མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་ལ་ཤུགས་སྣོན་པའི་འབྲེལ་ཡོད་ལས་དོན་སྐོར་གྱི་བརྡ་སྦྱོར།

མཚོ་སྲིད་གཞུང་ལས་ཐིན〔2017〕ཡིག་ཨང18པ།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་ལ་ཤུགས་སྣོན་པའི་འབྲེལ་ཡོད་ལས་དོན་སྐོར་གྱི་བརྡ་སྦྱོར།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང་། ཐིན།  ཅུས་སོ་སོ་བཅས་ལ།

《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་ལ་ཤུགས་སྣོན་པའི་འབྲེལ་ཡོད་ལས་དོན་སྐོར་གྱི་བརྡ་སྦྱོར》(རྒྱལ་གཞུང་སྤེལ〔2017〕ཡིག་ཨང15པ)གྱི་དགོངས་དོན་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་ལས་དོན་ལེགས་སྒྲུབ་བྱེད་ཆེད། ཞིང་ཆེན་སྲིད་གཞུང་ཡིད་འཐད་བྱུང་བ་བརྒྱུད་དེ། ད་ལྟ་འབྲེལ་ཡོད་དོན་ཚན་ལ་གཞིགས་ནས་བརྡ་སྦྱོར་བཏང་བ་གཤམ་གསལ་ལྟར།

གཅིག དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་ལས་དོན་ལ་ཤུགས་སྣོན་པའི་གལ་ཆེན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་དགོས།

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱིས་སྔར་ནས་ད་ལྟའི་བར་དུ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་ལས་དོན་ལ་གཙིགས་འཛིན་བྱས་ཤིང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་བྱེད་པའི་ལམ་ལུགས་ཟམ་མ་ཆད་པར་འཐུས་ཚང་དུ་བཏང་བ་དང་འགན་ལེན་བྱེད་པའི་ཆུ་ཚད་བརྟན་པོའི་ངང་ཇེ་མཐོར་གཏོང་བཞིན་ཡོད། ཉེ་བའི་ལོ་ཤས་རིང་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས“ནོར་སྲིད་ཉུང་ངུར་བརྟེན་ནས་དམངས་འཚོའི་ལས་དོན་ཆེན་པོ་སྒྲུབ་པ”རྒྱུན་འཁྱོངས་བྱས་ཐོག དམངས་འཚོའི་ཐད་དུ་དངུལ་གཏོང་ཚད་ལོ་རེ་བཞིན་ཇེ་ཆེ་རུ་བཏང་བ་དང་། དམངས་འཚོའི་ལས་གྲྭ་མགྱོགས་པོར་ལག་བསྟར་བྱས་པ། ཞིང་ཆེན་ཡོངས་ཀྱིས་ལོ་རེར་དམངས་འཚོ་ལེགས་བཅོས་བྱེད་པ་དང་སྤྱི་ཚོགས་ལས་དོན་ཐད་དུ་བེད་སྤྱད་པའི་ནོར་སྲིད་འགྲོ་སྒོ་ནི་བརྒྱ་ཆའི་བདུན་ཅུ་དོན་ལྔའི་ཡན་ལ་བསླེབས་ཤིང་། གཞི་རྩའི་དམངས་འཚོའི་འགན་སྲུང་གི་ལམ་ལུགས་རབ་དང་རིམ་པ་དངོས་སུ་འདོན་པར་སྐུལ་འདེད་བཏང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་བསྙེན་བཀུར། གནས་སྐབས་ཀྱི་སྐྱོབ་རོགས། སྨན་བཅོས་ཀྱི་སྐྱོབ་རོགས། གནོད་སྐྱོན་གྱི་སྐྱོབ་རོགས། རྒན་པའི་གསབ་དངུལ། དྭ་ཕྲུག་དང་དཀའ་གནས་སུ་གྱར་བའི་བྱིས་པའི་འཚོ་བའི་ཁ་གསབ། དབང་པོར་སྐྱོན་ཅན“རིགས་གཉིས”ཀྱི་ཁ་གསབ་དང་། གཟིགས་སྐྱོང་འགན་སྲུང་སོགས་སྐྱོབ་རོགས་འགན་སྲུང་གི་སྲིད་ཇུས་གསར་འཛུགས་བྱས་པར་མ་ཟད་འཐུས་ཚང་དུ་བཏང་བ། སྐྱོབ་རོགས་འགན་སྲུང་གི་ཚད་གཞི་ལོ་རེ་བཞིན་ཇེ་མཐོར་བཏང་སྟེ། དཀའ་ངལ་ཡོད་པའི་མང་ཚོགས་སོ་སོའི་གཞི་རྩའི་འཚོ་བར་ནུས་ལྡན་གྱིས་འགན་སྲུང་བྱས། འོན་ཀྱང་ད་དུང་ཡང་འགན་སྲུང་སྲིད་ཇུས་སྣ་ཚོགས་འབྲེལ་མཐུད་དམ་པོ་བྱེད་མི་འདང་བ་དང་སྐྱོབ་རོགས་སྲིད་ཇུས་འཐུས་ཚང་མིན་པ། གཞི་རིམ་ཞབས་ཕྱིའི་འགན་སྲུང་ནུས་པ་ཞན་པ་སོགས་ཀྱི་གནད་དོན་གནས་ཡོད། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱ་རྒྱུ་ནི་སྤྱི་ཚོགས་དྲང་སྙོམས་ཡོང་བའི་མཚོན་རྟགས་གལ་ཆེན་ཞིག་ཡིན་པ་དང་།  ཀུན་སྤྱོད་ཀྱི་མཐའ་ཚད་ལས་བརྒལ་བ་སྔོན་འགོག་བྱེད་པའི་གཞི་རྩའི་བླང་བྱ་ཡིན་ལ། དམངས་འཚོའི་ཞན་ཆ་གསབ་པ་དང་སྤྱི་ཚོགས་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་བ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པའི་ནང་གནས་ཀྱི་དགོས་མཁོ་ཡང་ཡིན། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་བརྟན་པོར་བཅང་དགོས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྤྱི་ཚོགས་སྲིད་ཇུས་ཀྱིས་ཞབས་སྐྱོར་བྱེད་དགོས་པའི་བཀོད་སྒྲིག་བླང་བྱ་དང་མཐའ་ཚད་དམ་སྲུང་དང་གཙོ་གནད་འབུར་ཐོན། ལམ་ལུགས་འཐུས་ཚང་། གླེང་ཕྱོགས་ཁྲིད་སྟོན་བཅས་བྱེད་པའི་སྐོར་གྱི་དམངས་འཚོའི་ལས་དོན་གྱི་རིག་ལམ་ཕྱོགས་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བར་བྱས་ཐོག  གོམ་གང་མདུན་སྤོས་ཀྱིས་ངོས་ཟིན་མཐོར་འདེགས་དང་ཁ་ཕྱོགས་གསལ་བོ་བྱེད་པ། ཡིད་ཆེས་བརྟན་པོ་དང་བྱེད་ཐབས་ལ་ཤུགས་སྣོན་གཏོང་བ། བསམ་བློའི་ངོས་ཟིན་དེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་བྱེད་པའི་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་ཐད་དུ་དངོས་གནས་གཅིག་གྱུར་བྱེད་པ། གནས་བབ་གསར་བའི་འོག་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་ལས་དོན་ལེགས་པོར་སྒྲུབ་པའི་འགན་འཁྲིའི་འདུ་ཤེས་དང་འགན་ཁུར་ཕོད་པའི་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བ། ནུས་ལྡན་གྱི་བྱེད་ཐབས་བེད་སྤྱད་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་པའི་ལས་དོན་སྒྲུབ་ཤུགས་གོམ་གང་མདུན་སྤོས་ཀྱིས་ ཇེ་ཆེར་བཏང་ནས། དམངས་འཚོའི་ཞབས་སྐྱོར་གྱི་འགན་སྲུང་བདེ་འཇགས་དྲ་བ་ཚགས་ཇེ་དམ་དུ་གཏོང་དགོས།

གཉིས། ཙོ་གནད་མི་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་ལས་དོན་ལ་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་དགོས།

ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་མིག་སྔར་དུ་སྤེལ་གྱིན་པའི“ཉིན་བརྒྱའི་འགག་སྒྲོལ”གྱི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་དང་སྐྱོབ་རོགས་བྱེད་པའི་ལས་དོན་ཏན་ཏིག་གིས་ལེགས་སྒྲུབ་བྱས་ཐོག་དངོས་གནས་དམངས་ཀྱི་སེམས་ཁྲལ་སེལ་བ་དང་དམངས་ཀྱི་བློ་སེམས་དྲོ་སྐྱིད་ཡོང་བར་བྱེད་དགོས། རང་བྱུང་གནོད་སྐྱོན་བྱུང་སྐབས་ཀྱི་འཚོ་བའི་སྐྱོབ་རོགས་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། གནོད་ཐེབས་མང་ཚོགས་ཀྱི་དཀའ་ངལ་ལ་གྲལ་བཤེར་བྱེད་པའི་ཤུགས་ཚད་ཇེ་ཆེ་རུ་བཏང་ནས། རང་བྱུང་གནོད་སྐྱོན་བྱུང་སྐབས་འཚུབ་བསྟུན་མྱུར་སྐྱོབ་དང་གནོད་ ཐེབས་མང་ཚོགས་ཀྱི་འཚོ་བར་འགན་སྲུང་བྱེད་པའི་ལས་དོན་ཏན་ཏིག་གིས་ལེགས་པོར་སྒྲུབ་དགོས། གནོད་སྐྱོན་སེལ་བའི་མ་དངུལ་བསྡུར་ཚད་ལྟར་འགན་འཁུར་རྒྱུའི་རྐྱེན་སྲོལ་ནན་ཏན་གྱིས་དངོས་འབེབས་བྱས་ཐོག་གནོད་ཐེབས་མང་ཚོགས་ལ་མར་སྤྲད་པའི་འཚོ་བའི་རོགས་སྐྱོབ་མ་དངུལ་དང་དངོས་རྫས་སྣ་ཚོགས་དུས་ཐོག་ཏུ་མར་སྤྲོད་ཐུབ་པར་ཁག་ཐེག་བྱེད་དགོས། དམངས་སྤྱོད་སྡོད་ཁང་གི་ཉེན་འགོག་འགན་བཅོལ་གྱི་ཚོད་ལྟའི་ལས་དོན་གཏིང་ཟབ་ཏུ་སྐུལ་སྤེལ་གཏོང་བ་དང་། སྲིད་ཇུས་རང་བཞིན་གྱི་དམངས་སྤྱོད་སྡོད་ཁང་གི་ཉེན་འགོག་འགན་བཅོལ་གྱི་ཁྱབ་རྒྱ་འོས་འཚམ་གྱིས་ཇེ་ཆེར་བསྐྱེད་པ་དང་ཁ་གསབ་ཀྱི་ཚད་གཞི་ཇེ་མཐོར་གཏོང་ཞིང་། 2016ལོར་ས་ཡོམ་གྱི་གནོད་སྐྱོན་ཐེབས་པས་སྔར་བཞིན་གནས་སྐབས་བཀོད་སྒྲིག་བྱས་པའི་སྡོད་གནས་སུ་བསྡད་ཡོད་པའི་གནོད་ཐེབས་མང་ཚོགས་ལ། 2017ལོར་ལོག་པ་དང་གནོད་སྐྱོན་ཐེབས་པའི་དམངས་སྤྱོད་སྡོད་ཁང་སླར་གསོ་འཛུགས་སྐྲུན་བྱེད་པ་དང་སྡོད་ཁང་དུ་སྡོད་པའི་ལས་དོན་ཡོངས་སུ་འགྲུབ་པར་བྱེད་དགོས། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་དང་དབུལ་སྐྱོར་གསར་སྤེལ་གྱི་སྲིད་ཇུས་ནུས་ཡོད་ཀྱི་སྒོ་ནས་འབྲེལ་མཐུད་བྱེད་པར་གཏིང་ཟབ་ངང་སྐུལ་འདེད་བཏང་ཐོག འགན་སྲུང་བྱེད་དགོས་པ་ཚང་མར་འགན་སྲུང་བྱེད་པ་དང་། རོགས་སྐྱོར་བྱེད་དགོས་པ་ཚང་མར་རོགས་སྐྱོར་བྱེད་པ། འགན་སྲུང་ཁྱབ་ཁོངས་ནང་དུ་འགོད་པ་དང་ཕྱིར་འབུད་པ།  བབ་བསྟུན་དོ་དམ་བྱེད་ཐུབ་དགོས། བཅོས་སྒྱུར་གསར་གཏོད་ལ་ཤུགས་སྣོན་བཏང་ཐོག་སྨན་བཅོས་སྐྱོབ་རོགས་དང་གནས་སྐབས་སྐྱོབ་རོགས་བྱེད་ཤུགས་རྒྱུན་མཐུད་ངང་ཇེ་ཆེར་གཏོང་བ་དང་། གྲོང་གསེབ་དང་འབྲོག་ཁུལ་གྱི་དབུལ་ཕོངས་མི་རྣམས་ཀྱི་ནད་གཞི་ཚབས་ཆེན་ལ་ཆེད་དོན་རོགས་སྐྱོབ་བྱེད་པའི་ལས་དོན་ཧུར་ཐག་གིས་སྤེལ་བ། མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་ལ་བརྟེན་ནས་ཞབས་སྐྱོར་དབུལ་སྒྲོལ་བྱེད་པ་དང་སྨན་བཅོས་སྐྱོབ་རོགས་ལ་བརྟེན་ནས་དབུལ་སྒྲོལ་བར་རོགས་སྐྱོར་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གནོད་སྐྱོན་ཐེབས་པ་དང་ནད་ཕོག་པའི་རྐྱེན་གྱིས་དབུལ་ཕོངས་སུ་གྱུར་བ་དང་དབུལ་ཕོངས་སུ་བསྐྱར་ལོག་པའི་མི་གྲངས་ཉུང་འཕྲི་གང་ཐུབ་བྱེད་དགོས། གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་དཀའ་ངལ་ཐག་གཅོག་བྱེད་ཐབས་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་། དམིགས་བསལ་དཀལ་ངལ་ཡོད་པའི་མི་སྣའི་དྲོད་ལེན་གསབ་སྣོན་ལམ་ལུགས་མགྱོགས་མྱུར་གྱིས་བཙུགས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་བསྙེན་བཀུར། རྒན་པའི་གསབ་དངུལ། འཆི་གོད་གཟིགས་སྐྱོང་དང་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་གི་དྲོད་ལེན་ཁ་གསབ་ཀྱི་ཚད་གཞི་དུས་ཐོག་ཏུ་ལེགས་སྒྲིག་དང་་མཐོར་འདེགས་གཏོང་དགོས།  ォམཚོ་སྔོན་ཞིང་ཆེན་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་སྐྱོབ་རོགས་བསྙེན་བཀུར་བྱེད་པའི་བྱ་ཐབསサ (མཚོ་སྲིད 〔2016〕ཡིག་ཨང91པ)ནན་ཏན་གྱིས་དངོས་འབེབས་བྱས་ཐོག ཞིང་ཆེན་ཡོངས་ཀྱི་ཆ་རྐྱེན་དང་མཐུན་པའི་གྲོང་གསེབ་ཀྱི་ལྔ་སྐྱོང་བྱ་ཡུལ་དང་གྲོང་ཁྱེར་གྱི“མེད་པ་གསུམ”གྱི་མི་སྣ། དཀའ་གནས་སུ་གྱར་བའི་བྱིས་པ་དེ་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་སྐྱོབ་རོགས་བསྙེན་བཀུར་བྱེད་པའི་འགན་སྲུང་ཁྱབ་ཁོངས་ནང་དུས་ཐོག་ཏུ་འགོད་པ་དང་། རང་མགོ་ཐོན་ནུས་ཡོངས་སུ་ཉམས་པ་དང་རང་མགོ་ཐོན་ནུས་ཆ་འགའ་རེར་ཉམས་པའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་སྐྱོབ་རོགས་བསྡུར་ཚད་དངོས་གནས་ཇེ་མཐོར་བཏང་སྟེ། “སྐྱོབ་འོས་པ་ཚང་མར་སྐྱོབ་ཅིང་། གསོ་འོས་པ་ཚང་མར་གསོ་བར”སྒྲུབ་ཐུབ་དགོས། དབང་པོ་སྐྱོན་ཅན་གྱི“རིགས་གཉིས་ཀྱི་ཁ་གསབ”ལམ་ལུགས་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཏེ།    དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་ནད་གཡོག་ཁ་གསབ་ཀྱི་ཚད་གཞི་ལུགས་མཐུན་གྱིས་མཐོ་རུ་གཏོང་དགོས།   བྱིས་པའི་ཕན་བདེ་ཞབས་ཕྱིའི་མ་ལག་འཐུས་ཚང་དུ་བཏང་ཐོག་དཀའ་གནས་སུ་གྱར་བའི་བྱིས་པ་དང་ཁྱིམ་སྲུང་བྱིས་པར་གཅེས་སྐྱོང་བྱེད་པའི་ལས་ཀ་སྒྲུབ་པར་བརྟན་པོའི་ངང་སྐུལ་སྤེལ་གཏོང་བ་དང། འཚོ་རྟེན་མེད་པའི་འཁྱམ་པོ་དང་སློང་མོ་བར་སྐྱོབ་རོགས་སྲུང་སྐྱོབ་བྱེད་པའི་ལས་ཀ་ཏན་ཏིག་གིས་ལེགས་པོར་བསྒྲུབས་ཏེ། འགན་སྲུང་སྐྱོབ་རོགས་བྱ་ཡུལ་ལ་ཟ་མ་ཟ་རྒྱུ་ཡོད་པ་དང་གོས་གྱོན་རྒྱུ་ཡོད་པ། གྲང་ངར་འགོག་ས་ཡོད་པར་ཁག་ཐེག་བྱས་ནས། དཀའ་ངལ་ཡོད་པའི་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དང་ཐུགས་ཁུར་དངོས་གནས་མྱོང་ཐུབ་པར་འཇུག་དགོས།

