མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་ཀྱི་ཆུ་རིན་ཕྱོགས་བསྡུས་སྒོས་བཅོས་སྒྱུར་བྱ་བར་སྐུལ་འདེད་གཏོང་བའི་ལག་བསྟར་འཆར་གཞི།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་ཞིང་ལས་ཀྱི་ཆུ་རིན་ཕྱོགས་བསྡུས་སྒོས་བཅོས་སྒྱུར་བྱ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆརサ(རྒྱལ་སྤེལ[2016]ཡིག་ཨང2པ)གྱི་དགོངས་དོན་ལག་བསྟར་དངོས་འབེབས་བྱས་ནས།  ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཀྱི་ཆུ་རིན་ཕྱོགས་བསྡུས་སྒོས་བཅོས་སྒྱུར་བྱ་བར་མགྱོགས་མྱུར་ངང་སྐུལ་འདེད་དང་།  ཆུའི་ཐོན་ཁུངས་ལུགས་དང་མཐུན་པར་བཀོད་སྒྲིག་དང་ཕན་ནུས་ཆེ་བའི་སྒོ་ནས་བེད་སྤྱོད་ པར་སྐུལ་འདེད་གཏོང་བ་དང་།  ཞིང་ཁའི་ཆུ་བེད་ལས་གྲྭ་དགེ་མཚན་ལྡན་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་འགན་སྲུང་བྱ་ཆེད།  རང་ཞིང་གི་དངོས་གནས་དང་སྦྲེལ་ཏེ་ལག་བསྟར་འཆར་གཞི་འདི་གཏན་ལ་ཕབ་པ་ཡིན།  

གཅིག  སྤྱིའི་བླང་བྱ།  

(གཅིག)མཛུབ་སྟོན་བསམ་བློ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ།  ལྔ་བ།  དྲུག་པ་བཅས་ཀྱི་དགོངས་དོན་དང་ཀྲུང་དབྱང་གི་དུས་སྐབས་གསར་བའི་ཆུ་བེད་བྱ་གཞག་གི་བྱེད་ཕྱོགས་སྒོ་ཀུན་ནས་ལག་བསྟར་དང་།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་ལས་ཀྱི་ཆུ་རིན་ཕྱོགས་བསྡུས་སྒོས་བཅོས་སྒྱུར་བྱ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་སྤྱི་ཡོངས་བཀོད་སྒྲིག་ནན་ཏན་སྒོས་དངོས་འབེབས་བྱས་ནས། ཉེན་མེད་བདེ་འཇགས་ཀྱི་འབྲུ་རིགས་དང་ཆུ་འདོན་སྤྲོད་བྱེད་པ་འགན་སྲུང་དང་དེང་རབས་ཞིང་ལས་སྐྲུན་པ་དེ་ཁ་ཕྱོགས་དང་།  ཞིང་ལས་ཐད་ ཆུ་གྲོན་ཆུང་སྒོས་སྤྱོད་པ་དང་ཞིང་ཁའི་ཆུ་བེད་ལས་གྲྭའི་འཁོར་རྒྱུག་ལ་སྐུལ་འདེད་གཏང་རྒྱུ་དམིགས་འབེན་དུ་བཟུང་ནས།  ཞིང་ཁའི་ཆུ་བེད་སྒྲིག་བཀོད་ཀྱི་མ་ལག་དང་ཞིང་ལས་ཀྱི་ཆུ་རིན་གྲུབ་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་།  ཞིང་ཁའི་ཆུ་བེད་དོ་དམ་གྱི་སྒྲིག་སྲོལ་དང་རྐྱེན་སྲོལ་གསར་གཏོད་བྱས་ཐོག ཞིང་ལས་ཐད་འདྲེན་པའི་ཆུའི་བསྡོམས་འབོར་ཚོད་འཛིན་དང་གྲངས་བཅད་ལྟར་དོ་དམ་བྱེད་པའི་ལམ་ལུགས་རིམ་བཞིན་བཙུགས་ཏེ།  ཞིང་ལས་ཐད་ཆུ་སྤྱོད་པའི་ལས་ཆོད་དང་ཕན་ནུས་ཇེ་ཆེར་གཏོང་བ་དང་།  ཞིང་ལས་དེང་རབས་ཅན་དང་ཞིང་སྡེའི་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱ་དགོས།  

(གཉིས།)བཅོས་སྒྱུར་རྩ་དོན།  

གནད་ས་གཙོར་འཛིན་པ་དང་ཕྱོགས་བསྡུས་སྒོས་ཐབས་ཇུས་ལག་ཏུ་བསྟར་དགོས།  ཞིང་ལས་ཀྱི་ཆུ་རིན་གྲུབ་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏང་རྒྱུ་ལྟེ་བར་བཟུང་ནས།  ཞིང་ལས་ཀྱི་ཆུ་རིན་བཅོས་སྒྱུར་དང་ཞིང་ཁའི་ཆུ་བེད་བཅོས་སྒྱུར་བྱ་བར་ཕྱོགས་བསྡུས་སྒོས་སྐུལ་འདེད་དང།  ལས་གྲྭ་ཆ་འགྲིག་དང་ལམ་ལུགས་འཐུས་ཚང་།  དོ་དམ་གསར་གཏོད།  རིན་གོང་ལུགས་མཐུན།  ནོར་སྲིད་ཀྱིས་བྱ་དགའ་དང་ཁ་གསབ་སྟེར་བ།  ཆུ་གྲོན་ཆུང་ཐུབ་ཅིང་ལས་ཆོད་མཐོ་བ།  ཞིང་ལས་ལག་རྩལ་ཁྱབ་སྤེལ་སོགས་བྱེད་ཐབས་ཕན་ཚུན་འབྲེལ་མཐུད་དང་ཕན་ཚུན་འདེགས་སྐྱོར་གྱི་རྐྱེན་སྲོལ་གསར་བ་ཞིག་ཆགས་པར་བྱ་དགོས།  

ཚོང་རས་སྙོམ་སྒྲིག་དང་སྲིད་གཞུང་གིས་ཁྲིད་སྟོན་བྱ་དགོས།   ཚོང་རས་ཐོན་ཁུངས་བཀོད་སྒྲིག་གི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་།  སྲིད་གཞུང་གི་ཁྲིད་སྟོན་ནུས་པ་དེ་བས་འདོན་སྤེལ་གང་ལེགས་བྱས་ཐོག རྩེ་རིམ་གྱི་ཇུས་འགོད་དང་སྲིད་ཇུས་ཞིབ་འཇུག་ལ་ཤུགས་སྣོན།  དོ་དམ་སྒྲིག་སྲོལ་གསར་གཏོད།  ལམ་ལུགས་ཀྱི་འགན་སྲུང་འཐུས་ཚང་དུ་བཏང་སྟེ། ལོ་ཏོག་རིགས་མི་འདྲ་བ་དག་ལ་ཆུ་སྤྱོད་པའི་གཞི་རྩའི་དགོས་མཁོ་བསྐང་བ་དང་།  སྤྱི་ཁོག་ནས་ཞིང་པའི་ཁུར་བོ་ཇེ་ཆེར་མི་གཏོང་བར་ཞིང་པ་མང་ཚོགས་ལ་བཅོས་སྒྱུར་གྱི་ཁེ་སྤོགས་མཉམ་རོལ་བྱེད་དུ་འཇུག་དགོས།  

