མཚོ་སྔོན་ཞིང་ཆེན་མི་དམང་སྲིད་གཞུང་གཞུང་ལས་ཐིན་གྱི2017ལོའི་དམངས་འཚོའི་དོན་དངོས་བཅུ་ལེགས་སྒྲུབ་བྱེད་པའི་བྱ་བ་དང་དེའི་འགན་འཁུར་ལས་བགོས་བྱས་པའི་སྐོར་གྱི་བརྡ་སྦྱོར།

མཚོ་སྲིད་གཞུང་ལས་ཐིན〔2017〕ཡིག་ཨང13པ།

མཚོ་སྔོན་ཞིང་ཆེན་མི་དམང་སྲིད་གཞུང་གཞུང་ལས་ཐིན་གྱི2017ལོའི་དམངས་འཚོའི་དོན་དངོས་བཅུ་ལེགས་སྒྲུབ་བྱེད་པའི་བྱ་བ་དང་དེའི་འགན་འཁུར་ལས་བགོས་བྱས་པའི་སྐོར་གྱི་བརྡ་སྦྱོར།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་སོ་སོ་དང་། གཞུང་ལས་ཁང་། ཐིན། ཅུས་སོ་སོ་བཅས་ལ།

2016ལོར། དཀའ་ཚེགས་ཆེ་ཞིང་འགན་ཁུར་ལྕི་བའི་བཅོས་བསྒྱུར་འཕེལ་རྒྱས་གཏན་འཇགས་བཅས་ཀྱི་འགན་འཁུར་ཁ་ཕྱོགས་པ། ས་གནས་སོ་སོ་དང་སྡེ་ཁག་སོ་སོསォསྲིད་གཞུང་བྱ་བའི་སྙན་ཞུサལས་གཏན་ཁེལ་བྱས་པའི་དམངས་འཚོའི་དོན་དངོས་བཅུ་ལ་དམ་པོར་དམིགས་པ་དང་། ཚན་རིག་གིས་ཇུས་འགོད་བྱེད་པ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ནས། དཔལ་འབྱོར་མར་རྒུད་པའི་གནོན་ཤུགས་བསྟུད་མར་འཕར་བ་དང་། ནོར་སྲིད་ཀྱི་ཡོང་སྒོ་འཕར་ཚད་དལ་བའི་གནས་ཚུལ་འོག་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་དམ་བཅའ་པའི་དམངས་འཚོའི་དོན་དངོས་བཅུ་ལེགས་གྲུབ་བྱུང་བ་རེད། 2017ལོ་ནི“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱེད་པའི་གལ་ཆེན་གྱི་ལོ་ཞིག་ཡིན་ལ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་བཅོས་སྒྱུར་སྐུལ་འདེད་ཟབ་སྤེལ་བྱེད་པའི་ལོ་ཞིག་ཀྱང་ཡིན་པས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཏན་ཁེལ་བྱས་པའི་དམངས་འཚོའི་དོན་དངོས་བཅུ་དོན་འཁྱོལ་ལེགས་པོ་བྱེད་པ་དང་། དམངས་འཚོའི་བདེ་སྐྱིད་གོང་སྤེལ་དང་མང་ཚོགས་ཀྱི་ཐོབ་པའི་ཚོར་སྣང་མཐོར་འདེགས། དམངས་འཚོའི་འགན་སྲུང་ནུས་པ་ཇེ་མཐོར་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་པ་རེད། ཞིང་ཆེན་སྲིད་གཞུང་ཡིད་འཐད་བྱུང་བ་བརྒྱུད་ད་ལྟ2017ལོའི་དམངས་འཚོའི་དོན་དངོས་བཅུ་ལེགས་སྒྲུབ་བྱེད་པའི་འབྲེལ་ཡོད་ལས་དོན་སྒྲུབ་སྟངས་ཐད་བརྡ་སྦྱོར་བཏང་བ་གཤམ་གསལ་ལྟར།

གཅིག  སྤྱིའི་བསམ་ཕྱོགས།

2017ལོའི་དམངས་འཚོའི་དོན་དངོས་བཅུའི་སྤྱིའི་བསམ་ཕྱོགས་ནི། གཏིང་ཟབ་མོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་བཏོན་པའི“ཏན་ཏན་ཏིག་ཏིག་བཞིའི”གལ་ཆེན་བླང་བྱ་ལ་སློབ་སྦྱོང་མཐར་ཕྱིན་བྱེད་དགོས་ཤིང་། མི་དམངས་གཙོ་བོ་ཡིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་བཅངས་ནས། ཞིང་ཆེན་གྱི་གནས་ཚུལ་དང་མི་དམངས་ཀྱི་འདོད་བློ་དམ་པོར་སྙེགས་ཤིང་མང་ཚོགས་ཀྱི་ཐུགས་ཁུར་ལ་ལན་ལེགས་པོར་སློག་དགོས། གོམ་གང་མདུན་སྤོས་ཀྱིས་དམངས་འཚོའི་མངའ་ཁོངས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། སྲིད་གཞུང་གིས་གཙོ་ཁྲིད་དང་སྤྱི་ཚོགས་ཞུགས་པ། གཞུང་གཉེར་དམངས་གཉེར་མཉམ་སྒྲུབ་ཀྱི་འདོན་སྤྲོད་དཔེ་གཞི་རིམ་བཞིན་འགྲུབ་པར་བྱ་དགོས། གོམ་གང་མདུན་སྤོས་ཀྱིས་སྲིད་ཇུས་བསྡུས་གྲུབ་ལ་ཤུགས་སྣོན་གཏོང་བ་དང་། ནོར་སྲིད་མ་དངུལ་སྡེབ་སྒྲིག་བྱེད་པ། འགྲོ་སོང་སྒྲིག་གཞི་ཇེ་ལེགས་སུ་གཏོང་བ། གཞི་རྩའི་དམངས་འཚོ་འགན་སྲུང་དང་མང་ཚོགས་ཆེས་རེ་སྒུག་བྱེད་པའི་དོན་དག་ནས་མགོ་བརྩམས་ཏེ། དམངས་འཚོའི་མངའ་ཁོངས་ཀྱི་གནད་དོན་མངོན་གསལ་ཅན་ཐག་གཅོད་པར་ཤུགས་སྣོན་གཏོང་བ་དང་ཞན་ཆར་ཁ་གསབ་བྱས་ནས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་སྤྱི་ལ་ཁེ་ཕན་ཐོབ་པ་དང། འཕེལ་རྒྱས་ཀྱི་མཉམ་སྤྱོད་རང་བཞིན་ཇེ་ཆེར་གཏོང་དགོས། གོམ་གང་མདུན་སྤོས་ཀྱིས་ལས་ཕྱོད་དོ་དམ་ལ་ཤུགས་སྣོན་པ་དང་། དམངས་འཚོའི་ལས་གཞི་གལ་ཆེན་གྱི་ལས་ཕྱོད་གདེང་འཇོག་བྱེད་ཤུགས་ཇེ་ཆེར་བཏང་ནས་དངོས་ཕན་ཐོབ་པར་ཁག་ཐེག་བྱ་དགོས།