གསུམ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་མ་དངུལ་འགན་ལེན་བརྟན་པོའི་ངང་ཡར་འཕར་ཡོང་བར་ཁག་ཐེག་བྱེད་དགོས།

རིམ་པ་སོ་སོའི་ནོར་སྲིད་ཀྱིས་སྤྱིར་བཏང་གི་སྤོ་བསྒྱུར་གཏོང་སྤྲོད་དེ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་ཐད་དམིགས་སུ་བཀར་ནས་བཀོད་སྒྲིག་བྱེད་པ་དང་། ནོར་སྲིད་ཀྱིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་ཐད་ཀྱི་མ་དངུལ་གཏོང་ཚད་རྒྱུན་མཐུད་ངང་ཇེ་མང་དུ་བཏང་སྟེ། སྲིད་གཞུང་གིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་ཐད་ཀྱི་མ་དངུལ་གཏོང་ཚད་ནི་ཡར་འཕར་འགྲོ་བ་ལས་མར་ཆག་མི་ཉན་པར་ཁག་ཐེག་བྱེད་དགོས། ནོར་སྲིད་ཀྱི་འགྲོ་སྒོའི་གྲུབ་ཚུལ་ལེགས་སྒྱུར་བྱས་ཐོག་ཚན་རིག་དང་ལུགས་མཐུན་ཡིན་པའི་སྒོ་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བའི་འགན་ལེན་མ་དངུལ་གྱི་སྔོན་རྩིས་འགོད་པ་དང་། མ་དངུལ་གྱི་ནུས་ཡོད་འདོན་སྤྲོད་ཁ་སྣོན་འཚམ་པོ་བྱེད་པ། སྔོན་རྩིས་ལག་བསྟར་གྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་སྟེ། སྔོན་རྩིས་ལག་བསྟར་གྱི་དོ་མཉམ་རང་བཞིན་དང་གོ་ཆོད་རང་བཞིན་མཐོར་འདེགས་གཏོང་དགོས། རྒྱལ་གཞུང་སྤེལ〔2017〕ཡིག་ཨང15པའིォབརྡ་སྦྱོརサགྱི་བླང་བྱ་ལྟར། དཀའ་ངལ་སྣ་ཚོགས་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་གསབ་དངུལ་འདང་ངེས་ཤིག་དུས་ལྟར་དུ་གཏོང་སྤྲོད་བྱེད་དགོས། མ་དངུལ་ལྟ་སྐུལ་དོ་དམ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་ཞིང་། མ་དངུལ་དོ་དམ་བཀོལ་སྤྱོད་ཐད་ཀྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་པ་དང་། མ་དངུལ་བཀོལ་སྤྱོད་དང་དོ་དམ་བྱེད་པའི་གྲུབ་འབྲས་དང་ཕན་ནུས་དཔྱད་འཇོག་བྱས་ནས། ཁ་གསབ་མ་དངུལ་ཆེད་དངུལ་ཆེད་སྤྱོད་ཐུབ་པར་ཁག་ཐེག་བྱེད་དགོས། སྐྱོབ་རོགས་འགན་ལེན་གྱི་ཚད་གཞི་དང་དངོས་གོང་ཡར་འཕར་གཉིས་ཀྱི་འབྲེལ་མཐུད་མཉམ་འགུལ་རྐྱེན་སྲོལ་ནན་ཏན་གྱིས་དངོས་འབེབས་བྱས་ཐོག གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་བསྙེན་བཀུར་བྱ་ཡུལ། གཟིགས་སྐྱོང་བྱ་ཡུལ་གཙོ་བོ། རྒྱལ་ཁབ་མ་བཙུགས་སྔོན་གྱི་ཏང་ཡོན་རྒན་གྲས་སོགས་དཀའ་ངལ་ཡོད་པའི་མི་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་ལས་དོན་ཏན་ཏིག་གིས་ལེགས་པོར་བསྒྲུབས་ཏེ། དངོས་གོང་འཕར་ཆག་གིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་ཤུགས