་གི་བུན་འཛིན་ཡོང་སྒོ་ནང་བཞག་པའི་སྒོར་དུང་ཕྱུར120ཡོད། གཅིག་གྱུར་འཆར་འགོད་ཀྱིས་ནང་འདྲེན་བྱས་པའི་མ་དངུལ་རིགས་སྣ་ཚོགས་སྒོར་དུང་ཕྱུར104.1(སྔོན་རྩིས་གཏན་འཇགས་ཀྱི་སྙོམས་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར100དང་། སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་གསོག་གྲངས་སོགས་མ་དངུལ་སྒོར་དུང་ཕྱུར4.1འདུས་ཡོད།)ཡོད། དེའི་ཁར་ལོ་སྔོན་མར་སྒོར་དུང་ཕྱུར42.5རྩིས་ཁོངས་སུ་སྤོས་རྗེས། སྤྱིའི་ནོར་ཤུགས་སྒོར་དུང་ཕྱུར626.6ཡིན།

ཞིང་ཆེན་རིམ་པ་འདིའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར626.3ཡིན། སྔོན་ལོའི་ལོ་འགོའི་སྔོན་རྩིས་ལས11.3%འཕར་ཡོད། བྱེ་བྲག་གི་བཀོད་སྒྲིག་ནི། སྤྱིར་བཏང་གི་སྤྱི་པའི་ཞབས་ཕྱི་ཐད་སྒོར་དུང་ཕྱུར25.85ཡིན་ལ། 10%འཕར་ཡོད། སྤྱི་པའི་བདེ་འཇགས་ཐད་སྒོར་དུང་ཕྱུར41.5ཡིན་ལ། 19.3%འཕར་ཡོད། སློབ་གསོ་ཐད་སྒོར་དུང་ཕྱུར41.3ཡིན་ལ། 16.5%འཕར་ཡོད། ཚན་རིག་ལག་རྩལ་ཐད་སྒོར་དུང་ཕྱུར7ཡིན་ལ། 20.1%འཕར་ཡོད། རིག་གནས་ལུས་རྩལ་དང་སྨྱན་བྱེད་ཐད་སྒོར་དུང་ཕྱུར8.8ཡིན་ལ། 10%འཕར་ཡོད། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཐད་སྒོར་དུང་ཕྱུར50.5ཡིན་ལ། 7.9%འཕར་ཡོད། སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཐད་སྒོར་དུང་ཕྱུར27.5ཡིན་ལ། 10%འཕར་ཡོད། ནུས་སྲི་ཁོར་སྲུང་ཐད་སྒོར་དུང་ཕྱུར40.5ཡིན་ལ། 15.7%འཕར་ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་ཐད་སྒོར་དུང་ཕྱུར135ཡིན་ལ། 3.4%འཕར་ཡོད། སྡོད་ཁང་འགན་སྲུང་གི་འགྲོ་སྒོ་སྒོར་དུང་ཕྱུར38.1ཡིན་ལ། 5.8%འཕར་ཡོད། ཞིང་ནགས་ཆུ་གསུམ་ལས་དོན་ཐད་སྒོར་དུང་ཕྱུར50.9ཡིན་ལ། 14.4%འཕར་ཡོད། འགྲོ་སྒོ་གཞན་པ་སྒོར་དུང་ཕྱུར159.3ཡིན་ལ། 15.9%འཕར་ཡོད། གོང་འབུལ་འགྲོ་སྒོ་སྒོར་དུང་ཕྱུར0.3ཡིན།

2.སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་སྔོན་རྩིས། ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་ཡོང་སྒོ་ཐད་སྒོར་དུང་ཕྱུར67.8བཀོད་སྒྲིག་བྱས་པ་དང་། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་འགྲོ་སྒོ་ཐད་སྒོར་དུང་ཕྱུར94.8བཀོད་སྒྲིག་བྱས་ཡོད། ཞིང་ཆེན་རིམ་པ་འདིའི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་ཡོང་སྒོ་ཐད་སྒོར་དུང་ཕྱུར23བཀོད་སྒྲིག་བྱས་པ་དང། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་འགྲོ་སྒོ་ཐད་སྒོར་དུང་ཕྱུར36.7བཀོད་སྒྲིག་བྱས་ཡོད།