གཉིས། འགན་འཁུར་གཙོ་བོ་དང་ལས་བགོས།

(གཅིག) ཤུགས་ཆེན་པོས་ལས་ཞུགས་དང་བྱ་གཞག་གསར་གཏོད་བྱེད་པར་སྐུལ་འདེད་བྱེད་དགོས།

1. མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་དང་བྱ་གཞག་གསར་གཏོད་འཆར་གཞི་སྐུལ་སྤེལ་གཏོང་བར་མུ་མཐུད་དུ་ལག་བསྟར་བྱས་ནས། བྱ་གཞག་གསར་གཏོད་ཀྱི་སྒོང་རུམ་རྟེན་གཞི་དང་དམངས་སྐྲུན་བྱ་ཡུལ་དང་ལས་ཞུགས་ཀྱི་དངོས་སྦྱོང་རྟེན་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཞིང་། “སྟོན་ཁར་སྲིང་བལ་འཐུ་བ”དང“འཕང་འབྲས་འཐུ་བ”། “འཐེན་ཐུག་དཔལ་འབྱོར”སོགས་ཁྱད་ཆོས་ལྡན་པའི་ངལ་ལས་ཚོང་རྫས་གྲགས་ཅན་གསོ་སྐྱོང་དང་རོགས་སྐྱོར་བྱས་ནས། བྱ་གཞག་གསར་གཏོད་ཀྱིས་ལས་ཞུགས་ལ་སྐུལ་འདེད་གཏོང་དགོས། (ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་སྣེ་ཁྲིད་ཅིང། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་དབུལ་སྐོར་ཅུས་སོགས་སྡེ་ཁག་གིས་གཞོགས་འདེགས་བྱ་དགོས།)

2. ཐོན་ནུས་ལྷག་མ་མེད་པར་བཟོས་ནས་ཁེ་ལས་ཀྱི་ལས་བཟོ་པ་བཀོད་སྒྲིག་བྱེད་པའི་བྱ་བ་ལེགས་སྒྲུབ་བྱ་དགོས། (ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་ཅིང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན་གཉིས་ཀྱིས་གཞོགས་འདེགས་བྱ་དགོས།)

3. བོགས་གཏོང་གཞུང་ཁང་གི་རེ་ཞུའི་སྒོ་ཐེམ་ཇེ་དམར་བཏང་ནས། གྲོང་ཁྱེར་དུ་ཡོང་བའི་ལས་བཟོ་གཉེར་བའི་མི་སྣ་སྡོད་ཁང་འགན་སྲུང་མངའ་ཁོངས་སུ་འཇུག་དགོས། (ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་གྱིས་སྣེ་ཁྲིད་བྱ་དགོས།)

4. ལས་ཁུངས་ལས་དོན་སྡེ་ཚན་གྱིས་རྒྱུགས་བླངས་ནས་ལས་མི5000ཡས་མས་བསྡུས་ཏེ། མཁར་གྲོང་གི་ལས་ཞུགས་མི་གྲངས་ཁྲི་ཚོ6སྣོན་པ་མངོན་འགྱུར་བྱུང་དགོས་ཞིང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་མི་ཐེངས་ཁྲི་ཚོ105གནས་སྤོ་ལས་ཞུགས་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པ་ཁྲ་ིཚོ8ལ་རྩལ་ནུས་ཟབ་སྦྱོང་བྱེད་པ་དང་།  མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་བྱེད་ཚད85%ཡན་སླེབས་པར་བྱེད་པ། མཁར་གྲོང་གི་ལས་ཤོར་ཐོ་འགོད་བྱེད་ཚད3.5%ཡི་ཚུན་དུ་ཚོད་འཛིན་བྱ་དགོས། (ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་སྣེ་ཁྲིད་ཅིང་། ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་ཞིང་ཕྱུགས་ཐིན་སོགས་སྡེ་ཁག་གིས་གཞོགས་འདེགས་བྱ་དགོས།)

(གཉིས) སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བར་གཅིག་གྱུར་གྱིས་འཆར་འགོད་བྱ་དགོས།

5. ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གཉིས་ཀྱི་ཡིག་ཚགས་དང་ཐོ་མ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་དབང་བོ་སྐྱོན་ཅན་སློབ་མ་དང་ཞིང་སྡེའི་ཆེས་དབུལ་པོར་རོགས་སྐྱོབ་གསོ་སྐྱོང་བྱས་པའི་སློབ་མ་རྣམས་ལོ15ཡི་གྲོན་དངུལ་མི་ལེན་པར་སློབ་གསོ་ཐོབ་པར་འཇུག་དགོས། འོས་འགན་སློབ་གསོའི་སློབ་གྲྭའི་སྤྱི་ཚོགས་ལག་ལེན་དང་སློབ་གྲྭའི་ཕྱི་རོལ་བྱ་འགུལ་གྱི་གྲོན་དངུལ་བསྡུ་བའི་ལས་གཞི་མེད་པར་གཏོང་ཞིང་། སློབ་མའི་ཆ་སྙོམས་ཀྱི་སྤྱི་སྤྱོད་གྲོན་དངུལ་ཁ་གསབ་རོགས་དངུལ་གྱི་ཚད་གཞི་སྒོར50ཇེ་མཐོར་གཏོང་དགོས། རྒྱ་བོད་སྐད་གཉིས་ཀྱི་ཕྱོགས་ངེས་གྲོན་དངུལ་མི་ལེན་པའི་དགེ་ཐོན་སློབ་མ་གསོ་སྐྱོང་གི་འཆར་གཞི་ལག་བསྟར་བྱ་དགོས། མུ་མཐུད་དུ་སྔོན་འགྲོའི་སློབ་གསོའི“ལོ་གསུམ་འགུལ་སྐྱོད”འཆར་གཞི་ལག་བསྟར་བྱས་ནས།  བྱིས་པའི་སློབ་ཁང75གསར་སྐྲུན་དང་རྒྱ་སྐྱེད་བྱ་དགོས།  “ཁྱོན་ཡོངས་ནས་ཞན་ཆ་བཅོས་བསྒྱུར”ལག་བསྟར་བྱེད་པ་དང་། མཐོ་འབྲིང་དཀྱུས་མའི་སློབ་གཉེར་ཆ་རྐྱེན་ཇེ་ལེགས་སུ་བཏང་ནས། ཁུལ་དྲུག་གི་སློབ་གསོའི“ཞན་ཆ་བཅོས་བསྒྱུར”གྱི་གཞི་རྩའི་འཛུགས་སྐྲུན་ས་གནས་ཆ་ཚང་དུ་སྒྲིག་པའི་མ་དངུལ་མེད་པར་བཟོ་དགོས། མཐོ་རིམ་སློབ་གསོ་དང་ལས་རིགས་སློབ་གསོའི་ཕྱོགས་བསྡུས་དངོས་ཤུགས་མཐོར་འདེགས་སུ་གཏོང་བའི་འཆར་གཞི་ལག་བསྟར་བྱས་ནས། སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་ཇེ་མཐོར་གཏོང་དགོས། (ཞིང་ཆེན་སློབ་གསོ་ཐིན་གྱིས་སྣེ་ཁྲིད་ཅིང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ནོར་སྲིད་ཐིན་སོགས་སྡེ་ཁག་གིས་གཞོགས་འདེགས་བྱ་དགོས།)

(གསུམ) གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་འབབ་ཇེ་མང་གཏོང་བར་བརྩོན་ལེན་བྱ་དགོས།

6. ལས་ཁུངས་ལས་དོན་སྡེ་ཚན་གྱི་ཟླ་ཕོགས་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་ཞིང་། རྒྱལ་ཁབ་ཀྱི་བཀོད་སྒྲིག་ལྟར་དུས་དང་བསྟུན་ནས་ས་གནས་ཟུར་བསྣན་གསབ་ཕོགས་ལམ་ལུགས་བཙུགས་ནས། ས་གནས་ཀྱི་གསབ་ཕོགས་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། (ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན་གཉིས་ཀྱིས་འགན་འཁུར་དགོས།)