འདོན་མཁོ་སྤྲོད་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ་བརྟན་བརླིང་སྒོས་སྐུལ་སྤེལ་བྱ་དགོོས། ཆུ་འདོན་སྤྲོད་བྱ་བར་དོ་དམ་བྱེད་ཤུགས་ཇེ་ཆེ་དང་ཆུ་འདོན་སྤྲོད་ཀྱི་ཞབས་ཕྱིའི་ལས་ཆོད་ཇེ་མཐོར་བཏང་སྟེ། ཆུ་འདྲེན་པའི་འཁོར་ཡུན་ལ་གོ་རིམ་དང་ཕན་ནུས་ལྡན་པ་ཁག་ཐེག་བྱ་དགོས།  དགོས་མཁོ་དོ་དམ་ཐད་ཤུགས་བསྣན་ཏེ་འདེབས་འཛུགས་ཀྱི་སྒྲིག་གཞི་སྔར་ལས་ལེགས་པར་སྙོམ་སྒྲིག་དང་། ཞིང་ལས་ཐད་ཆུ་སྤྱོད་ཚུལ་ཞིབ་ཚགས་ཅན་དུ་བསྒྱུར་བའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་།  ཞིང་ལས་ཐད་ཆུ་སྤྱོད་སྟངས་བསྒྱུར་བར་སྐུལ་འདེད་བཏང་ཐོག འཆར་གཞི་དང་གོ་རིམ།  རིམ་པ་བཅས་ལྡན་པའི་སྒོ་ནས་བཅོས་སྒྱུར་བྱ་བར་མཐུན་སྦྱོར་དང་སྐུལ་འདེད་གཏང་དགོས།  

ཡུལ་བབ་དང་བསྟུན་པ་དང་རིགས་བཀར་ནས་མཛུབ་སྟོན་བྱ་དགོས།   ས་ཁོངས་མི་འདྲ་བ་དག་གི་རང་བྱུང་ཆ་རྐྱེན་དང་ཆུའི་ཐོན་ཁོངས་ཀྱི་སྤུས་ཀ  ཆུ་འདྲེན་པའི་ཆ་རྐྱེན།  དཔལ་འབྱོར་གོང་འཕེལ་བྱུང་བའི་ཆུ་ཚད་བཅས་གསལ་འབྱེད་བྱས་ཏེ་ཞིང་པའི་ཐེག་ནུས་དང་ཆུ་གྲོན་ཆུང་གི་ཕན་འབྲས།  ས་གནས་ཀྱི་ནོར་ཤུགས་བཅས་དང་མཐུན་པའི་ཞིང་ལས་ཐད་ཆུ་སྤྱོད་པའི་གསབ་དངུལ་གནད་ལ་ཁེལ་པར་སྟེར་བའི་རྐྱེན་སྲོལ་འཛུགས་པ་དང་།  ས་ཁོངས་ཀྱི་ཁྱད་ཆོས་དང་མཐུན་པའི་ཞིང་ལས་ཀྱི་ཆུ་རིན་ཕྱོགས་བསྡུས་སྒོས་བཅོས་སྒྱུར་བྱེད་སྟངས་འཚོལ་ཞིབ་བྱ་དགོས།  

(གསུམ།)བཅོས་སྒྱུར་གྱི་དམིགས་འབེན།  

ས་གནས་སོ་སོའི་གནས་ཚུལ་དངོས་དང་བཅོས་སྒྱུར་གྱི་རྨང་གཞིར་ཕྱོགས་བསྡུས་སྒོས་བསམ་བློ་བཏང་ནས།  ལོ་བཅུ་ཡས་མས་ཀྱི་དུས་ཚོད་བེད་སྤྱད་དེ་ཞིང་ཆེན་གྱི་གནས་ཚུལ་དང་ཆུའི་གནས་ཚུལ།  བྱ་བའི་གནས་ཚུལ་བཅས་དང་མཐུན་པའི་ཞིང་ལས་ཀྱི་ཆུ་རིན་གྲུབ་པའི་རྐྱེན་སྲོལ་དང་ཞིང་ཁའི་ཆུ་བེད་ལས་གྲྭ་འཁོར་རྒྱུག་བཟང་བོ་བྱེད་པར་རྒྱུན་ཕན་གྱི་རྐྱེན་སྲོལ་བཙུགས་ཐོག་འཐུས་ཚང་དུ་གཏང་དགོས།  བསྐྲུན་ཟིན་པའི་མུའུ་ཁྲི་ཚོ་ཡན་གྱི་ཆུ་འདྲེན་ཁུལ89གཙོ་བོར་བཟུང་སྟེ། ཁག་དང་དུས་རིམ་བགོས་ནས་བཅོས་སྒྱུར་བྱ་གཞག་ལག་བསྟར་བྱ་དགོས།  2019ལོར་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོའི་ཆ་རྐྱེན་འཛོམས་པའི་སྐོར་དང་པོའི་མུའུ་ཁྲི་ཚོ་ཡན་གྱི་ཆུ་འདྲེན་ཁུལ33གྱི་བཅོས་སྒྱུར་དམིགས་འབེན་སྣེ་ཁྲིད་དེ་སྔོན་ལ་ཡོངས་འགྲུབ་དང་། 2022ལོར་ཟི་ལིང་དང་མཚོ་ཤར་གྲོང་ཁྱེར།  མཚོ་ནུབ་ཁུལ་བཅས་ཀྱི་སྐོར་གཉིས་པའི་མུའུ་ཁྲི་ཚོ་ཡན་གྱི་ཆུ་འདྲེན་ཁུལ42ཀྱི་བཅོས་སྒྱུར་དམིགས་འབེན་ཡོངས་འགྲུབ་དང།  2025ལོར་མཚོ་བྱང་དང་མཚོ་ལྷོ་ཁུལ་གཉིས་ཀྱི་སྐོར་གསུམ་པའི་མུའུ་ཁྲི་ཚོ་ཡན་གྱི་འདྲེན་ཁུལ14དང་འདྲེན་ཁུལ་ཆུང་གྲས་ཚང་མའི་བཅོས་སྒྱུར་དམིགས་འབེན་ཡོངས་འགྲུབ་བཅས་བྱ་བར་བརྩོན་ལེན་བྱ་དགོས།(ཆུ་འདྲེན་ཁུལ་གྱི་སྐོར་ཁག་བགོས་པའི་བྲེ་བྲག་གི་མིང་ཐོ་ཟུར་བཀོད་དུ་གསལ།) གསར་དུ་བསྐྲུན་པའི་ཆུ་འདྲེན་ཁུལ་ཆེ་འབྲིང་ཆུང་གསུམ་གྱིས་ཆུ་རིན་བཅོས་སྒྱུར་དང་ལས་གྲྭ་འཛུགས་སྐྲུན་དུས་མཉམ་དུ་སྐུལ་སྤེལ་གྱི་རྩ་དོན་ལྟར་བཅོས་སྒྱུར་ལས་འགན་ཡོངས་འགྲུབ་བྱ་དགོས།  

ཚན་རིག་ལུགས་མཐུན་གྱི་ཞིང་ལས་ཀྱི་ཆུ་རིན་གྲུབ་པའི་རྐྱེན་སྲོལ་གཟུག་དགོས།   ཞིང་ལས་ཐད་སྤྱོད་པའི་ཆུ་རིན་སྤྱི་ཡོངས་ནས་ཆུ་བེད་ལས་གྲྭ་འཁོར་རྒྱུག་མ་གནས་སྲུང་སྐྱོང་གི་ཆུ་ཚད་དུ་བསླེབ་དགོས།  ཆུ་དྲངས་པའི་ཕན་ནུས་ཅུང་བཟང་བ་དང་ཆུ་སྤྱོད་མཁན་དུད་ཚང་གིས་ཐེག་ཐུབ་པའི་ས་ཁུལ་གྱིས་ཞིང་ལས་ཀྱི་ཆུ་རིན་དེ་སྣེ་ཁྲིད་དེ་སྔོན་ལ་མ་གནས་ཡོངས་བརྩིས་པའི་གོང་ཚད་ཕྱོགས་སུ་བསྒྱུར་དགོས།