3.རྒྱལ་དབང་མ་རྩའི་བདག་གཉེར་གྱི་སྔོན་རྩིས། ཞིང་ཆེན་ཡོངས་ཀྱི་རྒྱལ་དབང་མ་རྩའི་བདག་གཉེར་གྱི་ཡོང་སྒོ་ཐད་སྒོར་དུང་ཕྱུར0.5བཀོད་སྒྲིག་བྱས་པ་དང་། རྒྱལ་དབང་མ་རྩའི་བདག་གཉེར་གྱི་འགྲོ་སྒོ་ཐད་སྒོར་དུང་ཕྱུར0.66བཀོད་སྒྲིག་བྱས་ཡོད། ཞིང་ཆེན་རིམ་པ་འདིའི་རྒྱལ་དབང་མ་རྩའི་བདག་གཉེར་གྱི་ཡོང་སྒོ་ཐད་སྒོར་དུང་ཕྱུར0.36བཀོད་སྒྲིག་བྱས་པ་དང་། རྒྱལ་དབང་མ་རྩའི་བདག་གཉེར་གྱི་འགྲོ་སྒོ་ཐད་སྒོར་དུང་ཕྱུར0.45བཀོད་སྒྲིག་བྱས་ཡོད།

4.སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་ཡོང་སྒོ་ཐད་སྒོར་དུང་ཕྱུར302བཀོད་སྒྲིག་བྱས་པ་དང་། སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་འགྲོ་སྒོ་ཐད་སྒོར་དུང་ཕྱུར302.5བཀོད་སྒྲིག་བྱས། ཞིང་ཆེན་རིམ་པ་འདིའི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་ཡོང་སྒོ་ཐད་སྒོར་དུང་ཕྱུར221བཀོད་སྒྲིག་བྱས་པ་དང་། སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་འགྲོ་སྒོ་ཐད་སྒོར་དུང་ཕྱུར235བཀོད་སྒྲིག་བྱས་ཡོད།

གོང་གི་སྔོན་རྩིས་བཀོད་སྒྲིག་བྱས་པའི་གནས་ཚུལ་ཞིབ་མོォམཚོ་སྔོན་ཞིང་ཆེན་གྱི་2016ལོའི་ནོར་སྲིད་སྔོན་རྩིས་གཏོང་ཡོང་ལག་བསྟར་བྱས་པའི་གནས་ཚུལ་དང2017ལོའི་སྔོན་རྩིས་བཀོད་སྒྲིག་བྱས་པའི་གནས་ཚུལ་རེའུ་མིགサལས་གསལ་བོར་བསྟན་ཡོད།

གསུམ། 2017ལོའི་ནོལས་གཞི་སོ་སོའི་ནོར་སྲིད་བྱ་བ་དངོས་གགནས་ལེགས་སྒྲུབ་བྱེད་དགོས་པ།

2017ལོ་ནི་ལོ་ལྔའི་འཆར་འགོད་བཅུ་གསུམ་པ་བརྟན་བརླིང་དང་གོང་དུ་སྤེལ་བའི་གནད་འགག་གི་ལོ་ཞིག་ཡིན་ལ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྨང་གཞི་བརྟན་པོར་གཏོང་བའི་སྔ་མཐུད་ཕྱི་སྐྱོང་གི་ལོ་གལ་ཆེན་ཞིག་ཀྱང་ཡིན། ནོར་སྲིད་བྱ་བ་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་ཕྱི་ཞུ་བ་བ། ཡར་རྒྱས་བརྩོན་་ལེན་དང་ཤུགས་བསྐྱེད་འབད་བརྩོན་བྱས་ཏེ་ལས་འགན་ནུས་པ་འདོན་སྤེལ་གང་ལེགས་བྱེད་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་རྒྱལ་ཁའི་ངང་ཚོགས་པར་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས།

(གཅིག) ནོར་སྲིད་ཀྱི་འགན་སྲུང་ནུས་པ་མུ་མཐུད་ཇེ་དྲག་ཏུ་གཏོང་དགོས། མུ་མཐུད་དུ“ཕྱོགས་གཉིས་ནས་འཛིན་པ”དང“རྐང་གཉིས་ལ་བརྟེན་ནས་སྐྱོད་པའི”བྱེད་ཕྱོགས་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་དགོས། ཕྱོགས་གཅིག་ནས་རང་ཉིད་ལ་ཡོད་པའི་ཡོང་སྒོ་རྩ་འཛུགས་དམ་འཛིན་བྱེད་དགོས། རྒྱལ་ཁབ་ཁྲལ་ལུགས་བཅོས་སྒྱུར་གྱི་འཕེལ་ཕྱོགས་ལ་མཐོང་ཆེན་ནན་མོ་བྱེད་པ་དང་། ཁྲལ་སྡུད་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཁྲལ་མིན་ཡོང་སྒོ་སྡུད་པའི་ལམ་ལུགས་གསར་སྐྲུན་བྱེད་པ། ཁྲལ་དོན་སྡེ་ཁག་གིས་རྩད་ཞིབ་དང་སྡུད་གཉེར་དོ་དམ་ཇེ་དྲག་ཏུ་གཏོང་བར་རྒྱབ་སྐྱོར་བྱས་ནས། བཅའ་ཁྲིམས་ལྟར་དང་སྒྲིག་གཞི་ལྟར་ཡོང་སྒོ་བསྡུ་དགོས་པ་ཚང་མ་བསྡུ་དགོས། ནོར་ཁྲལ་གཟིགས་སྐྱོང་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