7. ཁེ་ལས་ཀྱི་ཟླ་ཕོགས་ལམ་ལུགས་བཅོས་སྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས། (ཞིང་ཆེན་རྒྱལ་དབང་མ་རྩའི་ལྟ་རྟོག་དོ་དམ་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་དགོས།)

8. ཆེས་དམའི་ཟླ་ཕོགས་ཚད་གཞི་ལེགས་སྒྲིག་བྱ་དགོས། (ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་སྣེ་ཁྲིད་དགོས།)

9. ཞིང་སྡེའི་ཐུན་མོང་ཐོན་དབང་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས། ས་ཞིང་ལས་གཉེར་དབང་ཆ་རིམ་པ་ལྟར་སྐོར་སྐྱོད་བྱ་དགོས། (ཞིང་ཆེན་ཞིང་ཕྱུགས་ཐིན་དང་ཞིང་ཆེན་རྒྱལ་ཁོངས་ཐོན་ཁུངས་ཐིན་གཉིས་ཀྱིས་འགན་འཁྲི་ལྟར་ཐ་དད་དུ་འགན་འཁུར་དགོས།)

10. ཧུར་ཐག་གིས་རྣམ་པ་གསར་བའི་ལས་གཉེར་གཙོ་གཞི་གསོ་སྐྱོང་བྱེད་པ་དང། སྤྲོ་གསེང་དང་ལྟ་སྐོར་ཞིང་ཕྱུགས་ལས་སོགས་ལས་རྣམ་གསར་བ་བཟོས་ནས། ཉི་འོད་དྲོད་ཁང2000དང་ལྷས་གསོ་ལྷས་ར5000གསར་སྐྲུན་དང་། ཚད་ལྡན་ཅན་གྱི་གསོ་སྤེལ་ར་བ100རོགས་སྐྱོར་འཛུགས་སྐྲུན་བཅས་བྱས་ཏེ། རོང་འབྲོག་པ་མང་ཚོགས་ཀྱི་རྒྱུ་ནོར་རང་བཞིན་དང་ལས་གཉེར་རང་བཞིན་གྱི་ཡོང་སྒོ་ཇེ་མང་དུ་གཏོང་དགོས། (ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་སྣེ་ཁྲིད་དགོས།)

11. སྤྱི་ཚོགས་འགན་སྲུང་བརྒྱུད་ནས་ཚད་འདེགས་རྒྱ་བསྐྱེད་དང་ཞིང་དར་ཞིང་ཕན་གྱི་སྲིད་ཇུས་བྱེད་ཐབས་སོ་སོ་དོན་འཁྱོལ་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་སྤོ་སྒྱུར་རང་བཞིན་གྱི་ཡོང་སྒོ་ཕན་ཡོད་ཀྱིས་ཁ་སྣོན་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཆ་སྙོམས་ཀྱི་སྤྱོད་འཐུས་ཡོང་སྒོ9%ཡན་འཕར་བར་བརྩོན་ལེན་བྱ་དགོས། (ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་ཞིང་ཕྱུགས་ཐིན་བཅས་ཀྱིས་འགན་འཁྲི་ལྟར་ཐ་དད་དུ་འགན་འཁུར་དགོས། )

(བཞི) སྤྱི་ཚོགས་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།

12. དམངས་ཡོངས་སྤྱི་ཚོགས་འགན་སྲུང་འཆར་གཞི་ཁྲོད་ཞུགས་པར་མུ་མཐུད་དུ་ལག་ལེན་བྱེད་པ་དང་། ཁེ་ལས་དང་ལས་ཁུངས་ལས་དོན་སྡེ་ཚན་གྱི་ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོ་མ་དངུལ་གྱི་ཚད་གཞི་ཇེ་མཐོར་གཏོང་བར་ལེགས་སྒྲིག་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་རྨང་གཞིའི་རྒན་གསོའི་མ་དངུལ་ཟླ་རེར་མི་རེར་ཆ་སྙོམས་ཀྱི་ཚད་གཞི་སྒོར15ཇེ་མཐོར་གཏོང་བ་དང་། སྒོར155ཡི་ཚད་ལ་སླེབས་པར་བྱ་དགོས། (ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་སྣེ་ཁྲིད་ཅིང་། ཞིང་ཆེན་ནོར་སྲིད་ཐིན་གྱིས་གཞོགས་འདེགས་བྱ་དགོས།)

13.གྲོང་ཁྱེར་དམའ་སྲུང་ཟླ་རེར་མི་རེར་ཆ་སྙོམས་ཀྱི་ཚད་གཞི་སྒོར50ཇེ་མཐོར་གཏོང་བ་དང་། སྒོར450སླེབས་པར་བྱ་དགོས། ཞིང་སྡེའི་དམའ་སྲུང་ལོ་རེར་མི་རེར་ཆ་སྙོམས་ཀྱི་ཚད་གཞི་སྒོར350ཇེ་མཐོར་གཏོང་བ་དང་། སྒོར3320ལ་སླེབས་པར་བྱ་དགོས། དཀའ་ངལ་ཆེས་ཆེ་བའི་མི་སྣ་ལ་རོགས་སྐྱོབ་གསོ་སྐྱོང་གི་ལམ་ལུགས་འཛུགས་ཤིང་། གཞི་རྩའི་འཚོ་བའི་ཚད་གཞི་དེ་གྲོང་ཁྱེར་གྱི་ཆེས་དམའི་འཚོ་བའི་ཚད་གཞིའི་ལྡབ1.5ལྟར་རྩིས་ཏེ་སྤྲོད་རྒྱུ། ནུས་པ་ཉམས་ཚད་རབ་འབྲིང་ཐ་གསུམ་ཡོད་པའི་དཀའ་ངལ་ཆེས་ཆེ་བའི་མི་སྣའི་ལྟ་སྐྱོང་ནད་གཡོག་གསབ་དངུལ་དེ་ཞིང་ཆེན་ཡོངས་ཀྱི་ཆེས་དམའི་ཟླ་ཕོགས་ཚད་གཞིའི20%དང30%། 50%ལྟར་སྤྲོད་རྒྱུ། ཚོགས་པ་དཀའ་ཁག་ཅན་གྱི་དྲོད་ལེན་གསབ་དངུལ་སྲིད་ཇུས་འཐུས་ཚང་དུ་བཏང་ནས། ཞིང་སྡེའི་དམའ་སྲུང་ཁྱིམ་ཚང་ལོ་རེར་ཁྱིམ་ཚང་རེར་སྒོར800ཡི་ཚད་གཞི་ལྟར་དྲོད་ལེན་གསབ་དངུལ་སྤྲོད་རྒྱུ་དང་། མཁར་གྲོང་དམའ་སྲུང་ཁྱིམ་ཚང་གི་དྲོད་ལེན་གསབ་དངུལ་གྱི་ཚད་གཞི་སྒོར250ཇེ་མཐོར་གཏོང་བ་དང་། སྒོར1000ལ་སླེབས་པར་བྱ་དགོས། (ཞིང་ཆེན་དམངས་སྲིད་ཐིན་གྱིས་སྣེ་ཁྲིད་ཅིང་། ཞིང་ཆེན་ནོར་སྲིད་ཐིན་དང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཁག་གིས་གཞོགས་འདེགས་བྱ་དགོས།)