རྒྱུད་ཁོངས་འཐུས་ཚང་བའི་ཞིང་ཁའི་ཆུ་བེད་སྒྲིག་བཀོད་ཀྱི་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏང་དགོས།   ཆེ་འབྲིང་ཆུང་ཕྲན་ཆ་ཚང་དུ་སྡེབ་སྒྲིག་དང་གསོག་འདྲེན་བཀོད་གཏོང་ཟུང་དུ་སྦྲེལ་བ།  ཤར་ལྷོ་ནུབ་བྱང་གིས་ཕན་ཚུན་ཁ་གསབ་པའི་ཆུ་འདྲེན་དྲ་བ་ཕར་ཆེར་བསྐྲུན་དགོས།  ཞིང་ལས་ཀྱི་ཆུ་གྲོན་ཆུང་གི་སྒྲིག་བཀོད་འཛུགས་སྐྲུན་ཐད་ཤུགས་བསྣན་པ་དང་།  ཆུ་འདོན་སྤྲོད་ཀྱི་ཚད་རྩིས་འཇལ་སྒྲིག་བཀོད་འཐུས་ཚང་དུ་བཏང་ནས་ཆུ་སྤྱོད་སྟངས་དེ་རགས་རྩིང་ཅན་ནས་ལེགས་བསྡུས་ཞིབ་གཉེར་ཅན་གྱི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བྱ་དགོས།  

བཟང་བོ་རྒྱུན་ཕན་གྱི་ལས་གྲྭ་འཁོར་རྒྱུག་གི་དོ་དམ་སྒྲིག་སྲོལ་གཟུག་དགོས།   བསྐྲུན་ཟིན་པའི་ལས་གྲྭའི་ཐོན་དབང་གསལ་བ་དང་འགན་འཁྲི་དངོས་འབེབས།  གྲོན་དངུལ་འགན་སྲུང།  དོ་དམ་ཚད་ལྡན་གྱི་འཁོར་སྐྱོད་རྐྱེན་སྲོལ་ཕལ་ཆེར་གཟུག་དགོས།  གསར་དུ་བསྐྲུན་པའི་ལས་གཞིར“སྔོན་དུ་རྐྱེན་སྲོལ་འཛུགས་པ་དང་།  ཕྱིས་སུ་ལས་གཞི་འཛུགས་པའི”འཛུགས་སྐྲུན་དོ་དམ་ལམ་ལུགས་ཕྱོགས་ཡོངས་ནས་དངོས་འབེབས་བྱ་དགོས།  ཞིང་པའི་ཆུ་སྤྱོད་མཉམ་ལས་རྩ་འཛུགས་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བ་དང་ལས་གྲྭ་བདག་སྐྱོང་མཁན་གྱི་ནུས་ཤུགས་ཅུང་ལེགས་པོར་འདོན་སྤེལ་བྱ་དགོས།  

ལེགས་བསྡུས་ཕན་ཆེའི་ཞིང་ལས་ཐད་ཆུ་སྤྱོད་པའི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏང་དགོས།   ཞིང་ལས་ཀྱི་ཆུའི་ཐོན་ཁུངས་སྤྱོད་དབང་ལམ་ལུགས་ཐོག་མར་བཙུགས་ནས། ཞིང་ལས་ཐད་ཆུ་སྤྱོད་པའི་བསྡོམས་འབོར་ཚོད་འཛིན་དང་གྲངས་བཅད་ལྟར་དོ་དམ་བྱེད་པ་ཕལ་ཆེར་མངོན་འགྱུར་བྱེད་ཅིང་།  སྔོན་ཐོན་གོ་ཆོད་ཀྱི་ཞིང་ལས་ཐད་ཆུ་གྲོན་ཆུང་སྒོས་འདྲེན་པའི་ལག་རྩལ་དང་བྱེད་ཐབས་ཡོངས་ཁྱབ་ཏུ་སྤྱོད་པ་དང་།  ཞིང་ལས་ཀྱི་འདེབས་འཛུགས་སྒྲིག་གཞི་ལེགས་སྒྲིག་བྱ་དགོས།  

གནད་ཁེལ་རྒྱུན་མཐུད་ཀྱི་ཞིང་ལས་ཐད་ཆུ་སྤྱོད་པའི་ཁ་གསབ་རོགས་དངུལ་དང་ཆུ་གྲོན་ཆུང་བྱས་པར་བྱ་དགའ་སྟེར་བའི་རྐྱེན་སྲོལ་གཟུག་དགོས།   ཞིང་པའི་རང་རྟོགས་ཀྱིས་ཆུ་གྲོན་ཆུང་གི་འདུ་ཤེས་སྒོ་ཀུན་ནས་ཇེ་དྲག་ཏུ་གཏོང་བ་དང་།  ཆུ་དྲངས་པའི་ལས་ཆོད་དང་ཕན་ནུས་མུ་མཐུད་དུ་ཇེ་ཆེར་བཏང་ནས་དེང་རབས་ཞིང་ལས་འཕེལ་རྒྱས་སུ་འགྲོ་བར་འགན་སྲུང་བྱ་དགོས།  ཆུའི་ཐོན་ཁུངས་སྤྱོད་དབང་ཉོ་ཚོང་ཁྲོམ་རའི་སྒྲིག་སྲོལ་ཕལ་ཆེར་བཙུགས་ནས།  ཞིང་ལས་ཀྱི་ཆུའི་ཐོན་ཁུངས་སྤྱོད་དབང་ལུགས་མཐུན་གྱིས་སྐོར་སྐྱོད་བྱ་བར་ཁག་ཐེག་དང་ཞིང་པའི་ཁེ་དབང་སྲུང་སྐྱོང་བྱ་དགོས།  

གཉིས། ཞིང་ལས་ཀྱི་ཆུ་རིན་བཅོས་སྒྱུར་གྱི་རྨང་གཞི་བརྟན་པོར་བཟོ་དགོས།  

(བཞི།)ཞིང་ཁའི་ཆུ་བེད་ལས་གྲྭའི་མ་ལག་འཐུས་ཚང་དུ་གཏང་དགོས།  མཇུག་མཐའི་ཡུར་བ་ཆུ་གྲོན་ཆུང་ཅན་དུ་སྒྱུར་བཀོད་དང་ཆུ་གྲོན་ཆུང་སྒོས་འདྲེན་པའི་ཆ་འགྲིག་ལས་གྲྭ་གཙོར་བཟུང་ནས། ད་ཡོད་འདྲེན་ཁུལ་གྱི་ཆུ་འདྲེན་པའི་མ་ལག་མགྱོགས་མྱུར་ངང་འཐུས་ཚང་དུ་གཏོང་བ་དང། ཞིང་སར་ཆུ་འདྲེན་པའི“མཐའ་མའི་སྤྱི་ལེ་གཅིག”གཤོང་དགོས།  གསར་དུ་བསྐྲུན་པའི་ཞིང་ཁའི་ཆུ་བེད་ལས་གྲྭར་ཕྱོགས་བསྡུས་ཀྱིས་འཆར་འགོད་དང་། གཅིག་གྱུར་གྱིས་ལག་བསྟར་བྱས་ཏེ་ཆུ་འདྲེན་པའི་དྲ་རྒྱ་ཆགས་སུ་འཇུག་དགོས།  སྔོན་ཐོན་གྱི་ཆུ་སྲི་སྒྲིག་ཆས་ཧུར་བརྩོན་གྱིས་ནང་འདྲེན་དང་།  སྦུག་འདྲེན་དང་གཏོར་འདྲེན་སོགས་ཕན་ཆེཞིབ་ཚགས་ཀྱི་ཞིང་ཆུ་འདྲེན་སྟངས་འཕེལ་རྒྱས་སུ་བཏང་ཐོག ཆུ་འདོན་སྤྲོད་ནུས་པ་ཆེ་རུ་གཏོང་བ་ ནས་ཆུ་གྲོན་ཆུང་གི་ནུས་པ་ཆེ་རུ་གཏོང་བར་བསྒྱུར་ཏེ།  ཞིང་ལས་སྒྲིག་གཞི་ལེགས་སྒྲིག་བྱ་བར་ཆུ་བེད་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱ་དགོས།  