་བྱེད་པ་དང་། ཐོན་ལས་དང་ལས་རིགས། ཁེ་ལས་བཅས་གཙོ་བོའི་མགྱོགས་མྱུར་འཕེལ་རྒྱས་ལ་རོགས་སྐྱོར་དང་། རྒྱུ་ནོར་ཡོང་ཁུངས་སྲུང་སྐྱོང་བྱས་ནས་ནོར་སྲིད་འཕེལ་རྒྱས་ཀྱི་རྒྱུན་བསྲིང་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། ཕྱོགས་གཞན་ཞིག་ནས་རྒྱལ་ཁབ་སྲིད་ཇུས་ཀྱི་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་པའི་གཙོ་གནད་ཁོང་ཆུད་ཡང་དག་བྱེད་པ་དང་། གཙོ་བོ་ཆ་སྙོམས་རང་བཞིན་གྱི་སྤོ་བསྒྱུར་གཏོང་སྤྲོད་དང་སྐྱེ་ཁམས་ཕན་ནུས་ཁུལ་གཙོ་བོའི་ཁ་གསབ། གསར་འགྲེམ་བྱེད་པའི་ས་གནས་སྲིད་གཞུང་གི་བུན་འཛིན་བཅད་གྲངས། དེ་མིན་དབུལ་སྐྱོར་དང་སྐྱེ་ཁམས་ཁོར་སྲུང་། ཚན་རྩལ་གསར་སྐྲུན། བཟོ་ལས་སྒྲིག་གཞི་ལེགས་སྒྲིག རི་ཆུ་ནགས་ཞིང་མཚེའུ་བཅས་ཀྱི་སྐྱེ་ཁམས་སླར་གསོ་སྲུང་སྐྱོང་ལས་གྲྭ་སོགས་ཕྱོགས་ནས་བརྩོན་ལེན་བྱེད་ཤུགས་ཇེ་ཆེར་གཏོང་དགོས། ཀྲུང་དབྱང་གི་ཆེད་གཉེར་ལས་གཞི་འགྲན་རྩོད་རང་བཞིན་གྱི་བགོ་བཤའ་རྒྱག་སྟངས་བཅོས་སྒྱུར་བྱེད་པའི་རྗེས་སྙེག་ནས། ཞིང་ཆེན་རིམ་པའི་ཆེད་གཉེར་ལས་གཞི་མ་དངུལ་ཁ་ཤས་བདམས་ནས་འགྲན་རྩོད་རང་བཞིན་གྱིས་བགོ་བཤའ་རྒྱག་པའི་ཚོད་ལྟ་སྤེལ་བ་གྱིས་ས་གནས་སོ་སོ་དང་སྡེ་ཁག་སོ་སོ་གནས་བབ་གསར་བར་བསྟུན་ཐབས་དང་འགྲན་རྩོད་ནུས་པ་ཇེ་དྲག་ཏུ་གཏོང་བར་ཁྲིད་སྟོན་བྱེད་དགོས། སྡེ་ཁག་གིས་ཀྲུང་དབྱང་གི་ཆེད་གཉེར་ལས་གཞི་བརྩོན་ལེན་བྱེད་པའི་ལས་འགན་དོན་ཐོག་ཏུ་འཁྱོལ་བ་དང་། ལས་གཞི་མཛོད་ཀྱི་ཉར་ཚགས་བརྟན་པོ་བྱེད་པ། ལས་གཞི་དངོས་སྒྲུབ་དང་ཞིབ་སྒྲུབ་བྱེད་པ། ལས་གཞི་འཁོར་འགྲིལ་སྐུལ་སྤེལ་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ནན་འཛིན་རྗེས་སྙེག་དང་སྟོབས་ཤུགས་མཉམ་འདོན་བྱས་ནས། ཀྲུང་དབྱང་གི་རིགས་སྣ་ཚོགས་ཁ་གསབ་བསྟུད་མར་འཕར་བར་སྐུལ་འདེད་དང་ནོར་ཤུགས་བསྡོམས་གྲངས་བརྟན་བརླིང་ངང་འཕེལ་བ་ཁག་ཐེག་བྱེད་དགོས།

(གཉིས) ནུས་ཤུགས་གང་ཡོད་གྱིས་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས། མཚོ་སྔོན་དཔལ་འབྱོར་འཕེལ་རྒྱས་གྱི་རྒྱུན་རྣམ་གསར་བར་དམིགས་ཏེ། ཁྱོན་ཡོངས་ནས་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་དང་། དངོས་གཞི་དཔལ་འབྱོར་རྒྱ་ཆེར་གཏོང་བར་རྒྱབ་སྐྱོར་དང་ཐོན་ལས་ཁུལ་སྣ་ཚོགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས། ཆུ་བཏང་ནས་ཉ་གསོ་བའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཁྲལ་ཁུར་ཉུང་འཕྲི་དང་ཁྲལ་གཞི་སྐྱེད་སྲིང། གསོན་ཤུགས་ངར་སློང་བཅས་བྱེད་དགོས། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། ཚྭ་མཚོ་རྫས་འགྱུར་བཟོ་ལས་དང་མདོག་ལྡན་ལྕགས་བཞུ་སོགས་སྲོལ་རྒྱུན་ཐོན་ལས་རིགས་སྒྱུར་རིམ་སྤར་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ནུས་ཁུངས་གསར་བ་དང་རྒྱུ་ཆ་གསར་བ་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་དང་རྒྱ་ཇེ་ཆེར་གཏོང་བ། ནུས་སྲི་ཁོར་སྲུང་དང་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་སོགས་ལས་རྣམ་གསར་བ་སྐྱེད་སྲིང་བཅས་བྱས་ནས། རྗེས་ལུས་དང་ཕན་འབྲས་དམའ་བའི་ཐོན་ནུས་ཕྱིར་འཐེན་དང་མེད་པར་གཏོང་བ་དང་། བཟོ་ལས་དཔལ་འབྱོར་གྱི་སྤུས་འབྲས་ལེགས་གཉེར་སྐུལ་འདེད་བྱེད་དགོས། དེང་རབས་འཁོར་སྐྱོད་སོགས་ཐོན་སྐྱེད་ཅན་གྱི་ཞབས་་ཕྱི་ལས་རིགས་སྤེལ་བར་རྒྱབ་སྐྱོར་དང། གློག་རྡུལ་ཚོང་དོན་དང་བཙོང་རྗེས་ཀྱི་ཞབས་ཕྱི་སོགས་གསར་དར་ཞབས་ཕྱི་ལས་རིགས་སྐྱེད་སྲིང་བཅས་བྱས་ནས། བདེ་ཐང་དང་རྒན་གསོ། ཡུལ་སྐོར་སོགས་འཚོ་བའི་རང་བཞིན་གྱི་ཞབས་་ཕྱི་ལས་རིགས་སྒྱུར་བཀོད་དང་རིམ་སྤར་བྱས་ནས་ཕན་ཡོད་དགོས་མཁོ་རྒྱ་ཇེ་ཆེར་གཏོང་དགོས། ཞིང་ཕྱུགས་ལས་འདོན་སྤྲོད་ཕྱོགས་ཀྱི་བཅོས་སྒྱུར་བྱེད་པར་རྒྱབ་སྐྱོར་དང་། འདེབས་གསོ་སྒྲིག་གཞིའི་ལེགས་སྒྲིག་བྱ་བར་སྐུལ་འདེད་དང། རོང་འབྲོག་ཁུལ་གྱི་ཁྱབ་ཁོངས་སྒྲིག་སྟངས་ལེགས་སྒྱུར། གཞི་ཁྱོན་འོས་འཚམ་ལྡན་པའི་བདག་གཉེར་འཕེལ་རྒྱས་དང་། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཀྱི་སྐྱེ་ཁམས་ཞིང་ཕྱུགས་ལས་སྤེལ་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་བསྟུད་མར་རིམ་སྤར་གཏོང་དགོས། གསར་གཏོད་སྐུལ་སྤེལ་གྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། གསར་གཏོད་སྐུལ་སྤེལ་གྱི་སྲིད་ཇུས་དང་བྱེད་ཐབས་ཁྱོན་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བ་དང་། ནོར་སྲིད་གཏོང་འཇོག་ཇེ་ཆེར་གཏོང་བ། ཁྱད་ལྡན་ཐོན་ལས་དང་རྒྱུ་ཆ་གསར་བ་མགྱོགས་མྱུར་ངང་སྤེལ་བར་སྐུལ་འདེད་བཅས་བྱས་ནས། གསར་གཏོད་ལས་གྲྭ་གལ་ཆེན་ལག་བསྟར་བྱེད་དགོས། གཏོང་འཇོག་སྒྲིག་གཞི་ལེགས་སྒྱུར་དང་། ནོར་སྲིད་ཀྱིས་ས་ཁོངས་མཐུན་སྦྱོར་ངང་གོང་དུ་སྤེལ་བར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་ཐབས་ཇུས་དོན་ཐོག་ཏུ་འཁྱོལ་བ་བྱེད་པ་དང་། གཙོ་བོར་ཤར་རྒྱུད་ཀྱི་ཡུག་འབྲེལ་གྲོང་ཚོགས་དང་མཚོ་ནུབ་ཀྱི་དཔལ་འབྱོར་རིགས་སྒྱུར། མཚོ་སྐོར་ས་ཁུལ་གྱི་ཁྱད་ལྡན་འཕེལ་རྒྱས་དང་བོད་ཁུལ་གྱི་སྤྱི་ཕན་རང་བཞིན་གྱི་ལས་གཞི། མཛེས་པའི་མཁར་གྲོང་། ཆུ་བེད་འགྲིམ་འགྲུལ་གལ་ཆེན། རྣམ་གསར་མཁར་གྲོང་ཅན་གྱི་འཛུགས་སྐྲུན་བཅས་ལ་རྒྱབ་སྐྱོར་བྱས་ནས། ནོར་སྲིད་གཏོང་འཇོག་གི་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

(གསུམ) ནོར་སྲིད་འགྲོ་སྒོའི་སྒྲིག་གཞི་ལེགས་སྒྲིག་དང་ལེགས་སྒྱུར་བྱེད་དགོས། ཁྱོན་ཡོངས་ནས་ནོར་སྲིད་འགྲོ་སྒོའི་སྒྲིག་གཞི་ལེགས་སྒྲིག་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་ དོན་ཐོག་ཏུ་འཁྱོལ་བ་བྱེད་པ་དང་། གསོག་གྲངས་ལེགས་སྒྲིག་དང་འཕར་གྲངས་ལེགས་སྒྱུར། འགྲོ་སྒོ་ལུགས་མཐུན་དང་སྒྲིག་གཞི་ལེགས་སྒྱུར། ཚད་ལྡན་ཕན་ཡོད་བཅས་ཀྱི་དེང་རབས་ཀྱི་ནོར་སྲིད་ལམ་ལུགས་འཁོར་སྐྱོད་རྐྱེན་སྲོལ་མགྱོགས་མྱུར་གྱིས་འཛུགས་དགོས། དམངས་ཚིས་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། མུ་མཐུད་དུ་དམངས་ཚིས་དོན་དངོས་ལས་གྲྭ་ལེགས་པོ་སྤེལ་བར་རྒྱབ་སྐྱོར་དང་། གོམ་གང་མདུན་སྤོས་གྱིས་དམངས་ཚིས་ཕྱོགས་ཀྱི་དཀའ་གནད་སེལ་བ་དང་སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་འདེབ་པ། དམངས་ཚིསའི་དགོས་མཁོ་སྐོང་བ་བཅས་བྱེད་དགོས། གཏོང་འཇོག་ཇེ་མང་དང་ལམ་ལུགས་འཐུས་ཚང་དུ་གཏོང་བ། རྐྱེན་སྲོལ་མཉམ་སྤེལ་འཐུས་ཚང་དུ་གཏོང་བ་བཅས་ལ་མཐོང་ཆེན་བྱས་ཏེ། དམངས་ཚིསའི་འདོད་གསོལ་དང་ནོར་ཤུགས་ཀྱི་ཆོག་འཐུས་བར་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱས་ནས། འགན་སྲུང་ཆུ་ཚད་རིམ་བཞིན་མཐོར་འདེགས་སུ་གཏོང་བ་དང་། སྲིད་གཞུང་དང་ལས་ཁུངས། མི་སྒེར་བཅས་ཀྱི་འགན་འཁྲི་དོ་སྙོམས་འོས་འཚམ་བྱེད་པ་དང་། སྤྱི་ཚོགས་སྟོབས་ཤུགས་ཁྲོད་ཞུགས་པར་སྐུལ་སློང་བྱས་ནས། ནོར་སྲིད་ཀྱི་རྒྱུན་བསྲིང་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། ཡུན་རིང་པོར་བརྟན་གྱུར་རམ་དགོས་མཁོ་མིན་པའི་འགྲོ་སྒོ་ལས་གཞི་གཙང་འཐེན་བྱེད་པ་དང་། འགྲོ་སྒོ་སྲིད་ཇུས་ལ་དུས་བཅད་ལྟར་དཔྱད་དཔོག་བྱེད་པར་ཤུགས་སྣོན་གཏོང་བ། ལྷག་པར་དུ་ཡུན་རིང་བོར་བཀོད་སྒྲིག་དང་སྤྱོད་ཡུལ་བརྟན་གྱུར་གྱི་འགྲོ་སྒོ་གཅིག་བསྡུས་གྱིས་གཙང་བཤེར་བྱས་ནས། དེའི་ཁྲོད་ཀྱི་ལས་ཕྱོད་དམའ་ཞིང་མ་དངུལ་ལུས་པར་སྔོན་རྩིས་ཇེ་ཉུང་དང་ཡང་ན་བཀོད་སྒྲིག་བྱེད་རྒྱུ་མིན། ཆེད་གཉེར་ལས་གཞི་སྤོ་བསྒྱུར་གཏོང་སྤྲོད་གཙང་བཤེར་དང་སྡེབ་སྒྲིག་བྱས་ཏེ། ཁ་ཕྱོགས་གཅིག་གམ་ཁོངས་གཏོགས་གཅིག་གི་ཆེད་གཉེར་ལས་གཞི་ཁ་གྲངས་ཚོད་འཛིན་གཟབ་ནན་བྱས་ནས། སྲིད་ཇུས་ལག་བསྟར་བྱེད་ཡུན་ལོན་པ་དང་སྔོན་བཀོད་དམིགས་འབེན་གྲུབ་པ། ལས་ཕྱོད་དམའ་བ་སོགས་ཀྱི་ཆེད་གཉེར་ལས་གཞི་མེད་པར་གཏོང་བ་དང་། སྲིད་ཇུས་དམིགས་འབེན་དང་མ་དངུལ་གཏོང་ཕྱོགས། མ་དངུལ་དོ་དམ་བྱེད་སྟངས་བཅས་འདྲ་མཚུངས་ཡིན་པའི་ལས་གཞི་སྡེབ་སྒྲིག་བྱེད་དགོས། རིམ་བཞིན་འགྲན་རྩོད་རང་བཞིན་གྱི་ཁྱབ་ཁོངས་ཀྱི་ཆེད་གཉེར་ལས་གཞི་མེད་པར་གཏོང་བ་དང་། ངེས་པར་དུ་སོར་འཇོག་བྱེད་དགོས་ཚེ་ཧུར་བརྩོན་གྱིས“ཁ་གསབ་གཏོང་འཇོག་ཏུ་སྒྱུར་བ”སྐུལ་འདེད་བྱས་ནས། ཐེབས་རྩར་བསྒྱུར་བ་སོགས་ཁྲོམ་ར་ཅན་གྱི་རྣམ་པས་འཁོར་སྐྱོད་བྱེད་དགོས། ནོར་སྲིད་མ་དངུལ་གཅིག་གྱུར་འཆར་འགོད་གྱིས་བཀོལ་བའི་བྱེད་ཇེ་ཆེར་གཏོང་བ་དང་། “སྡུད་པའམ་ལེགས་སྒྲིག  