14. དབང་བོ་སྐྱོན་ཅན་ཁྱིམ་ཚང1000ལ་གེགས་མེད་སྒྱུར་བཀོད་བྱེད་པ་དང་། དབང་བོ་སྐྱོན་ཅན་ཚབས་ཆེན་ཡིནཔའི་མི200ལ་རམ་འདེགས་རང་བཞིན་གྱི་ལས་ཞུགས་གསབ་དངུལ་སྤྲོད་རྒྱུ། (ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྣེ་ཁྲིད་ཅིང་། ཞིང་ཆེན་ནོར་སྲིད་ཐིན་གྱིས་གཞོགས་འདེགས་བྱ་དགོས།)

15. སྐྱེ་ཁམས་དུར་འཇུག་གི་བྱ་དགའ་དང་ཁ་གསབ་སྟེར་བའི་ལམ་ལུགས་བཙུགས་ནས། ས་ཆ་གྲོན་ཆུང་དང་སྐྱེ་ཁམས་དུར་འཇུག་བྱེད་པའི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ལ་སྒོར800ནས་སྒོར3000བར་གྱི་བྱ་དགའི་གསབ་དངུལ་སྤྲོད་རྒྱུ། (ཞིང་ཆེན་དམངས་སྲིད་ཐིན་གྱིས་སྣེ་ཁྲིད་ཅིང་། ཞིང་ཆེན་ནོར་སྲིད་ཐིན་གྱིས་གཞོགས་འདེགས་བྱ་དགོས།)

16. ཞིང་པའི་སྡོད་ཁང་གི་འགན་བཅོལ་ཚོད་ལྟ་ཁུལ་མངའ་ཁོངས་རྒྱ་བསྐྱེད་གཏོང་དགོས། (ཞིང་ཆེན་དམངས་སྲིད་ཐིན་གྱིས་སྣེ་ཁྲིད་ཅིང་། མཚོ་སྔོན་འགན་བཅོལ་ལྟ་རྟོག་དོ་དམ་ཅུས་ཡིས་གཞོགས་འདེགས་བྱ་དགོས།)

(ལྔ) བུད་མེད་དང་བྱིས་པ་ལ་གཟིགས་སྐྱོང་བྱེད་དགོས།

17. དཀའ་གནས་ཅན་གྱི་བྱིས་པའི་འགན་སྲུང་ལ་ཤུགས་སྣོན་གཏོང་དགོས་ཤིང་། ནད་གཞི་ལྗི་ཞིང་དབང་བོ་སྐྱོན་ཅན་ཚབས་ཆེན་ཡིན་པའི་བྱིས་པའི་སྡོད་བཅོས་གྲོན་དངུལ་རྩིས་ཞུ་དང་། སྨན་བཅོས་རོགས་སྐྱོབ་ཆུ་ཚད་ཇེ་མཐོར་བཏང་ནས། གཞི་རྩའི་སྨན་བཅོས་དང་ནད་ཆེན་འགན་བཅོལ་སྲིད་ཇུས་ནང་དུ་འདུ་བའི་སྡོད་བཅོས་གྲོན་དངུལ་རྩིས་ཞུ10%ཇེ་མཐོར་གཏོང་ཞིང་སྨན་བཅོས་རོགས་སྐྱོབ་ཚད་གཞི10%ཇེ་མཐོར་གཏོང་བ་དང་། ཚད་གྲངས་མཐོ་ཤོས་སྒོར་ཁྲི་ཚོ6ལ་ཇེ་མཐོར་གཏོང་དགོས། ཞིང་སྡེའི་ཁྱིམ་བསྐྱུར་བྱིས་པའི་གཟིགས་སྐྱོང་རྐྱེན་སྲོལ་འཛུགས་སྐྲུན་བྱས་ཏེ། ཧུར་བརྩོན་གྱིས“བྱིས་པའི་ཁྱིམ་གཞི”གསར་སྐྲུན་བྱེད་པ་དང། ཞིང་སྡེའི་ཁྱིམ་བསྐྱུར་བྱིས་པ“ལུགས་མཐུན་ལྟ་སྲུང་དང་མཉམ་དུ་འཚར་ལོངས་བྱུང་བའི”གཟིགས་སྐྱོང་ཆེད་གཉེར་འགུལ་སྐྱོད་སྤེལ་དགོས། (ཞིང་ཆེན་དམངས་སྲིད་ཐིན་གྱིས་སྣེ་ཁྲིད་ཅིང་། ཞིང་ཆེན་ནོར་སྲིད་ཐིན་དང་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཁག་གིས་གཞོགས་འདེགས་བྱ་དགོས།)

18. “དཔྱིད་མྱུག་འཚོ་བཅུད་འཆར་གཞི”སྐུལ་སྤེལ་བྱས་ནས་སློབ་གྲྭ60ཡི་ཟ་ཁང་ལ་སྒྲིག་ཆས་བཀོད་སྒྲིག་བྱ་དགོས། (ཞིང་ཆེན་སློབ་གསོ་ཐིན་གྱིས་སྣེ་ཁྲིད་བྱ་དགོས།)

19. མུ་མཐུད་དུ་ཕྲུ་གུའི་འཚོ་བཅུད་ཇེ་ལེགས་སུ་གཏོང་ཞིང་། མངལ་ཆགས་པ་དང་ཕྲུ་གུ་སྐྱེ་བའི་བུད་མེད་ཀྱི་སྡོད་བཅོས་ཕྲུ་གུ་སྐྱེ་བའི་གསབ་དངུལ་དང་། རོང་འབྲོག་ཁུལ་བུད་མེད་ཀྱི“འབྲས་སྐྲན་གཉིས”གྲོན་དངུལ་མི་ལེན་པའི་ཞིབ་བཤེར་ལས་གཞི་ལག་ལེན་དུ་བསྟར་ནས། “འབྲས་སྐྲན་གཉིས”ལྡན་གྱི་བུད་མེད་དབུལ་ཕོངས་ཅན་རེ་ལ་སྒོར་ཁྲི་ཚོ1གི་རོགས་སྐྱོབ་གསབ་དངུལ་སྤྲོད་དགོས། མངལ་ཆགས་པ་དང་ཕྲུ་གུ་སྐྱེས་པའི་བུད་མེད་དང། ཕྲུ་གུ་ལོ5མན་གྱི་བྱིས་པ་སོགས་ཀྱི་ཚེ་སྲོག་ཤོར་ཚད་བརྟན་འཇགས་ངང་ཇེ་དམར་བཏང་ནས།  བུད་མེད་དང་བྱིས་པའི་བདེ་ཐང་གི་ཆུ་ཚད་རིམ་བཞིན་ཇེ་མཐོར་གཏོང་དགོས། (ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་འགན་འཁྲི་ལྟར་ཐ་དད་དུ་འགན་འཁུར་དགོས་ཤིང་། ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན་སོགས་སྡེ་ཁག་གིས་གཞོགས་འདེགས་བྱ་དགོས།)

(དྲུག) དམངས་ཡོངས་བདེ་ཐང་གི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས།