(ལྔ།)ཆུ་འདོན་སྤྲོད་ཀྱི་ཚད་འཇལ་སྒྲིག་བཀོད་འཐུས་ཚང་དུ་གཏང་དགོས།   གོང་བདེ་ཞིང་གོ་ཆོད་པ་དང་ཚད་འཇལ་བདེ་བའི་རྩ་དོན་ལྟར།  བསྐྲུན་ཟིན་པའི་འདྲེན་ཁུལ་གྱི་ཆུ་སྤྱོད་པ་ཚད་འཇལ་གྱི་སྒྲིག་བཀོད་དེ་གང་མགྱོགས་ཀྱིས་ཆ་འགྲིག་པར་སྒྱུར་བཀོད་བྱེད་པ་དང་། གསར་སྐྲུན་དང་སྒྱུར་སྐྲུན་རྒྱས་སྐྲུན་གྱི་ལས་གྲྭར་དུས་མཉམ་དུ་ཚད་འཇལ་སྒྲིག་བཀོད་བསྐྲུན་དགོས།  གཅིག་གྱུར་འཆར་འགོད་བྱས་ཏེ་ཚད་འཇལ་སྒྲིག་བཀོད་སྐྲུན་ས་ལུགས་མཐུན་སྒོས་ཇུས་འགོད་བྱ་དགོས་ཤིང་།  མུའུ་ཁྲི་ཡན་གྱི་ཆུ་འདྲེན་ཁུལ་གྱི་རྐང་འཛིན་ལས་གྲྭ་ཡོངས་ལ་ཏོའུ་ཁོའུ་དང་དེའི་མན་གྱི་ཚད་འཇལ་ཚུལ་ལྟར་ཆུ་འདོན་སྤྲོད་བྱེད་པ་དང་།  རྐང་འཛིན་ལས་གྲྭ་དང་མཇུག་མཐའི་ཡུར་བའི་དབྱེ་མཚམས་སུ་ཤེས་ནུས་ཅན་གྱི་ཆུ་འདོན་སྤྲོད་ཚད་འཇལ་སྒྲིག་ཆས་སྒྲིག་སྦྱོར་བྱ་དགོས།  ཡུལ་བབ་དང་བསྟུན་ནས་ཆུ་འདྲེན་ཁུལ་ཆུང་བ་དང་མཇུག་མཐའི་ཡུར་བའི་ཆུ་ཚད་འཇལ་སྒྲིག་ཆས་སྒྲིག་སྦྱོར་བྱ་དགོས།  ཁྲོན་ཆུ་འདྲེན་ཁུལ་དུ་འཕྲུལ་ཁྲོན་གྱི་ཤེས་ནུས་ཀྱིས་ཚོད་འཛིན་པ་མངོན་འགྱུར་བྱས་ནས་ཁྲོན་པ་རེ་རེར་ཚད་འཇལ་བ་དང་།  ཆ་རྐྱེན་འཛོམས་པའི་ས་གནས་སུ་དུད་ཚང་རེ་རེ་བཞིན་དུ་ཚད་འཇལ་དགོས།  

(དྲུག)ཞིང་ལས་ཀྱི་ཐོག་མའི་ཆུའི་ཐོན་ཁུངས་སྤྱོད་དབང་ལུགས་མཐུན་གྱིས་གཏན་ཁེལ་བྱ་དགོས།   རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་སོ་སོར་བགོས་ནས་བཀོད་སྒྲིག་བྱས་པའི་ཆུ་སྤྱོད་པའི་བསྡོམས་འབོར་ཚོད་འཛིན་དམིགས་ཚད་དངォམཚོ་སྔོན་ཞིང་ཆེན་གྱི་ཆུ་སྤྱོད་པའི་བཅད་གྲངསサཀྱི་འབྲེལ་ཡོད་ཆོད་དོན་གཞིར་འཛིན་པ་དང་།  ཞིང་སར་འདྲེན་པའི་ཐད་སྤྱོད་པའི་ཆུའི་བཅད་གྲངས་ལྟར། དམིགས་ཚད་དེ་རིམ་བཞིན་ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་ཞིང་པའི་ཆུ་སྤྱོད་མཉམ་ལས་རྩ་འཛུགས།  དུད་ཚང་སོགས་ཆུ་སྤྱོད་མཁན་དག་ལ་ཞིབ་ཏུ་བགོས་ཏེ།  བྱེ་བྲག་གི་ཆུ་ཁུངས་སྟེང་དངོས་འབེབས་དང་ཆུའི་ཐོན་ཁུངས་སྤྱོད་དབང་གསལ་བོར་བྱེད་པ།  བསྡོམས་འབོར་ཚོད་འཛིན་བྱེད་པ།  ཆུ་ལེན་ཆོག་པའི་དཔང་ཡིག་སྟེར་བ་དང་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་དགོས།  རྨོ་ཞིང་གི་སྤྱོད་སྒོར་འགྱུར་ལྡོག་བྱུང་བ་སོགས་དམིགས་བསལ་གྱི་རྒྱུ་རྐྱེན་ཡོད་ཚེ། ངེས་པར་དུ་ཆུའི་ཐོན་ཁུངས་སྤྱོད་དབང་ལ་ཡང་བསྐྱར་ཞིབ་མཆན་འགོད་དགོས།  ཞིང་ལས་ཀྱི་ཐོག་མའི་ཆུའི་ཐོན་ཁུངས་སྤྱོད་དབང་གི་གོ་ཆོད་དུས་ཡུན་སྤྱིར་བཏང་དུ་ལོ་ལྔ་ཡན་བརྒལ་མི་རུང་བར་འགུལ་རྣམ་ལྟར་དོ་དམ་བྱ་དགོས།  ཆུ་སྤྱོད་པའི་བསྡོམས་འབོར་ཚོད་འཛིན་བྱ་ཡུལ་དུ་མ་བཀོད་པའི་སླར་ཐོན་ཆུ་དང་ཚྭ་ཆུ་སོགས་རྒྱུན་སྲོལ་མིན་པའི་ཆུ་ཁུངས་ཞིང་སར་འདྲེན་པའི་ཐད་སྤྱོད་པ་དེ་ཞིང་ལས་ཀྱི་ཐོག་མའི་ཆུའི་ཐོན་ཁུངས་སྤྱོད་དབང་གི་ཁྱབ་ཁོངས་སུ་བརྩི་རྒྱུ་མིན།  