འཕྲི་འཐེན། ཚོད་འཛིན”སོགས་བྱེད་ཐབས་ཕྱོགས་བསྡུས་ཀྱིས་སྤྱད་ནས་བསགས་པའི་མ་དངུལ་ཕན་སྒྱུར་དང་། སྡེ་ཁག་ནང་ཁུལ་དང་སྡེ་ཁག་ལས་བརྒལ་བ། ཚན་པ་གལ་ཆེན་བཅས་ཀྱི་མ་དངུལ་གཅིག་གྱུར་འཆར་འགོད་གྱིས་སྡེབ་སྒྲིག་བྱེད་པར་སྐུལ་འདེད་བྱེད་དགོས། “སྐ་རགས་བསྡམས་ཏེ་འཚོ་བ་རོལ་བའི”བསམ་བློ་བརྟན་འཛུགས་བྱས་ཏེ། སྤྱིར་བཏང་ཅན་གྱི་འགྲོ་སྒོ་མུ་མཐུད་དུ་གནོན་འཕྲི་དང“གཞུང་གསུམ”གྲོན་དངུལ་དང་ཚོགས་འདུའི་གྲོན་དངུལ་སོགས་མྱུར་མཁོ་མིན་ལ་ཅིས་ཀྱང་གཏོང་དགོས་པ་མིན་པའི་འགྲོ་སྒོ་གཟབ་ནན་གྱིས་ཚོད་འཛིན་བྱེད་དགོས།

(བཞི) ནོར་ཁྲལ་སྒྲིག་སྲོལ་བཅོས་སྒྱུར་མྱུར་སྤེལ་བྱེད་པར་སྐུལ་འདེད་བྱེད་དགོས། སྲིད་གཞུང་གི་སྔོན་རྩིས་མ་ལག་དང་སྔོན་ངེས་རྩིས་གཉིས་ཀྱི་ཆ་འཕྲིན་ཁྱབ་བསྒྲགས། ལོ་འཁོར་ལས་བརྒལ་བའི་སྔོན་རྩིས་དོ་མཉམ་སོགས་བཅོས་སྒྱུར་མུ་མཐུད་དུ་ཟབ་སྤེལ་བྱས་ཏེ། བཏོན་ཡོད་པའི་བཅོས་སྒྱུར་བྱེད་ཐབས་གཏན་ལ་ཕབ་ནས་ཕན་འབྲས་ཐོབ་པར་སྐུལ་འདེད་ཟབ་མོ་བྱེད་དགོས། ཁྱོན་ཡོངས་ནས་གཞི་གྲངས་མེད་པའི་སྔོན་རྩིས་ལམ་ལུགས་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ། སྡེ་ཁག་གི་སྔོན་རྩིས་སྒྲིག་ཁོངས་རྨང་གཞི་བརྟན་པོར་གཏོང་བ་དང་། གཞུང་སྤྱོད་གྲོན་དངུལ་རིགས་འབྱེད་རིམ་བགོས་ཀྱིས་བཅད་གྲངས་ཚད་གཞི་འཐུས་ཚང་དུ་གཏོང་བ་དང་། ལས་གཞི་འགྲོ་སྒོའི་བཅད་གྲངས་ཚད་གཞི་མ་ལག་སྐྲུན་པར་སྐུལ་འདེད་བྱེད་པ། ཆེད་གཉེར་ལས་གཞི་འགོད་པའམ་མ་དངུལ་གཞི་ཁྱོན་ཚོད་འཛིན་གཟབ་ནན་བཅས་བྱས་ནས། “འགྲོ་ཡོང་གཉིས་ཆོག”གི་ནོར་སྲིད་མ་དངུལ་བགོ་བཤའ་རྒྱག་པའི་རྐྱེན་སྲོལ་མགྱོགས་མྱུར་གྱིས་འཛུགས་དགོས། དུས་འབྲིང་གི་ནོར་སྲིད་འཆར་འགོད་དོ་དམ་ལ་སྐུལ་འདེདབྱེད་པ་དང་། འདོན་རྩིས་ཡོད་པའི་གཏོང་འཕར་ལས་གཞི་དང་དུས་འབྲིང་གི་ནོར་སྲིད་འཆར་འགོད་ཀྱི་སྦྲེལ་མཐུད་ལེགས་པོ་བྱེད་པ་དང། ཡུན་འགྱངས་རང་བཞིན་གྱི་སྲིད་ཇུས་གཏན་འབེབས་བྱེདཔར་ཕྱིན་ཆད་ལོ་འཁོར་འགར་གཅིག་གྱུར་འཆར་འགོད་གྱིས་བསམ་བློ་གཏོང་དགོས། PPPདཔེ་དབྱིབས་ཁྱབ་སྤེལ་དང་བེད་སྤྱོད་བྱེད་ཤུགས་ཇེ་ཆེར་གཏོང་དགོས་པ་དང་། དངུལ་སྡུད་རྒྱབ་སྐྱོར་དང་ནོར་སྲིད་མ་དངུལ་གྱི་བྱ་དགའ་དང་ཁ་གསབ་སོགས་བྱེད་ཐབས་འཐུས་ཚང་དུ་བཏང་ནས། PPPལས་གཞི་ཚད་ལྡན་ལས་སྒྲུབ་དང་མགྱོགས་མྱུར་ངང་དོན་ཐོག་ཏུ་འཁྱོར་བར་སྐུལ་སྤེལ་བྱེད་དགོས། སྲིད་གཞུང་གིས་ཁྲིད་སྟོན་བྱེད་པའི་ཐེབས་རྩ་ལམ་ལུགས་མ་ལག་དང་དོ་དམ་སྒྲོམ་གཞི་མགྱོགས་མྱུར་གྱིས་འཐུས་ཚང་དུ་གཏོང་བ་དང་། སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ་དང་སྲིད་ཇུས་ཁྲིད་སྟོན་ཇེ་དྲག་ཏུ་གཏོང་བ། འཕེལ་རྒྱས་མདུན་ལམ་བཟང་པའི་ཁེ་ལས་དང་ལས་གཞི་བདམས་ནས། ལས་གཞི་སྦྲེལ་མཐུད་དང་ཞབས་་ཕྱི་བྱ་བ་ལེགས་པོར་སྒྲུབ་དགོས། ཧུར་བརྩོན་གྱིས་ལས་གཉེར་དཔྱ་ཁྲལ་དེ་རིན་འཕར་དཔྱ་ཁྲལ་དུ་བསྒྱུར་བ་དང་ཐོན་ཁུངས་དཔྱ་ཁྲལ་གོང་བསྟུན་ཁྲལ་བསྡུ་སོགས་ཀྱི་བཅོས་སྒྱུར་