20. “བདེ་ཐང་མཚོ་སྔོན2030”གི་འགུལ་སྐྱོད་འཆར་གཞི་སྐུལ་སྤེལ་བྱས་ནས་དམངས་ཡོངས་བདེ་ཐང(ལུས་ཕུང་སྦྱོང་བརྡར)གི་ལས་གྲྭ་མུ་མཐུད་དུ་ལག་བསྟར་བྱ་དགོས། (ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་ཅིང་། ཞིང་ཆེན་ལུས་རྩལ་ཅུས་དང་ཞིང་ཆེན་ཟས་རིགས་སྨན་རིགས་ལྟ་སྐུལ་དོ་དམ་ཅུས་སོགས་སྡེ་ཁག་གིས་འགན་འཁྲི་ལྟར་ཐ་དད་དུ་འགན་ཁུར་དགོས།)

21. “ཉི་གཞོན་འཆར་གཞི”ལག་ལེན་དུ་བསྟར་ནས་སློབ་གྲྭ200ལ་འཕྲོད་བསྟེན་ཁང་གི་སྒྲིག་ཆས་བཀོད་སྒྲིག་བྱ་དགོས། (ཞིང་ཆེན་སློབ་གསོ་ཐིན་གྱིས་སྣེ་འཁྲིད་དགོས།)

22. རིམ་བགོས་ནད་བརྟག་སྨན་བཅོས་ཀྱི་ལམ་ལུགས་ལག་བསྟར་བྱ་དགོས། (ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་་གིས་སྣེ་ཁྲིད་དགོས།)

23. སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་གཏོང་སྟངས་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་མ་དངུལ་བསྡུ་བའི་ཚད་གཞི་སྒོར70ཇེ་མཐོར་གཏོང་བ་དང་། སྒོར680ལ་སླེབས་པར་བྱ་དགོས། ཞིང་ཆེན་བརྒལ་ཏེ་ས་གནས་གཞན་ནས་སྨན་བཅོས་བྱེད་པའི་གྲོན་དངུལ་དུས་ལྟར་སྡོམ་རྩིས་བྱེད་པར་སྐུལ་འདེད་གཏོང་དགོས། (ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་སྣེ་ཁྲིད་ཅིང་། ཞིང་ཆེན་ནོར་སྲིད་ཐིན་དང་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་གིས་གཞོགས་འདེགས་བྱ་དགོས།)

24. གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མི་རེར་ཆ་སྙོམས་ཀྱི་གསབ་དངུལ་ཚད་གཞི་སྒོར5ཇེ་མཐོར་གཏོང་ཞིང་། སྒོར55སླེབས་པར་བྱ་དགོས། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་གསར་སྐྲུན་བྱས་ནས། ཁྱིམ་ཚང་སྨན་པའི་གན་རྒྱ་འཇོག་པའི་ཞབས་ཞུ་ཁེབས་ཚད70%ཡན་སླེབས་པར་བྱ་དགོས། སྡེ་བའི་སྨན་པའི་གླ་ཕོགས་ལོ་རེར་མི་རེར་ཆ་སྙོམས་སྒོར5000ཇེ་མཐོར་གཏོང་དགོས། (ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་ཅིང་། ཞིང་ཆེན་ནོར་སྲིད་ཐིན་གྱིས་གཞོགས་འདེགས་བྱ་དགོས།)

25. གཉེར་མ་སྒྲིག་གོང་གི་གསོ་རིག་བདེ་ཐང་ཞིབ་བཤེར་ཧུར་བརྩོན་གྱིས་སྐུལ་འདེད་གཏོང་དགོས། (ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་གིས་སྣེ་འཁྲིད་དགོས།)

26. འཆར་ལྡན་བུ་སྐྱེའི་དམིགས་བསལ་ཁྱིམ་ཚང་ལ་སྡོད་བཅོས་སྲུང་རོགས་འགན་བཅོལ་ལམ་ལུགས་འཛུགས་ཤིང་། ཧུར་བརྩོན་གྱིས་བདེ་ཐང་འགན་བཅོལ་འཚོལ་ཞིབ་བྱ་དགོས། (ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་ཅིང་། མཚོ་སྔོན་འགན་བཅོལ་ལྟ་སྐུལ་དོ་དམ་ཅུས་ཀྱིས་གཞོགས་འདེགས་བྱ་དགོས།)

27. འགོས་ནད་ཚབས་ཆེན་དང་ཡུལ་ནད་འགོག་བཅོས་བྱེད་པའི་བྱ་བར་ཤུགས་སྣོན་གཏོང་བ་དང་། འདུས་འདྲིལ་གཅོང་ནད2000ལ་གྲོན་དངུལ་མི་ལེན་པར་སྨན་བཅོས་བྱེད་པ་དང་། ཐུམ་འབུ་ནད་ཡོད་པའི་མི་ཚོགས་ཁྲི100འདེམ་གསེས་ཞིབ་བཤེར་བྱ་དགོས། ཤེས་པ་འཆལ་བའི་ཚབས་ཆེན་ནད་པའི་ལྟ་སྐྱོང་མཁན་མི(ཁྱིམ་ཚང)རེར་ལོ་རེར་སྒོར2400ཡི་ལྟ་སྐྱོང་གསབ་དངུལ་སྤྲོད་དགོས། མུ་མཐུད་དུ་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཐད་ཀྱི་འཇོན་ཐང་ཅན་མི“མི་ཁྲི་ཚོ”གསོ་སྐྱོང་དང་ཟབ་སྦྱོང་གི་འཆར་གཞི་ལག་བསྟར་བྱ་དགོས། (ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་བྱ་དགོས།)

28. ཁེ་དོན་ལས་སྡེ་ཚན་སོགས་ཀྱི་ལུས་རྩལ་སྒྲིག་ཆས་སྤྱི་ཚོགས་ལ་སྒོ་འབྱེད་པར་མགྱོགས་མྱུར་གྱིས་སྐུལ་འདེད་བྱེད་པ་དང་། གྲོང་ཁྱེར་གྱི་སྐར་མ15ཡི་ལུས་ཕུང་སྦྱོང་བརྡར་ར་བ་སྐྲུན་པ་དང་། སྲིད་འཛིན་སྡེ་བའི་དམངས་ཡོངས་ལུས་ཕུང་སྦྱོང་བརྡར་ས་ཚིགས466དང། སྡེ་ཁུལ་གྱི་དམངས་ཡོངས་ལུས་ཕུང་སྦྱོང་བརྡར་ས་ཚིགས68། གཞིས་ཁུལ་ཉི་གློག་ལུས་ཕུང་སྦྱོང་བརྡར་བསིལ་ཁང300བཅས་འཛུགས་སྐྲུན་བྱེད་པའི་འགན་འཁུར་འགྲུབ་པར་བྱ་དགོས། (ཞིང་ཆེན་ལུས་རྩལ་ཅུས་ཀྱིས་སྣེ་ཁྲིད་བྱ་དགོས།)

29. ཧུར་བརྩོན་གྱིས་ཟས་རིགས་གནོད་མེད་དཔེ་སྟོན་རྫོང(གྲོང་ཁྱེར)གསར་སྐྲུན་བྱེད་པ་དང་། ཟས་རིགས་སྤུས་ཚད་གནོད་མེད་ཞིབ་བཤེར་ཚད་འཇལ་ས་ཚིགས32བཙུགས་ནས་འགྲུབ་པར་བྱ་དགོས། ཞིང་ཆེན་ཡོངས་གཅིག་གྱུར་ཡིན་པའི“12331”ཟས་རིགས་དང་སྨན་རྫས་ཞུ་གཏུག་ཐེར་འདོན་གྱི་ཁ་པར་གཏོང་ལེན་ལྟེ་གནས་འཛུགས་དགོས། (ཞིང་ཆེན་ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཡིས་སྣེ་ཁྲིད་བྱ་དགོས།)