(བདུན།)ཞིང་ལས་ཀྱི་ཆུའི་ཐོན་ཁུངས་སྤྱོད་དབང་བརྒྱུད་བཤུག་བྱ་བར་སྐུལ་མ་གཏང་དགོས།   ཞིང་ལས་ཀྱི་ཆུ་སྤྱོད་མཁན་དུད་ཚང་གིས་འདེབས་འཛུགས་སྒྲིག་གཞི་ལེགས་སྒྲིག་དང་ཆུ་གྲོན་ཆུང་སྒོས་འདྲེན་པའི་ལག་རྩལ་སྤྱོད་པ།  སླར་ཐོན་ཆུ་དང་ཚྭ་ཆུ་སྤྱོད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཆུའི་ཐོན་ཁུངས་གྲོན་ཆུང་བྱ་བར་ཁྲིད་སྟོན་དང་སྐུལ་མ་བྱེད་པ་དང་།  ཆུ འི་ཐོན་ཁུངས་སྤྱོད་དབང་གོ་ཆོད་དུས་ཡུན་ནང་དུ་ས་ཁོངས་ཕྱི་ནང་གི་ཆ་རྐྱེན་དང་མཐུན་པའི་ཆུ་སྤྱོད་མཁན་དུད་ཚང་གཞན་པ་དག་ལ་དེར་མཐུན་གྱི་ཞིང་ལས་ཀྱི་ཆུའི་ཐོན་ཁུངས་སྤྱོད་དབང་སྐྱིན་ཚབ་ཡོད་པའི་སྒོ་ནས་བཤུག་སྤྲོོད་དབང་ཆ་ཡོད།  སྲིད་གཞུང་དང་ཡང་ན་དེས་དབང་བསྩལ་པའི་ཆུ་ཁུངས་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཕྱིར་བསྡུ་ཉོ་བྱས་ཀྱང་ཆོག ཆུ་བེད་པུའུ་ཡིォཆུའི་ཐོན་ཁུངས་སྤྱོད་དབང་ཉོ་ཚོང་དོ་དམ་གྱི་གནས་སྐབས་ལག་བསྟར་བྱེད་ཐབསサལྟར་དོན་དངོས་དང་སྦྲེལ་ཏེ་མཚོ་སྔོན་ཞིང་ཆེན་གྱི་ཆུའི་ཐོན་ཁུངས་སྤྱོད་དབང་ཉོ་ཚོང་ཚོད་ལྟའི་ལག་བསྟར་བྱེད་ཐབས་གཏན་འབེབས་བྱས་ནས།  ཞིང་ལས་ཀྱི་ཆུའི་ཐོན་ཁུངས་སྤྱོད་དབང་ཉོ་ཚོང་གི་སྒྲིག་སྲོལ་དང་གོ་རིམ།  བླང་བྱ་བཅས་ངེས་གསལ་བྱ་དགོས།  

(བརྒྱད།) ཞིང་ཁའི་ཆུ་བེད་ལས་གྲྭའི་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་བྱ་བར་སྐུལ་འདེད་གཏང་དགོས།   རྒྱལ་དབང་ཆུ་ཁུངས་དོ་དམ་སྡེ་ཚན་གྱི་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་དང་ཆུ་བེད་ལས་གྲྭ་ཆུང་བའི་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་བྱ་བ་ཟབ་སྤེལ་བྱས་ཐོག ཐོན་དབང་གསལ་བ་དང་འགན་འཁྲི་དངོས་འབེབས།  དོ་དམ་བྱེད་ལུགས་ཚན་རིག་དང་མཐུན་པ།  ཁུ་བསྡུ་ནུས་ཆེ།  ཞབས་ཕྱི་གནས་སུ་འབྱོར་བ་བཅས་ཀྱི་འཁོར་སྐྱོད་རྐྱེན་སྲོལ་གཟུག་དགོས།   ཆུ་འདོན་སྤྲོད་འཆར་གཞིར་དོ་དམ་དང་བཀོད་གཏོང་བྱ་བར་ཤུགས་བསྣན་ནས། ཞིང་ལས་ཐད་ཆུ་འདོན་སྤྲོད་ཀྱི་ལས་ཆོད་དང་ཕན་ནུས་ཇེ་ཆེར་གཏང་དགོས།  ལས་གྲྭའི་ཉམས་གསོ་དང་བདག་སྐྱོང་ཐད་ཤུགས་བསྣན་ཏེ་ལས་གྲྭ་འཁོར་རྒྱུག་བཟང་བོ་བྱེད་པར་འགན་སྲུང་བྱ་དགོས།  ཆུ་སྲི་ཞིང་ལས་དཔེ་སྟོན་དང་ལག་རྩལ་གསོ་སྐྱོང་བྱས་ནས། ཞིང་པས་ཚན་རིག་ལྟར་ཆུ་སྤྱོད་པའི་ལག་རྩལ་ཆུ་ཚད་ཇེ་མཐོར་གཏང་དགོས།  ཆ་རྐྱེན་ཡོད་པའི་ས་ཁུལ་གྱིས་སྲིད་གཞུང་གིས་ཞབས་ཕྱི་ཉོ་སྒྲུབ་སོགས་བྱེད་སྟངས་བརྒྱུད་དེ་ཞིང་ཁའི་ཆུ་བེད་ལས་གྲྭའི་བདག་སྐྱོང་བྱ་བའི་ཁྲོད་སྤྱི་ཚོགས་སྟོབས་ཤུགས་ཞུགས་པར་སྐུལ་མ་བཏང་ནས།  ཆུ་འདོན་སྤྲོད་དང་བེད་སྤྱོད།  ཆུ་ལ་དོ་དམ་བྱེད་པ་བཅས་ཀྱི་སྤྱི་ཚོགས་ཅན་གྱི་ཞབས་ཕྱིའི་ཆུ་ཚད་ཇེ་མཐོར་གཏང་དགོས།  ཆུ་རིན་སྡུད་ལེན་དང་བེད་སྤྱོད་དོ་དམ་ཐད་ཤུགས་བསྣན་པ་དང་།  སྐབས་བསྟུན་གྱིས་གྲོན་དངུལ་བསྡུ་བ་སོགས་ཞིང་པའི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་གནད་དོན་འབྱུང་བར་གཏན་འགོག་བྱ་དགོས།  

(དགུ།)མཐའ་སྣེའི་ཆུ་སྤྱོད་པར་དོ་དམ་བྱེད་སྟངས་གསར་གཏོད་བྱ་དགོས།  ཞིང་པས་ཆུ་སྤྱོད་པར་རང་སྐྱོང་དང་ཆེད་ལས་ཅན་གྱི་ཞབས་ཕྱི་སྒྲུབ་པ།  ཆུའི་ཐོན་ཁུངས་དོ་དམ་སྡེ་ཚན་གྱིས་དོ་དམ་བྱེད་པ།  སྤྱོད་མཁན་ཞུགས་པ་སོགས་རྣམ་པ་སྣ་ཚོགས་པའི་མཐའ་སྣེའི་ཆུ་སྤྱོད་པར་དོ་དམ་བྱེད་སྟངས་གོང་དུ་སྤེལ་བར་སྐུལ་མ་གཏང་དགོས།  ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་ཆུའི་ཐོན་ཁུངས་དོ་དམ་སྡེ་ཚན། གསར་བྱུང་གི་ཞིང་ལས་བདག་གཉེར་བྱེད་མཁན་བཅས་རྨང་གཞི་བྱས་ནས། རྣམ་པ་མི་འདྲ་བའི་ཞིང་པའི་ཆུ་སྤྱོད་པའི་མཉམ་ལས་རྩ་འཛུགས་སྣ་མང་ཅན་གོང་དུ་སྤེལ་བ་ལ་སྐུལ་མ་དང་རྒྱབ་སྐྱོར་བྱེད་པ་དང་།  ལས་གྲྭ་འཁོར་སྐྱོད་ལ་དོ་དམ་དང་ཆུ་སྤྱོད་པར་དོ་དམ།  ཆུ་རིན་རྩིས་སྡུད་སོགས་ཀྱི་བྱ་བ་སྒྲིག་སྲོལ་ལྟར་སྤེལ་དགོས།  གཞི་ཁྱོན་ཅུང་ཆེ་བའི་ཆུ་སྤྱོད་མཉམ་ལས་རྩ་འཛུགས་ཀྱིས་ལྟ་ཞིབ་ལྷན་ཚོགས་བཙུགས་ཏེ།  ལས་གྲྭར་ཉམས་གསོ་དང་མ་དངུལ་དང་ངལ་རྩོལ་ནུས་ཤུགས་གྲབས་གསོག  ནོར་དོན་དོ་དམ།  ཆུ་རིན་ཆ་བགོས། དམངས་གཙོས་གྲོས་མོལ་སོགས་ཀྱི་བྱ་བར་ལྟ་སྐུལ་བྱེད་པ་མ་ཟད། ལྟ་སྐུལ་གྱི་མཇུག་འབྲས་མང་ཚོགས་ལ་ཡོངས་བསྒྲགས་བྱ་དགོས།  བརྩོན་སེམས་ཆེ་ཞིང་བྱེད་ཐབས་ནུས་ལྡན་དང་མཇུག་འབྲས་མངོན་གསལ་ཡིན་པའི་ཞིང་པའི་ཆུ་སྤྱོད་པའི་མཉམ་ལས་རྩ་འཛུགས་ལ་སྲིད་གཞུང་གིས་རོགས་སྐྱོར་མ་དངུལ་འོས་འཚམ་བྱིན་ནས་གོང་དུ་སྤེལ་བར་རོགས་སྐྱོར་བྱ་དགོས།  