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ། ཞིང་ཆེན་གྱིས་གཏན་ལ་ཕབ་པའི་ཁེ་ལས་སྐོར་གྱི་སྲིད་འཛིན་ལས་དོན་རང་བཞིན་གྱི་གྲོན་དངུལ་བསྡུ་བའི་གྲུབ་འབྲས་ཁྱོན་ཡོངས་ནས་མེད་པར་གཏོང་བ་སྲ་བརྟན་དུ་གཏོང་དགོས། ཁོར་ཡུག་སྲུང་སྐྱོང་དཔྱ་ཁྲལ་བཅོས་སྒྱུར་བྱེད་པའི་རྗེས་འདེད་པ་དང་། ནོར་ཁྲལ་སྲིད་ཇུས་ཀྱི་འཕྲི་འཐེན་ནུས་པ་འདོན་སྤེལ་གང་ནུས་བྱེད་པ་དང་། མ་གནས་མར་ཕབ་པ་དང་ཕན་འབྲས་སྣོན་པར་སྐུལ་འདེད་བྱེད་དགོས། འགྲོ་སྒོ་འགན་འཁྲི་དབྱེ་འབྱེད་ཀྱི་བཅོས་སྒྱུར་མགྱོགས་མྱུར་གྱིས་སྐུལ་སྤེལ་བྱས་ཏེ། ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ཞིང་ཆེན་རིམ་པ་མན་ཆད་ཀྱི་ནོར་སྲིད་དོན་དབང་དང་འགྲོ་སྒོ་འགན་འཁྲི་ཚན་རིག་དང་མཐུན་ཞིང་འོས་འཚམ་ལྡན་པའི་ངང་དབྱེ་འབྱེད་བྱས་ཏེ། རིམ་པ་སོ་སོའི་སྲིད་གཞུང་གིས་འགན་འཁྲི་དང་ལེན་དང་ལག་བསྟར་གང་ལེགས་བྱེད་པར་སྐུལ་འདེད་བྱེད་དགོས།

(ལྔ) ཤུགས་ཆེན་གྱིས་ནོར་སྲིད་དོ་དམ་ཆུ་ཚད་ཇེ་མཐོར་གཏོང་དགོས། སྔོན་རྩིས་ལག་བསྟར་གཅུན་སྡོམ་དྲག་འགྱུར་དང་འགོ་ཁུངས་ནས་དོ་དམ་ཚོད་འཛིན་གཟབ་ནན་བྱས་ཏེ། རྫུན་འགོད་འགྲོ་གཏོང་དང་མ་དངུལ་སྒྱུར་སྤོ་དང་གཡོ་ལེན། རྒྱ་ཁྱོན་དང་ཚད་གཞི་ལས་བརྒལ་བའི་འགྲོ་གྲོན་འགོད་པ་སོགས་ཀྱི་གནད་དོན་སྔོན་འགོག་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། འགྲོ་སྒོ་དོ་དམ་ཇེ་དྲག་ཏུ་གཏོང་བ་དང་། སྔོན་རྩིས་མཆན་བཀོད་བཀའ་ལན་དང་མ་མ་དངུལ་མར་གཏོང་བའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ། མ་དངུལ་དང་ལས་གཞི་བར་གྱི་སྦྲེལ་མཐུད་ཇེ་དམ་དུ་གཏོང་བ། སྲིད་གཞུང་ཉོ་སྒྲུབ་ཀྱི་ལག་བསྟར་ཕན་འབྲས་མཐོར་འདེགས་དང་། དངོས་པོའི་ལས་ཚད་སྔ་མོ་ནས་གྲུབ་པར་སྐུལ་འདེད་བྱས་ཏེ། བསགས་གྲངས་མ་དངུལ་གསར་བ་འབྱུང་བར་སྔོན་འགོག་བྱེད་དགོས། ས་གནས་སྲིད་གཞུང་གི་བུན་འཛིན་དོ་དམ་གཟབ་ནན་བྱས་ཏེ། བཅད་གྲངས་དོ་དམ་ལ་ཤུགས་སྣོན་གཏོང་བ་དང་། འཚུབ་བསྟུན་ཐག་གཅོད་རྐྱེན་སྲོལ་འཛུགས་པ། ཉེན་ཟོན་ཉེན་བརྡ་གཏོང་བར་ཤུགས་སྣོན་པ། དངོས་ཡོད་ཀྱི་བུན་དོན་ཐག་གཅོད་ལེགས་པོ་བྱེད་པ་དང་། ཉེན་ཟོན་ཉེན་བརྡ་དང་དཔྱད་ཞིབ་འགན་འདྲི་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། མངོན་མེད་བུན་དོན་འཕར་བར་ཚོད་འཛིན་རྦད་ཆོད་བྱས་ནས། སྲིད་གཞུང་གི་བུན་དོན་ཉེན་ཁ་སྤྱི་ཁོག་ནས་ཚོད་འཛིན་ཐུབ་པ་ཁག་ཐེག་བྱེད་དགོས། ས་གནས་སྲིད་གཞུང་གི་བུན་འཛིན་འགྲེམ་སྤེལ་བྱས་ནས་བསགས་པའི་བུན་འཛིན་བརྗེ་སྤོར་བྱ་བ་ལེགས་སྒྲུབ་བྱས་ཏེ། བརྗེ་སྤོར་བུན་འཛིན་སྤྱོད་པ་ཚད་ལྡན་དུ་གཏོང་བ་དང་། བརྗེ་སྤོར་བྱ་བ་དུས་ཐོག་ཏུ་སྒྲུབ་ཚར་དགོས། སྔོན་རྩིས་ལས་ཕྱོད་དམིགས་འབེན་དོ་དམ་ལ་ཤུགས་བསྣན་ཏེ། ནོར་སྲིད་མ་དངུལ་ཚང་མ་ལས་ཕྱོད་དམིགས་འབེན་དོ་དམ་ནང་འཇུག་པ་དང་། གདེང་འཇོག་མཇུག་འབྲས་སྤྱོད་པར་ཤུགས་སྣོན་བཏང་ནས། སྡེ་ཁག་གིས་སྔོན་རྩིས་དོ་དམ་ཆུ་ཚད་དངོས་གནས་མཐོར་འདེགས་སུ་གཏོང་བར་ལྟ་སྐུལ་བྱེད་དགོས། ཞིང་ཆེན་གྱིས་འོག་རིམ་གྱི་ནོར་སྲིད་དོ་དམ་ཕྱོགས་བསྡུས་ལས་ཕྱོད་ལ་དཔྱད་ཞིབ་བྱ་བ་འཐུས་ཚང་དུ་བཏང་སྟེ། རིམ་པ་སོ་སོའི་ནོར་སྲིད་དོ་དམ་ཆུ་ཚད་ལ་གདེང་འཇོག་དྲང་གཞག་བྱེད་དགོས། ཆེད་གཉེར་ལས་གཞི་འགྲོ་སྒོ་ལས་ཕྱོད་གདེང་འཇོག་ཁྱབ་ཁོངས་རྒྱ་ཇེ་ཆེར་གཏོང་བ་དང་། ་ལས་གཞི་འགྲོ་སྒོ་ལས་ཕྱོད་སྣ་རྐྱང་ལ་གདེང་འཇོག་བྱེད་པ་ལས་ནོར་སྲིད་སྲིད་ཇུས་དང་ལམ་ལུགས་སོགས་ཁྱབ་ཁོངས་གགཙོ་གནད་ལ་རྒྱ་སྐྱེད་དགོས། དངོས་སུ་རྩིས་གཉེར་རྨང་གཞི་བྱ་བར་ཤུགས་སྣོན་གཏོང་བ། ཧུར་བརྩོན་གྱིས་རྩིས་གཉེར་བཅོས་སྒྱུར་ལ་སྐུལ་འདེད་བྱེད་པ་དང་། རྩིས་གཉེར་ཞབས་ཕྱི་ལས་རིགས་དོ་དམ་ཇེ་དྲག་ཏུ་གཏོང་བ། རྩིས་གཉེར་ཆ་འཕྲིན་སྤུས་ཚད་དང་ཞབས་་ཕྱི་ཆུ་ཚད་མཐོ་རུ་བཏེགས་ནས། སྲིད་གཞུང་གི་རྒྱུ་ནོར་ལ་ལྟ་སྐུལ་དོ་དམ་བྱེད་པའི་ཚོད་ལྟ་བྱ་བ་ནན་ཏན་གྱིས་ཁྱབ་སྤེལ་བྱེད་དགོས། ནོར་སྲིད་ཀྱི་ལྟ་སྐུལ་འགན་ནུས་ཇེ་དྲག་ཏུ་གཏོང་བ། ནོར་ཁྲལ་སྲིད་ཇུས་གལ་ཆེན་དོན་ཐོག་ཏུ་འཁྱོལ་བ་དང་། དམངས་ཚིས་ཁྱབ་ཁོངས་ཀྱི་ཆེད་གཉེར་ལས་གཞི་མ་དངུལ་གཙོ་བོར་དམིགས་ཏེ། ཁེབས་རྒྱ་གཞི་ཁྱོན་རྒྱ་ཇེ་ཆེར་གཏོང་བ་དང་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཇེ་ཆེར་བཏང་ནས་ལྟ་སྐུལ་སྤུས་ཚད་མཐོར་འདེགས་སུ་གཏོང་དགོས། ལྟ་སྐུལ་བྱེད་སྟངས་གསར་གཏོད་བྱས་ཏེ། “སྐབས་བསྟུན་གཉིས”ཞེས་པའི་ལམ་ལུགས་དོན་ཐོག་ཏུ་འཁྱོལ་བ་བྱེད་པར་སྐུལ་འདེད་དང་། ལྟ་སྐུལ་དང་ཞིབ་བཤེར་གྲུབ་འབྲས་སྤྱོད་པར་མཐོང་ཆེན་བྱས་ནས་ནོར་སྲིད་དཔལ་འབྱོར་སྒྲིག་ལམ་དངོས་གནས་སྲུང་སྐྱོང་བྱེད་དགོས།

འཐུས་མི་རྣམ་པ། 2017ལོར་ཞིང་ཆེན་ཡོངས་ཀྱི་ནོར་སྲིད་བཅོས་སྒྱུར་དང་འཕེལ་རྒྱས་གྱི་ལས་འགན་ལྗིད་རྫོབ་དཀའ་ཚགས་ཧ་ཅང་ཆེ་བ་རེད། ང་ཚོས་ཐེངས་འདིའི་ཚོགས་ཆེན་གྱི་གྲོས་ཆོད་ནན་ཏན་གྱིས་དོན་ཐོག་ཏུ་འཁྱོལ་བ་བྱེད་རྒྱུ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་དང་བླང་བྱ་ལྟར། ཡིད་ཆེས་བརྟན་པོ་དང་དངོས་འཛིན་ལེགས་སྒྲུབ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། བཅོས་སྒྱུར་གསར་སྐྲུན་བཅས་བྱེད་པ་དང་། ནོར་སྲིད་དོ་དམ་བགོ་བཤའ་རྒྱག་པའི་ཐད་ནས་སྔར་ལས་ཚན་རིག་དང་མཐུན་ཞིང་། ལག་བསྟར་བྱེད་པའི་ཐད་ནས་སྔར་ལས་ཕན་འབྲས་མཐོ་བ། ལྟ་སྐུལ་བྱེད་པའི་ཐད་ནས་སྔར་ལས་གཟབ་ནན་ཡིན་པ་དང་། མ་དངུལ་བཀོལ་སྤྱོད་བྱེད་པའི་ཐད་ནས་སྔར་ལས་ལས་ཕྱོད་ལྡན་པ་བཅས་ལ་ཧུར་བརྩོན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བསྟུད་མར་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱེད་ཆེད་བྱས་རྗེས་གསར་བ་འཇོག་དགོས།