(བདུན) འགྲོ་སྐྱོད་བདེ་བགྲོད་ཀྱི་ལས་གྲྭ་སྐྲུན་དགོས།

30. “བདེར་བགྲོད་ཟི་ལིང”གི་ལོ་གསུམ་གྱི་འགག་སྒྲོལ་འགུལ་སྐྱོད་འཆར་གཞི་མུ་མཐུད་དུ་ལག་བསྟར་བྱེད་པ་དང་། ཁུ་ནུའི་ལམ་ཆེན་གྱི་ནུབ་བསྲིངས་ལས་གཞིའི་ལས་མགོ་བརྩམས་ནས། ཁྱུང་ཆེན་རི་བོའི་ལམ་དང་ལྷོ་བྱང་མྱུར་སྐྱོད་གཞུང་ལམ་གྱི་ཕྱི་འབུད་སྒོ་སོགས་གཙོ་གནད་ལས་གཞི་སྐྲུན་པར་སྐུལ་འདེད་གཏོང་དགོས། (ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་སྣེ་ཁྲིད་ཅིང་། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་གཞོགས་འདེགས་བྱ་དགོས།)

31. ཅཱ་ཏིན་ནས་ནུབ་མཚོའི་བར་དང་ནུབ་མཚོ་ནས་ཚྭ་ཧན་ནོ་གཞུང་ལམ་ལས་གཞི་འཛུགས་སྐྲུན་བྱ་དགོས། ཞིང་སྡེའི་གཞུང་ལམ་སྤྱི་ལེ6000དང་དམངས་ལ་སྟབས་བདེ་སྐྲུན་པའི་ཟམ་པ(ལམ་འོག་ཆུ་ལམ)200བཟོ་བཅོས་དང་རྒྱ་བསྐྱེད་བཏང་ནས། སྒྲིག་ཁོངས་གྲོང་ཚོའི་གཞུང་ལམ་བདེ་བགྲོད་བྱེད་ཚད97%མངོན་འགྱུར་བྱ་དགོས། ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་གིས་དངུལ་བུན་སྤྲོད་ཆེད་རིམ་པ་གཉིས་པའི་གཞུང་ལམ་དུ་གྲོན་དངུལ་ལེན་པ་མེད་པར་བཟོ་དགོས། (ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་སྣེ་ཁྲིད་ཅིང་། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ནོར་སྲིད་ཐིན་གྱིས་གཞོགས་འདེགས་བྱ་དགོས།)

(བརྒྱད) མགྱོགས་མྱུར་གྱིས་རྒན་གསོའི་ཞབས་ཞུ་མ་ལག་འཛུགས་སྐྲུན་བྱེད་དགོས།

32. མཚོ་ཤར་གྲོང་ཁྱེར་གྱི་ཁྱིམ་སྡོད་དང་སྡེ་ཁུལ་རྒན་གསོ་རྒྱལ་ཁབ་དཔེ་སྟོན་གྲོང་ཁྱེར་འཛུགས་སྐྲུན་མགྱོགས་མྱུར་གྱིས་སྐུལ་འདེད་བྱེད་དགོས། (མཚོ་ཤར་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་སྣེ་ཁྲིད་ཅིང་། ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན་གྱིས་གཞོགས་འདེགས་བྱ་དགོས།)

33. ཟི་ལིང་གྲོང་ཁྱེར་དུ་ཁྱིམ་སྡོད་དང་སྡེ་ཁུལ་རྒན་གསོ་ཞིང་ཆེན་རིམ་པའི་དཔེ་སྟོན་གྲོང་ཁྱེར་གསར་འཛུགས་བྱ་དགོས། (ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་སྣེ་ཁྲིད་ཅིང་།  ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན་གྱིས་གཞོགས་འདེགས་བྱ་དགོས།)

34. སྲིད་གཞུང་གིས་ཁྱིམ་སྡོད་རྒན་གསོ་ཞབས་ཞུ་ཉོ་བ་ལ་བརྟེན་ནས། ཁྱིམ་ཚང་འཛིན་སྐྱོང་ཞབས་ཞུ་ལས་རིགས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་སྐུལ་ཁྲིད་བྱ་དགོས། (ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་འགན་འཁྲི་ལྟར་ཐ་དད་དུ་འགན་འཁུར་དགོས།)

35. སྨན་བཅོས་དང་རྒན་གསོ་མཉམ་འབྲེལ་ལ་ཧུར་བརྩོན་གྱིས་སྐུལ་འདེད་གཏོང་དགོས་པ་དང་། སྨན་བཅོས་ལས་ཁུངས་དང་རྒན་གསོ་ལས་ཁུངས་གཉིས་ཀྱིས་གན་རྒྱ་བཞག་ནས་མཉམ་ལས་བྱེད་པར་ཤུགས་སྣོན་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་རིམ་པ་གཉིས་ཡན་གྱི་སྨན་ཁང་གིས་ཁྱོན་ཡོངས་ནས་རྒན་པའི་ཆེད་ཚན་དང་རྒན་པ་སྨན་པར་བསྟེན་པའི་གེགས་མེད་རྒྱུ་ལམ་འཛུགས་དགོས། (ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་ཅིང་། ཞིང་ཆེན་དམངས་སྲིད་ཐིན་གྱིས་གཞོགས་འདེགས་བྱ་དགོས།)

36. སྨན་བཅོས་དང་རྒན་གསོ་མཉམ་འབྲེལ་ཞབས་ཞུའི་ལས་ཁུངས10གསར་འཛུགས་བྱ་དགོས། (ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་དམངས་སྲིད་ཐིན་གཉིས་ཀྱིས་སྣེ་ཁྲིད་ཅིང་། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ནོར་སྲིད་ཐིན་གཉིས་ཀྱིས་གཞོགས་འདེགས་བྱ་དགོས།)

37. བོད་ཁུལ་གྱི་ཁུལ6གི་རོང་འབྲོག་ས་ཁུལ་དུ་ཁྱོན་ཡོངས་ནས་ཁེར་འདུག་རྒན་པའི་ཚབ་གསོ་ཞབས་ཞུ་ཁྱབ་སྤེལ་བྱ་དགོས། དགུང་ལོ་མཐོ་བའི་གསབ་དངུལ་ཟླ་རེར་མི་རེར་ཆ་སྙོམས་སྒོར20ཇེ་མཐོར་གཏོང་བ་དང་། སྒོར110ནས180བར་སླེབས་པར་བྱ་དགོས། སྡེ་ཁུལ་གྱི་རྒན་པའི་ཉིན་མོར་ལྟ་སྐྱོང་ལྟེ་གནས30དང་། ཞིང་སྡེའི་རོགས་རེས་བདེ་སྐྱིད་གླིང100གསར་འཛུགས་བྱེད་དགོས་ཤིང་། རྒན་པའི་ཁྱིམ་ཚང200ལ་གེགས་མེད་སྒྲིག་ཆས་སྒྱུར་བཀོད་བྱེད་པ་དང་། ལས་ཁུངས་སུ་རྒན་གསོའི་ཉལ་ཁྲི1000གསར་དུ་བསྣན་དགོས། (ཞིང་ཆེན་དམངས་སྲིད་ཐིན་གྱིས་སྣེ་ཁྲིད་ཅིང་། ཞིང་ཆེན་ནོར་སྲིད་ཐིན་དང་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་གཞོགས་འདེགས་བྱ་དགོས།)