་རྐྱེན་བཟོ་བ་དངོས་གནས་སྔོན་འགོག་བྱེད་དགོས། སྡོད་དམངས་ཀྱི་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ལ་ཞིབ་བསྡུར་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྐྱོབ་རོགས་བྱ་ཡུལ་ལ་གནད་ཁེལ་གྱིས་དབྱེ་འབྱེད་བྱེད་པ། མ་མཐའི་འཚོ་བའི་འགན་སྲུང་དང་དབུལ་སྐྱོར་ཁྱབ་ཁོངས་སུ་སྒྲིག་ལམ་ལག་བསྟར་དང་འགན་འཁྲི་རྩད་གཅོད་བྱེད་པར་ལྟ་སྐུལ་བྱེད་པར་ཤུགས་བསྣན་ཏེ། རྣམ་པ་སྣ་ཚོགས་ཀྱི་སྤྱི་ཚོགས་སྐྱོབ་རོགས་ནི་དྲང་སྙོམས་དང་དྲང་བདེན། མངོན་གསལ་ཡོང་བར་ཁག་ཐེག་དང་། སྐྱོབ་རོགས་མ་དངུལ་བཀོལ་སྤྱོད་ཀྱི་གནད་ཁེལ་རང་བཞིན་དང་ནུས་ཡོད་རང་བཞིན་མཐོ་རུ་འདེགས་པར་འབད་བརྩོན་བྱེད་དགོས། ཞིང་ཆེན་ནོར་སྲིད་ཐིན་གྱིས་ཀྲུང་དབྱང་ནོར་སྲིད་ཀྱི་མ་དངུལ་རྒྱབ་སྐྱོར་ལ་ཧུར་ཐག་གིས་བརྩོན་ལེན་བྱེད་དགོས་པ་དང་། ཆེད་དོན་མ་དངུལ་གོམ་གང་མདུན་སྤོས་ཀྱིས་བཀོལ་སྤྱོད་འདང་ངེས་དང་བཀོལ་སྤྱོད་ལེགས་པོ་བྱས་ནས། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་ལས་དོན་དངོས་གནས་ལེགས་པོར་སྒྲུབ་དགོས།

བཞི། སྤྱི་པའི་ཞབས་ཕྱིའི་སྒྲིག་བཀོད་ཀྱི་བདེ་འཇགས་དོ་དམ་དང་ཞབས་་ཕྱིའི་འགན་སྲུང་གི་ལས་དོན་ལ་རྒྱུན་མཐུད་ངང་ཤུགས་སྣོན་དགོས།

ས་ཁུལ་སོ་སོས་ཚེ་སྲོག་ནི་བླ་ན་མེད་པ་ཡིན་པའི་འདུ་ཤེས་བརྟན་པོར་བཅང་དགོས་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི“དམར་མཚམས”འདི་དམ་སྲུང་བྱེད་པ། གཙོ་གནད་ཁྱབ་ཁོངས་དང་གནད་ཆེ་ས་ལྷང་ངེ་བར་བྱེད་པ། བདེ་འཇགས་ཐད་ཀྱི་དོགས་ཟོན་འདུ་ཤེས་དང་དོགས་ཟོན་ནུས་པ་དངོས་གནས་ཇེ་དྲག་ཏུ་གཏོང་ཞིང་། གཙོ་བོ་ཞབས་ཕྱིའི་བྱ་ཡུལ་མང་པོར་འདུས་པའི་རིམ་པ་སོ་སོའི་སྤྱི་པའི་ཞབས་ཕྱིའི་ལས་ཁུངས་དང་ཕན་བདེ་ཁང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་བསྙེན་བཀུར་ལས་ཁུངས། སྐྱོབ་རོགས་དོ་དམ་ལས་ཁུངས་སོགས་ཀྱི་བདེ་འཇགས་དོ་དམ་ལས་དོན་ལ་ཤུགས་སྣོན་པ་དང་། བདེ་འཇགས་དོ་དམ་གྱི་འགན་འཁྲི་རྩད་གཅོད་ ནན་མོ་བྱེད་པ། མེ་སྐྱོན་དང་ཟས་རིགས་བདེ་འཇགས་སོགས་ཐད་ཀྱི་བདེ་འཇགས་དོན་རྐྱེན་འབྱུང་བར་སྔོན་འགོག་ནན་མོ་བྱས་ཏེ། སྤྱི་པའི་ཞབས་ཕྱིའི་ལས་ཁུངས་སོ་སོས་སྐྱོན་བྲལ་དང་གོ་རིམ་ལྡན་སྒོས་གཉེར་སྐྱོང་བྱེད་པར་ཁག་ཐེག་དང་། བསྙེན་བཀུར་ཞབས་ཕྱིའི་བྱ་ཡུལ་གྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དངོས་གནས་འགན་སྲུང་བྱེད་དགོས། རྒན་གསོ་ཁང་དང་རྒན་བཀུར་ཁང་། ཕན་བདེ་ཁང་། གཟི་བརྗིད་ཁང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་བསྙེན་བཀུར་ལས་ཁུངས། སྐྱོབ་རོགས་དོ་དམ་ལས་ཁུངས་སོགས་སྤྱི་པའི་ཞབས་ཕྱིའི་སྒྲིག་བཀོད་ཁྲོད་ཀྱི་བསྙེན་བཀུར་ཞབས་ཕྱིའི་བྱ་ཡུལ་གྱི་འཚོ་བའི་འགན་ལེན་དང་ཞབས་ཕྱིའི་ལས་དོན་ སེམས་ཞིབ་མོས་ལེགས་པོར་སྒྲུབ་དགོས་པ་དང་། སྤྱི་ཚོགས་ལས་དོན་སྒྲུབ་མཁན་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚོ་བའི་རོགས་སྐྱོར་དང་། སེམས་ཁམས་ཁྲིད་སྟོན། བསམ་པའི་སེམས་གསོ། ནུས་པ་མཐོར་འདེགས་སོགས་ཀྱི་ཐད་ནས་ཆེད་ལས་རང་བཞིན་གྱི་ཞབས་ཕྱི་འདོན་སྤྲོད་བྱེད་པར་ཧུར་ཐག་གིས་རྩ་འཛུགས་དང་ཁྲིད་སྟོན་བྱས་ཏེ། ཁྱོན་ཡོངས་ནས་འགན་སྲུང་གི་ཆུ་ཚད་དང་ཞབས་ཕྱིའི་སྤུས་ཚད་མཐོར་འདེགས་གཏོང་དགོས།

ལྔ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་ལས་དོན་སྐོར་གྱི་རྩ་འཛུགས་དང་མགོ་ཁྲིད་ལ་དངོས་གནས་ཤུགས་སྣོན་དགོས།

ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྡེ་ཁག་ཕན་ཚུན་གྱི་རམ་འདེགས་དང་མཉམ་ལས་ཀྱི་རྐྱེན་སྲོལ་ལ་ཤུགས་སྣོན་དགོས་པ་དང་། སྤྱི་ཚོགས་སྐྱོབ་རོགས་མཉམ་འབྲེལ་གྲོས་ཚོགས་སོགས་ མཐུན་སྦྱོར་ལས་ཁུངས་ཀྱི་གཅིག་འགྱུར་འཆར་འགོད་དང་མཐུན་སྦྱོར་གྱི་ནུས་པ་ཆད་ལུས་མེད་པར་འདོན་ཞིང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་སྲིད་ཇུས་འབྲེལ་མཐུད་དང་ལས་དོན་འབྲེལ་མཐུད་བྱེད་པར་ཧུར་ཐག་གིས་སྐུལ་སྤེལ་གཏོང་བ་དང་། ォསྤྱི་ཚོགས་སྐྱོབ་རོགས་སྐོར་གྱི་གནས་སྐབས་ལག་བསྟར་བྱ་ཐབསサནང་དུ་གཏན་འབེབས་བྱས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་དེ་སྨན་བཅོས་སྐྱོབ་རོགས་དང་སློབ་གསོའི་སྐྱོབ་རོགས། སྡོད་ཁང་གི་སྐྱོབ་རོགས་སོགས་སྤྱི་ཚོགས་སྐྱོབ་རོགས་ཀྱི་སྲིད་ཇུས་དངོས་འབེབས་དང་ལས་ཞུགས་ལ་སྐུལ་བ། དབུལ་སྐྱོར་གསར་སྤེལ་སྲིད་ཇུས་བཅས་དང་འབྲེལ་མཐུད་མཐུན་སྦྱོར་བྱེད་པའི་ལས་དོན་གཅིག་གྱུར་གྱིས་ལེགས་པོར་བསྒྲུབས་ཏེ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་ཆུ་ཚད་དངོས་གནས་མཐོར་འདེགས་གཏོང་དགོས། རྫོང(གྲོང་ཁྱེར་དང་ཆུས། སྲིད་འཛིན་ཨུ་ཡོན་ལྷན་ཁང)སོ་སོས་སྲིད་གཞུང་གི་འགན་ཁུར་པས་སྣེ་འཁྲིད་པ་དང་། དམངས་སྲིད་སྡེ་ཁག་གིས་འགན་འཁུར་བ། འཕེལ་རྒྱས་བཅོས་སྒྱུར་དང་ནོར་སྲིད། འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང། སློབ་གསོ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་བསྐྲུན། དབུལ་སྐྱོར། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཁག་ཞུགས་པའི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བའི་འགན་ལེན་ལས་དོན་ཀྱི་མཐུན་སྦྱོར་རྐྱེན་སྲོལ་མགྱོགས་མྱུར་གྱིས་འཛུགས་ཤིང་འཐུས་ཚང་དུ་གཏོང་དགོས་པ་དང། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་དང་གནོད་ཐེབས་མང་ཚོགས། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། དྭ་ཕྲུག་དང་ལྟ་སྐྱོང་བྱེད་མཁན་མེད་པའི་ནར་མ་སོན་པའི་མི། དབུལ་ཕོངས་དབང་པོ་སྐྱོན་ཅན་དང་། དབང་པོ་སྐྱོན་ཅན་ཚབས་ཆེན། འཚོ་རྟེན་མེད་པའི་འཁྱམ་པོ་དང་སློང་མོ་བ། དཀའ་ངལ་ཡོད་པའི་གཟིགས་སྐྱོང་བཀོད་སྒྲིག་བྱ་ཡུལ་སོགས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་གྱི་གནད་དོན་ སྣ་ཚོགས་དུས་ཐོག་ཏུ་ཞིབ་འཇུག་བྱས་ནས་ཐག་གཅད་དེ། ཏང་ཀྲུང་དབྱང་དང། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་དཀའ་ངལ་ཡོད་པའི་མང་ཚོགས་ལ་འགན་སྲུང་བྱེད་པའི་སྐོར་གྱི་སྲིད་ཇུས་སྣ་ཚོགས་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་དགོས། ォསྤྱི་ཚོགས་སྐྱོབ་རོགས་ཐོན་ཁུངས་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ“སྡེ་ཁག་གཅིག་གིས་བདག་སྤྲོད་དང་གཞོགས་འདེགས་མཉམ་སྒྲུབ་བྱེད་པའི”ལས་དོན་རྐྱེན་སྲོལ་འཛུགས་པར་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆརサ(མཚོ་སྲིད་གཞུང་ལས་ཐིན〔2016〕ཡིག་ཨང33པ)ནན་ཏན་གྱིས་དངོས་འབེབས་བྱེད་པ་དང་། གནས་ཚུལ་ཛ་དྲག་དང་དཀའ་ངལ་ཡོད་པའི་མང་ཚོགས་ལ་སྐྱོབ་རོགས་བྱེད་པའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཏེ། དཀའ་ངལ་ཡོད་པའི་མང་ཚོགས་ལ་སྐྱོབ་རོགས་ཞུ་གནས་ཡོད་པ་དང་སྐྱོབ་རོགས་དུས་ཐོག་ཏུ་ཐོབ་པར་ཁག་ཐེག་བྱེད་གོས། གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་ཤུགས་སྣོན་པ་དང་། ཤང་དང་གྲོང་རྡལ་གྱི་ཏང་ཨུ་དང་སྲིད་གཞུང་གིས་དམངས་སྲིད་ལས་དོན་ལ་མགོ་ཁྲིད་བྱེད་པར་སྐུལ་འདེད་གཏོང་བ། དམངས་སྲིད་ལས་དོན་དེ་ཤང་དང་གྲོང་རྡལ་གྱི་ཏང་ཨུ་དང་སྲིད་གཞུང་གི་ལས་དོན་གཙོ་བོར་བཞག་སྟེ། རང་ས་ཁུལ་གྱི་ཁྱད་ཆོས་དང་མཐུན་པ་དང་། ཤང་དང་གྲོང་རྡལ་གྱི་དམངས་སྲིད་ལས་དོན་ལ་ཤུགས་སྣོན་ཐུབ་པའི་ཐབས་ལམ་ཧུར་ཐག་གིས་འཚོལ་ཞིབ་བྱེད་ཅིང་ཆགས་པར་བྱེད་དགོས། སྲིད་གཞུང་གིས་སྤྱི་ཚོགས་སྐྱོབ་རོགས་ཞབས་ཕྱི་ཉོ་བའི་ལས་དོན་ཧུར་ཐག་གིས་སྤེལ་བ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འགན་སྲུང་སྲིད་ཇུས་དངོས་འབེབས་བྱེད་པའི“མཐའ་མའི་སྤྱི་ལེ་གཅིག”ཐོགས་མེད་དུ་བཏང་སྟེ། གཞི་རིམ་གྱི་སྤྱི་ཚོགས་སྐྱོབ་རོགས་ལས་དོན་གཉེར་སྐྱོང་དང་ཞབས་ཕྱིའི་ནུས་པ་ཇེ་ཆེར་གཏོང་དགོས།


མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།

2017ལོའི་ཟླ2ཚེས17ཉིན།