(བཅུ།)ཞིང་ལས་ཐད་ཆུ་གྲོན་ཆུང་གི་ལག་རྩལ་ཤུགས་ཆེན་པོས་ཁྱབ་སྤེལ་གཏང་དགོས།  ས་གནས་སོ་སོའི་རྨོ་ཞིང་གི་ས་གཤིས་རིགས་དང་ནམ་ཟླའི་ཁྱད་ཆོས།  ལོ་ཏོག་ལ་ཆུ་མཁོ་བའི་ཆོས་ཉིད།  ཆུ་ཐོན་ཁུངས་ཀྱི་ཆ་རྐྱེན་སོགས་གཞིར་བཟུང་ནས་ཞིང་ལས་ཐོན་སྐྱེད་བཀོད་སྒྲིག་དང་ལོ་ཏོག་འདེབས་འཛུགས་སྒྲིག་གཞི།  ཞིང་ལས་དང་ནགས་ལས།  ཕྱུགས་ལས། ཉ་ལས་བཅས་ཐད་ཆུ་སྤྱོད་པའི་སྒྲིག་གཞི་ལུགས་དང་མཐུན་པར་ལེགས་སྒྲིག་བྱ་དགོས།  ལོ་ཏོག་གི་སྐྱེ་སྨིན་དུས་རིམ་དང་རང་བྱུང་ཆར་ཆུ་འབབ་ཚུལ་དང་མཐུན་པའི་ཞིང་ལས་འདེབས་འཛུགས་སྒྲིག་གཞི་དང་འདེབས་འཛུགས་ལམ་ལུགས་བཙུགས་ནས།  ལོ་ཏོག་གིས་རླན་གཤེར་བེད་སྤྱོད་པའི་ཕན་འབྲས་ཇེ་ཆེར་གཏང་དགོས།  ཆུ་སྦུག་འདྲེན་དང་ཟགས་འདྲེན།  སིམ་འདྲེན་སོགས་ཕན་ནུས་ཆེ་ཞིང་ཆུ་གྲོན་ཆུང་ཐུབ་པའི་འདྲེན་སྟངས་ཤུགས་ཆེན་པོས་ཁྱབ་སྤེལ་བྱེད་པ་དང་། ཆུ་དང་ལུད་རྫས། སྨན་རྫས་གསུམ་གཞི་གཅིག་ཏུ་སྦྲེལ་བའི་ལག་རྩལ་འཕེལ་རྒྱས་སུ་བཏང་སྟེ།  ཆུ་འདོན་སྤྲོད་ཀྱི་མ་གནས་ནུས་ལྡན་གྱིས་ཇེ་དམའ་རུ་གཏང་དགོས།  ས་སློག་ཁོད་སྙོམ་དང་འགྱིག་ཤོག་སོགས་བཀབ་ནས་སེར་སྲུང་བ་སོགས་རི་མའི་ཞིང་ལས་ལག་རྩལ་ཧུར་ཐག་གིས་ཁྱབ་གདལ་དུ་གཏོང་བ་དང་།  ལྗང་མདོག་ཐན་འགོག་གི་སེར་སྲུང་སྨན་རྫས་ལུགས་མཐུན་གྱིས་བཀོལ་སྤྱོད་བྱས་ནས།  རི་མའི་ལོ་ཏོག་འདེབས་ཁུལ་གྱི་རང་བྱུང་ཆར་ཆུ་བེད་སྤྱད་པའི་ཕན་ནུས་ཇེ་ཆེར་གཏང་དགོས།  ཆུ་ཐོན་ཁུངས་དཀོན་པའི་ས་ཁུལ་གྱི་ཆུ་ཟད་གྲོན་མང་བ་དང་ཕན་འབྲས་ཞན་པའི་ལོ་ཏོག་གི་འདེབས་རྒྱ་ཇེ་ཆུང་དུ་བཏང་ཐོག  ཆུ་ཟད་གྲོན་ཉུང་བ་དང་ཕན་ནུས་ཆེ་བའི་ལོ་ཏོག་བདམས་གསོ་དང་ཁྱབ་སྤེལ་གཏང་དགོས།  

གསུམ། ཚན་རིག་ལུགས་མཐུན་གྱི་ཞིང་ལས་ཀྱི་ཆུ་རིན་གྲུབ་པའི་རྐྱེན་སྲོལ་གཟུག་དགོས།  

(བཅུ་གཅིག)རིན་གོང་བཅད་ནས་དོ་དམ་གྱི་དབང་ཚད་ལུགས་མཐུན་སྒོས་དབྱེ་དགོས།  རིམ་པ་བཀར་ནས་འགན་འཁུར་བ་དང་དོ་དམ་བྱེད་པའི་རྩ་དོན་ལྟར། ཆུ་འདྲེན་ཁུལ་ཆེ་འབྲིང་གི་རྐང་འཛིན་ལས་གྲྭའི་ཞིང་ལས་ཀྱི་ཆུ་རིན་དེ་རྩ་དོན་ཐོག་སྲིད་གཞུང་གིས་གཏན་ལ་ཕབ་པ་དང།  ཆ་རྐྱེན་འཛོམས་པ་དག་གིས་མཁོ་འདོན་ཕྱོགས་གཉིས་ཀ་འདྲ་མཉམ་རང་འཐད་ཡིན་པའི་རྨང་གཞིའི་སྟེང་དུ་ཆུ་གྲོན་ཆུང་ལ་ཕན་པ་དང་། ལས་གྲྭ་འཁོར་རྒྱུག་བཟང་བོ་དང་ཞིང་ལས་ཐོན་སྐྱེད་གོང་དུ་འཕེལ་བར་འགན་སྲུང་བྱེད་པའི་རྩ་དོན་ལྟར་གྲོས་མོལ་བྱས་ནས་རིན་གོང་གཏན་ཁེལ་བྱས་ཆོག ཆུ་འདྲེན་ཁུལ་གྱི་མཇུག་མཐའི་ཡུར་བ་ཆེ་འབྲིང་དང་འདྲེན་ཁུལ་ཆུང་བར་སྲིད་གཞུང་གིས་རིན་གོང་གཏན་ཁེལ་བྱེད་པ་དང་།  གྲོས་མོལ་བྱས་ནས་གཏན་ཁེལ་བྱས་ཀྱང་ཆོག བྱེ་བྲག་ཏུ་ས་གནས་སོ་སོས་རང་གིས་གཏན་ཁེལ་བྱ་དགོས།  སྤྱི་ཚོགས་ཀྱི་མ་དངུལ་བཏང་སྟེ་སྐྲུན་པའི་ལས་གྲྭར་གྲོས་མོལ་བྱས་ཏེ་རིན་གོང་གཏན་ཁེལ་བྱ་དགོས།  སྲིད་གཞུང་གིས་རིན་གོང་གཏན་ཁེལ་བྱས་པ་དག་ལ་དོན་གཅོད་དབང་ཆ་ལྟར་བགོ་བ་དང་རིམ་པ་བགོས་ནས་དོ་དམ་བྱ་དགོས།  གྲོས་མོལ་བྱས་ནས་རིན་གོང་གཏན་ཁེལ་བྱས་པ་དག་རིན་གོང་སྡེ་ཁག་ལ་ཞུས་ནས་སྙན་སེང་ཐོ་འགོད་བྱ་དགོས།  

(བཅུ་གཉིས།) ཞིང་ལས་ཐད་ཆུ་འདོན་སྤྲོད་ཀྱི་རིན་གོང་ཚན་རིག་ལྟར་ཐག་གཅད་དགོས།  ཆུའི་ཐོན་ཁུངས་དཀོན་ཚད་དང་ཆུ་སྤྱོད་མཁན་གྱི་ཐེག་ནུས་སོགས་ལ་ཕྱོགས་བསྡུས་ཀྱིས་བསམ་བློ་བཏང་ནས།  ཞིང་ལས་ཐད་སྤྱོད་པའི་ཆུའི་རིན་གོང་ལུགས་མཐུན་སྒོས་གཏན་ཁེལ་བྱ་དགོས།  ཆུ་འདྲེན་ཁུལ་ཆེ་འབྲིང་གི་ཞིང་ལས་ཐད་སྤྱོད་པའི་ཆུ་ལ“རྐང་འཛིན་ལས་གྲྭའི་ཆུ་རིན+མཇུག་མཐའི་ཡུར་བའི་ཆུ་རིན”གྱི་མཐའ་སྣེའི་ཆུ་རིན་གྱི་ལམ་ལུགས་ལག་བསྟར་བྱ་དགོས།  རྐང་འཛིན་ལས་གྲྭའི་ཆུ་རིན་དེ་ཆུ་འདོན་སྤྲོད་འཁོར་སྐྱོད་ལ་སྲུང་སྐྱོང་གི་མ་གནས་ཀྱི་ཁ་གསབ་པའི་རྩ་དོན་ལྟར་ཞིབ་བཤེར་གཏན་འབེབ་དང་།  མཇུག་མཐའི་ཡུར་བའི་ཆུ་རིན་དེ་ཆུ་ཡུར་སྲུང་སྐྱོང་གི་དོ་དམ་འགྲོ་སྒོར་ཁ་གསབ་པའི་རྩ་དོན་ལྟར་ཞིབ་བཤེར་གཏན་འབེབ་བྱ་དགོས།  ཆུ་འདྲེན་ཁུལ་ཆུང་གྲས་དང་དམངས་གཉེར་ལས་གྲྭར་འདོན་སྤྲོད་ཀྱི་ཆུ་རིན་དེ་ལས་གྲྭ་འཁོར་སྐྱོད་ལ་ཕན་པའི་རྩ་དོན་ལྟར།  ཆུ་འདོན་མཁན་དང་སྤྱོད་མཁན་ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་ནས་ཐག་གཅད་དགོས།  དེ་དང་ཆབས་ཅིག་ཏུ་ས་གནས་སོ་སོའི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཆུ་ཚད་གཞིར་བཟུང་ནས་གོམ་ཆུང་མྱུར་འགྲོ་དང་རིམ་གྱིས་ཇེ་མཐོར་གཏོང་བའི་རྩ་དོན་ལྟར་དུས་དང་བསྟུན་ནས་ཆུ་རིན་སྙོམ་སྒྲིག་བྱ་དགོས།  

(བཅུ་གསུམ།)རིགས་དབྱེ་བའི་ཆུ་རིན་འཚོལ་ཞིབ་སྒོས་ལག་བསྟར་བྱ་དགོས།  འབྲུ་རིགས་ལོ་ཏོག་དང་དཔལ་འབྱོར་ལོ་ཏོག གསོ་སྤེལ་ལས་རིགས་སོགས་ཆུ་སྤྱོད་པའི་རིགས་མི་འདྲ་བ་སོ་སོར་བཀར་ནས་མཐའ་སྣེའི་ཆུ་སྤྱོད་པའི་རིན་གོང་ལག་བསྟར་བྱ་དགོས།  གྲོ་དང་ནས།  ཞོག་ཁོག རྒྱ་སྲན།  མ་རྨོས་ལོ་ཏོག་དང་སྣུམ་ཚལ་སོགས་འབྲུ་སྣུམ་ལོ་ཏོག་ཐད་ཆུ་སྤྱོད་པའི་རིན་གོང་དེ་འཁོར་སྐྱོད་སྲུང་སྐྱོང་གི་མ་གནས་ཁ་གསབ་པའི་ཆུ་ཚད་དུ་བསླེབ་པ་དང་།  སྔོ་ཚོད་དང་མེ་ཏོག་སོགས་སྤྱིར་བཏང་གི་དཔལ་འབྱོར་ལོ་ཏོག་ཐད་ཆུ་སྤྱོད་པའི་རིན་གོང་དེ་མ་གནས་ཡོངས་ལ་ཁ་གསབ་པའི་ཆུ་ཚད་དུ་བསླེབ་དགོས་ཤིང་།  འཕང་འབྲས་དང་ནགས་སིལ་ལས་རིགས་སོགས་ཟུར་བསྣན་རིན་ཐང་ཆེ་བའི་དཔལ་འབྱོར་ལོ་ཏོག་ཐད་ཆུ་སྤྱོད་པའི་རིན་གོང་དེ་ཁེ་འབབ་ངེས་ཅན་ཞིག་ཐོབ་པའི་ཆུ་ཚད་དུ་བསླེབ་པ་དང་།  ཆུ་ཐོན་དངོས་རིགས་གསོ་སྤེལ་ཐད་ཆུ་སྤྱོད་པ་ལ་ཉ་ལས་ཐད་ཆུ་སྤྱོད་པའི་བཅད་གྲངས་ལྟར་ཆུ་རིན་བསྡུ་དགོས།  ཞིང་ལས་ཐད་ས་འོག་གི་ཆུ་སྤྱོད་པའི་རིན་གོང་དེ་རྩ་དོན་ཐོག་ས་དེ་གའམ་ཉེ་འཁོར་ས་ཁུལ་གྱི་རིགས་འདྲའི་ས་ངོས་ཆུའི་རིན་གོང་ལས་མཐོ་དགོས་པ་དང་།  ས་འོག་གི་ཆུ་ཚད་ལས་བརྒལ་ནས་དླངས་པའི་ས་ཁུལ་གྱིས་ཆུ་རིན་བཀན་རྒྱུག་གི་ནུས་པ་སྤྱད་ནས།  ས་འོག་གི་ཆུ་སྔོག་འདོན་དང་ཁ་གསབ་གཉིས་དོ་མཉམ་དང་སྐྱེ་ཁམས་ལེགས་བཅོས་བྱ་བར་སྐུལ་འདེད་གཏང་དགོས།  

(བཅུ་བཞི།)གདང་རིམ་བཀར་པའི་ཆུ་རིན་རིམ་གྱིས་ཁྱབ་སྤེལ་བྱ་དགོས།  ཞིང་ལས་ཐད་ཆུ་སྤྱོད་པར་བཅད་གྲངས་ལྟར་དོ་དམ་དང་བཅད་གྲངས་ལས་བརྒལ་བར་རིམ་སྤར་གྱི་རིན་གོང་སྣོན་པའི་ལམ་ལུགས་ལག་བསྟར་བྱེད་པ་དང་།  བཅད་གྲངས་ཀྱི་ནང་གི་ཆུ་སྤྱད་པར་རྩ་དོན་ཐོག་ཏུ་ལས་གྲྭ་འཁོར་སྐྱོད་སྲུང་སྐྱོང་མ་གནས་དང་དཔེ་བསྡུར་བྱས་ཏེ་ཁེ་སྦྱིན་ཆུ་རིན་ལག་བསྟར་བྱ་དགོས།  བཅད་གྲངས་ལས་བརྒལ་ནས་ཆུ་སྤྱོད་པར་རིམ་ལྡན་ཆུ་རིན་ལག་བསྟར་བྱ་དགོས།  ས་གནས་སོ་སོས་རང་ས་ཁུལ་གྱི་ཞིང་ལས་འདེབས་འཛུགས་སྒྲིག་གཞི་དང་ཆུའི་ཐོན་ཁུངས་ཀྱི་གནས་ཚུལ། ཆུ་དྲངས་པའི་གནས་ཚུལ་བཅས་གཞིར་བཟུང་ནས།  ཆུ་གྲོན་ཆུང་གི་སྦས་ཤུགས་དང་ཐེག་ནུས།  དོ་དམ་དགོས་མཁོ་དང་བཀོད་སྤྱོད་ཐུབ་པའི་རང་བཞིན་སོགས་ལ་ཕྱོགས་སྒོས་བསམ་བློ་བཏང་སྟེ།  གྲངས་བཅད་ལས་བརྒལ་བའི་ཆུའི་ཚད་ཀྱི་རིམ་པ་དང་རིམ་བསགས་ཀྱིས་རིན་གོང་སྣོན་པའི་ཚད་ལུགས་མཐུན་གྱིས་གཏན་ཁེལ་བྱ་དགོས་ལ།  དཔལ་འབྱོར་ལོ་ཏོག་དང་ཆུ་ཟད་གྲོན་ཆེ་བའི་ལོ་ཏོག་ལ་སྤྱོད་པའི་ཆུ་རིན་ཁ་སྣོན་པའི་ཚད་དེ་སྤྱིར་བཏང་གི་འབྲུ་རིགས་ལོ་ཏོག་ལས་མཐོ་དགོས།  