(དགུ) མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས།

38. གཞི་རིམ་གྱི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུ་ལྟེ་གནས700                                                                  འཛུགས་སྐྲུན་བྱེད་པའི་ལས་གཞི་ལག་བསྟར་བྱེད་དགོས་ཤིང་། ཏང་ཡོན་སློབ་གསོ་དང་ཞིང་ལས་ལག་རྩལ་ཁྱབ་སྤེལ། བཅའ་ཁྲིམས་ཁྱབ་གདལ་སློབ་གསོ་སོགས་སྤྱི་བའི་ཞབས་ཞུའི་ཐོན་ཁུངས་སྡེབ་སྒྲིག་བྱས་ནས་ཞབས་ཞུའི་རྩོལ་ནུས་འཐུས་ཚང་དུ་གཏོང་དགོས། སྲིད་གཞུང་གིས་སྤྱི་པའི་རིག་གནས་ཞབས་ཞུ་ཉོ་བར་གཏིང་ཟབ་མོས་སྐུལ་འདེད་བཏང་ནས།“ཟློས་གར་གྲོང་གསེབ་ལ་སྐྱེལ་བའི”གཞི་རིམ་རིག་རྩལ་འཁྲབ་སྟོན་ཐེངས500ཁྱབ་སྤེལ་བྱེད་དགོས། (ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིན་གྱིས་སྣེ་ཁྲིད་ཅིང་། ཞིང་ཆེན་ནོར་སྲིད་ཐིན་གྱིས་གཞོགས་འདེགས་བྱ་དགོས།)

39. བོད་ཁུལ་གྱི་རྫོང4ཡི་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་བཟོ་སྐྲུན་བྱེད་པའི་ནུས་པ་མཐོར་འདེགས་སུ་གཏོང་དགོས་པ་དང་། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁྱིམ་ཚང་ལ་སྒྲ་སྡུད་འཕྲུལ་ཆས་ཁྲི་ཚོ2འགྲེམ་གཏོང་བྱེད་པ་དང་། རོང་འབྲོག་ས་ཁུལ་དུ་གློག་བརྙན་ཐེངས་ཁྲི་ཚོ5གཏོང་བའི་འགན་འཁུར་འགྲུབ་པར་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་གྱི་ཕྱོགས་བསྡུས་མི་གྲངས་ཁྱབ་ཚད98.4%ལ་སླེབས་པར་བྱ་དགོས། (ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་སྣེ་ཁྲིད་ཅིང་། ཞིང་ཆེན་ནོར་སྲིད་ཐིན་གྱིས་གཞོགས་འདེགས་བྱ་དགོས།)

40. རིག་གནས་ཐོན་ལས་འཕེལ་རྒྱས་ཐེབས་རྩ་འཛུགས་སྐྲུན་བྱེད་དགོས་ཤིང་། སྤྱི་ཚོགས་དང་དངུལ་རྩའི་མ་རྩ་རིག་གནས་ཁེ་ལས་ལ་གཏོང་བར་སྣེ་སྟོན་བྱས་ནས། རིག་གནས་འཛད་སྤྱོད་དང་རིག་གནས་ཐོན་རྫས་ཀྱི་མཁོ་སྤྲོད་ནུས་པ་རིམ་བཞིན་ཇེ་མཐོར་གཏོང་དགོས། (ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིན་གྱིས་སྣེ་ཁྲིད་ཅིང་། ཞིང་ཆེན་ནོར་སྲིད་ཐིན་གྱིས་གཞོགས་འདེགས་བྱ་དགོས།)

(བཅུ) མི་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་དགོས།

41. “འགྱིག་སོབ”གྲོང་ཁྱེར་དང“སྦུག་ཁྱམས”གྲོང་ཁྱེར་འཛུགས་སྐྲུན་མགྱོགས་མྱུར་གྱིས་སྐུལ་འདེད་བཏང་ནས། གོམ་གང་མདུན་སྤོས་ཀྱིས་གྲོང་ཁྱེར་ཞབས་ཞུའི་རྩོལ་ནུས་མཐོར་འདེགས་སུ་གཏོང་དགོས། (ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་འགན་འཁུར་དགོས།)

42. མཁར་གྲོང་གི་སྤྱིལ་ཁྱིམ་ཁུལ་གྱི་ཁྱིམ་ཚང་ཁྲི་ཚོ5.6དང་ཞིང་སྡེའི་ཉེན་ཁང་ཁྲི་ཚོ6སྒྱུར་བཀོད་བྱེད་པའི་འཛུགས་སྐྲུན་ལས་གཞི་ལག་ལེན་བྱེད་དགོས། (ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་གྱིས་སྣེ་ཁྲིད་ཅིང་། ཞིང་ཆེན་ནོར་སྲིད་ཐིན་གྱིས་གཞོགས་འདེགས་བྱ་དགོས།)

43. ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གཉིས་སུ་སྤྱི་ཕན་རང་བཞིན་གྱི་ཞིང་ལས་ཐོན་རྫས་ཚོང་ར2གསར(བསྒྱུར)སྐྲུན་བྱ་དགོས། (ཞིང་ཆེན་ཚོང་དོན་ཐིན་གྱིས་སྣེ་ཁྲིད་བྱེད་དགོས།)

44. གྲོང་ཚོ500ཡི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་གཞི་དང་། “མཛེས་པའི་མཁར་གྲོང”16དང“མཐོ་སྒང་གི་མཛེས་པའི་ཞིང་གྲོང”300བཅས་ཀྱི་འཛུགས་སྐྲུན་ལས་གཞི་འགྲུབ་པར་བྱ་དགོས། (ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཐིན་དང་ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་བཅས་ཀྱིས་འགན་འཁྲི་ལྟར་ཐ་དད་དུ་འགན་འཁུར་དགོས།)

45. “ལྗང་མདོག་གི་དབྱང་ཤག་སྟེ་མཐོ་སྒང་གཞིས་ཁྱིམ”8བཙུགས་ནས་འགྲུབ་པར་བྱ་དགོས། (ཞིང་ཆེན་ཚན་རྩལ་ཐིན་གྱིས་སྣེ་ཁྲིད་ཅིང་། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ནོར་སྲིད་ཐིན་གྱིས་གཞོགས་འདེགས་བྱ་དགོས།)

46. ཙོང་ཆུའི་འབབ་རྒྱུན་ཡོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་དང་ཤར་རྒྱུད་ཡུག་འབྲེལ་གྲོང་ཚོགས་ཀྱི་རླུང་ཁམས་སྦགས་བསླད་འགོག་བཅོས་བཅས་ཀྱི་ལས་གྲྭ་ལག་ལེན་དུ་བསྟར་ནས། ཙོང་ཆུ་ཕྱིར་གཏོང་བཤགས་ངོས་ཀྱི་ཆུ་གཤིས་ཚད་ཐོན་གྱི་ཚད83.3%ཡན་ལ་སླེབས་པ་དང་། ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་བསྡུར་ཚད84%ལ་སླེབས་པར་ཁག་ཐེག་བྱ་དགོས། (རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཐིན་གྱིས་སྣེ་ཁྲིད་བྱ་དགོས།)

47. གྲོང་ཁྱེར་དང་གྲོང་གསེབ་ཀྱི་གློག་ཚོང་ཞབས་ཞུའི་དྲ་ལམ་འཛུགས་སྐྲུན་བྱེད་པར་་སྐུལ་འདེད་གཏོང་ཞིང་། ཞིང་སྡེའི་གློག་རྡུལ་ཚོང་རའི་ཞབས་ཞུ་ས་ཚིགས100དང་གྲོང་ཁྱེར་སྡེ་ཁུལ་གྱི་གློག་རྡུལ་ཚོང་རའི་སྟབས་བདེ་ཞབས་ཞུ་ས་ཚིགས20གསར(སྒྱུར)སྐྲུན་བྱས་ནས།  རོང་འབྲོག་མང་ཚོགས་དང་སྡོད་དམངས་ཀྱི་སྟབས་བདེའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་དགོས། (ཞིང་ཆེན་ཚོང་དོན་ཐིན་གྱིས་སྣེ་ཁྲིད་བྱ་དགོས།)

གསུམ།  འབྲེལ་ཡོད་བླང་བྱ།

(གཅིག) རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་གཏོང་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་དམངས་འཚོའི་དོན་དངོས་བཅུ་དོན་ཐོག་ཏུ་འཁྱོལ་བའི་བྱ་བར་གཙིགས་འཛིན་ཚད་མཐོན་པོ་བྱེད་དགོས་ཤིང་། ནན་ཏན་གྱིས་བྱ་བའི་འཆར་འགོད་གཏན་འབེབས་བྱེད་པ་དང་། དུས་ཐོག་ཏུ་དམིགས་འབེན་འགན་འཁྲི་དབྱེ་ཕྲལ་དངོས་འབེབས་བྱས་ནས། གོམ་གང་མདུན་སྤོས་ཀྱིས་ལས་འགན་ལས་བགོས་གསལ་བོ་ངེས་པ་དང་། ཟུར་བཙུགས་རྩིས་ཁྲ་འཛུགས་པ། དུས་ཡུན་གསོལ་བོ་ངེས་པ། དུས་ཚོད་ཀྱི་སྦྲེལ་ཚིགས་ལྟར་རིམ་པ་བཞིན་སྐུལ་འདེད་གཏོང་དགོས། ཞིང་ཆེན་སྲིད་གཞུང་གིས་ལས་རིམ་ལག་བསྟར་གྱི་གནས་ཚུལ་དུས་བཅད་ལྟར་ཁྱབ་སྒྲོག་བྱེད་ཅིང་། སྐོང་འདྲི་ལམ་ལུགས་འཛུགས་པ་དང་། ལས་གཞིའི་ལས་རིམ་དལ་བའི་ས་གནས་དང་སྡེ་ཁག་ལ་སྐོང་འདྲི་བྱས་ནས། ད་ལོའི་དམངས་འཚོ་ལས་གྲྭའི་དོན་དངོས་བཅུ་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱ་དགོས།

(གཉིས) གཏོང་འཇོག་བྱེད་སྟངས་གསར་སྐྲུན་བྱེད་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ནོར་སྲིད་གཏོང་འཇོག་བྱེད་སྟངས་གསར་སྐྲུན་བྱེད་པར་དམིགས་པ་དང་།  གོམ་གང་མདུན་སྤོས་ཀྱིས་སྲིད་ཇུས་བསྡུས་གྲུབ་ལ་ཤུགས་སྣོན་པ་དང་། སྤྱི་ཚོགས་སྟོབས་ཤུགས་ཞུགས་པར་སྐུལ་འདེབས་གཏོང་བ་དང་། ཐོན་ལས་མ་དངུལ་གཏོང་འཇོག་གི་ཐེབས་རྩ་དང་མ་རྐང་བདག་དབང་གི་མ་དངུལ་གཏོང་བ། དངུལ་བུན་སྐྱེད་གསབ། དངུལ་རྩ་བརྩོན་སྐུལ། བྱ་དགའ་གསབ་དངུལ་དུ་སྒྱུར་བ། སྲིད་གཞུང་གིས་ཞབས་ཞུ་ཉོ་བ་དངPPPརྣམ་པ་སོགས་ཀྱི་བྱེད་སྟངས་བེད་སྤྱད་ནས། ཐབས་ལམ་མང་པོ་ལ་བརྟེན་ནས་མ་དངུལ་གྲབས་གསོག་བྱས་ནས་དམངས་འཚོའི་འཛུགས་སྐྲུན་ཐད་བཀོལ་བ་དང་། ནོར་སྲིད་སྲིད་ཇུས་ཀྱི་མ་རྩའི་རྒྱབ་སྐྱོར་དང་སློག་སྒུལ།  སྣེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས།

(གསུམ) ལས་ཕྱོད་དོ་དམ་ཇེ་དྲག་ཏུ་གཏོང་དགོས། སྣེ་ཁྲིད་སྡེ་ཁག་སོ་སོས་གོམ་གང་མདུན་སྤོས་ཀྱིས་ལས་ཕྱོད་གདེང་འཇོག་དམིགས་ཚད་མ་ལག་འཐུས་ཚང་དུ་གཏོང་ཞིང་། ལས་ཕྱོད་དམིགས་འབེན་གྱི་ལག་བསྟར་ལས་རིམ་ལ་རྗེས་འདེད་པ་དང་། དུས་ཐོག་ཏུ་དམངས་འཚོའི་འགྲོ་སོང་ལས་གཞིའི་ལས་ཕྱོད་གདེང་འཇོག་སྤེལ་བ་མ་ཟད། བྱ་དགའ་ཆད་གཅོད་དང་འགན་འདྲིའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཆ་འཕྲིན་སྤྱི་སྒྲོག་དང་སྤྱི་ཚོགས་ལྟ་སྐུལ་ནུས་ཤུགས་ཇེ་ཆེར་བཏང་ནས། དོན་དངོས་ཀྱི་ཕན་འབྲས་ཐོབ་པར་ཁག་ཐེག་བྱ་དགོས།

(བཞི) དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེར་གཏོང་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་རྣམ་པ་སྣ་ཚོགས་བཀོལ་ནས་དམངས་འཚོའི་ལས་གྲྭའི་དོན་དངོས་བཅུ་དངོས་འབེབས་བྱེད་པའི་དོན་སྙིང་གལ་ཆེན་ལ་ཤུགས་ཆེན་པོས་དྲིལ་སྒྲོག་བྱེད་པ་དང་། དོན་དངོས་བཅུའི་དངོས་འབེབས་ལས་རིམ་དུས་ཐོག་ཏུ་རྗེས་འདེད་སྤེལ་གཏོང་བྱེད་པ་དང་། སྤྱི་ཚོགས་ཡོངས་ཀྱིས་དམངས་འཚོ་ལ་ཐུགས་ཁུར་དང་དམངས་འཚོ་ལ་རྒྱབ་སྐྱོར། དམངས་འཚོ་ལ་ཞབས་ཞུ་སྒྲུབ་པ་བཅས་ཀྱི་ཁོར་ཡུག་བཟང་པོ་ཞིག་ཧུར་བརྩོན་གྱིས་བསྐྲུན་དགོས་པ་དང་། སྤྱི་ཚོགས་སྟོབས་ཤུགས་ཕན་ཡོད་ཀྱིས་སྐུལ་སློང་བྱས་ནས་དམངས་འཚོའི་འཛུགས་སྐྲུན་ཐད་ཧུར་བརྩོན་གྱིས་ཞུགས་ཏེ། གོང་འོག་མཉམ་འགུལ་དང་ཕན་ཚུན་གཞོགས་འདེགས་རོགས་རེས། ཕྱོགས་ཡོངས་སྐུལ་འདེད་ཀྱི་བྱ་བའི་རྣམ་པ་ལེགས་པོ་ཞིག་འགྲུབ་པར་བྱ་དགོས།