བཞི།  ཞིང་ལས་ཐད་ཆུ་སྤྱད་པ་གནད་ལ་ཁེལ་པར་ཁ་གསབ་རོགས་དངུལ་དང་ཆུ་གྲོན་ཆུང་བྱས་པར་བྱ་དགའ་སྟེར་བའི་རྐྱེན་སྲོལ་གཟུག་དགོས།  

(བཅོ་ལྔ།)ཞིང་ལས་ཐད་ཆུ་སྤྱད་པ་གནད་ལ་ཁེལ་པར་ཁ་གསབ་རོགས་དངུལ་སྟེར་བའི་རྐྱེན་སྲོལ་གཟུག་དགོས།  ཞིང་ལས་ཐད་ཆུ་སྤྱད་པ་གནད་ལ་ཁེལ་པར་ཁ་གསབ་རོགས་དངུལ་སྟེར་ཡུལ་ནི་ཞིང་པའི་ཆུ་སྤྱོད་མཉམ་ལས་རྩ་འཛུགས་དང་ཞིང་ལས་ཀྱི་ཆུ་སྤྱོད་མཁན་ཡིན།  ཁ་གསབ་རོགས་དངུལ་སྟེར་བའི་ཚད་གཞི་དེ་ས་གནས་སོ་སོའི་ད་ལྟ་ལག་བསྟར་བྱེད་པཞིན་པའི་ཆུ་རིན་དང་འཁོར་སྐྱོད་མ་གནས་སྲུང་སྐྱོང་གི་ཆུ་རིན་ནམ་སྤྱོད་མཁན་གྱི་ཐེག་ནུས་བར་གྱི་ཁྱད་གྲངས་ལྟར་གཏན་ཁེལ་བྱ་དགོས(གནད་ཁེལ་གསབ་དངུལ=འཁོར་སྐྱོད་མ་གནས་སྲུང་སྐྱོང་གི་ཆུ་རིན+ད་ལྟ་ལག་བསྟར་བྱེད་བཞིན་པའི་ཆུ་རིན)།  བྱེ་བྲག་གི་ཁ་གསབ་རོགས་དངུལ་སྟེར་ཐབས་དང་ལྷུ་ཚིགས།  ཚད་གཞི། གོ་རིམ། མ་དངུལ་བེད་སྤྱོད་དོ་དམ་སོགས་ས་གནས་སོ་སོས་རང་གིས་གཏན་ཁེལ་བྱ་དགོས།  ལོ་རེའི་ཆུ་འདྲེན་པའི་དུས་ཡུན་མཇུག་རྫོགས་རྗེས་རྫོང་རིམ་པའི་ཆུ་དོན་སྲིད་འཛིན་གཙོ་གཉེར་སྡེ་ཁག་དང་ཆུའི་ཐོན་ཁུངས་དོ་དམ་སྡེ་ཚན།  ཆུ་སྤྱོད་མཉམ་ལས་རྩ་འཛུགས(སྡེ་དམངས་ཨུ་ཡོན་ལྷན་ཁང)།  ཆུ་སྤྱོད་མཁན་བཅས་ཀྱིས་མཉམ་དུ་ཞིབ་དཔྱད་དང་ངོས་ལེན་བྱེད་པ་མ་ཟད།  བསྒྲགས་ཡིག་སྦྱར་ནས་ཁྱབ་སྒྲོག་བྱས་ཏེ་ལྟ་སྐུལ་དང་ལེན་བྱ་དགོས།  

(བཅུ་དྲུག)ཞིང་ལས་ཐད་ཆུ་གྲོན་ཆུང་བྱས་པར་བྱ་དགའ་སྟེར་བའི་རྐྱེན་སྲོལ་གཟུག་དགོས།  ལས་གྲྭ་སྐྲུན་སྐབས་ཆུ་གྲོན་ཆུང་དང་ཞིང་ལས་བཟོ་རྩལ་ཐད་ནས་ཆུ་གྲོན་ཆུང་བྱེད་པ་དང།  འདེབས་འཛུགས་སྒྲིག་གཞི་ལེགས་སྒྲིག་སོགས་བྱེད་སྟངས་སྤྱད་ནས་ཆུ་གྲོན་ཆུང་བྱས་པའི་གཞི་ཁྱོན་ལྡན་པར་བདག་གཉེར་བྱེད་མཁན་དང་། ཆུ་སྤྱོད་མཁན་ཞིང་པ་ཁྱིམ་ཚང་མཉམ་ལས་རྩ་འཛུགས།  ཞིང་ལས་ཐད་ཆུ་སྤྱོད་མཁན་དག་ལ་ཆུ་གྲོན་ཆུང་བྱས་ཚད་ལྟར་བྱ་དགའ་སྟེར་དགོས།  བྱ་དགའི་ཚད་གཞི་དེ་ཆུ་སྤྱོད་པའི་བཅད་གྲངས་ཀྱི་ཚད་དང་དངོས་སུ་ཆུ་སྤྱད་པའི་ཚད་བར་གྱི་ཆུ་གྲོན་ཆུང་གི་ཚད་དང་ཆུ་གྲོན་ཆུང་གི་ཚད་གཞི།  འཁོར་སྐྱོད་སྲུང་སྐྱོང་མ་གནས་ཀྱི་ཆུ་རིན་ལྟར་བརྩིས་ནས་གཏན་ཁེལ་བྱ་དགོས(ཆུ་གྲོན་ཆུང་བྱས་པའི་བྱ་དགའ=འཁོར་སྐྱོད་སྲུང་སྐྱོང་མ་གནས་ཀྱི་ཆུ་རིན)བཅད་གྲངས་ནང་དངོས་སུ་ཆུ་གྲོན་ཆུང་གི་ཚད(60%)།  བྱེ་བྲག་གི་བྱ་དགའ་སྟེར་ཐབས་དང་ལྷུ་ཚིགས།  གོ་རིམ་དང་མ་དངུལ་བཀོལ་སྤྱོད་དོ་དམ་སོགས་ཀྱི་བྱ་བ་ས་གནས་སོ་སོས་རང་གིས་གཏན་འཁེལ་བྱ་དགོས།  ལོ་རེའི་ཆུ་འདྲེན་པའི་དུས་ཡུན་མཇུག་རྫོགས་རྗེས་རྫོང་རིམ་པའི་ཆུ་དོན་སྲིད་འཛིན་གཙོ་གཉེར་སྡེ་ཁག་དང་ཆུའི་ཐོན་ཁུངས་དོ་དམ་ལས་ཁུངས།  ཆུ་སྤྱོད་པའི་མཉམ་ལས་རྩ་འཛུགས(སྡེ་དམངས་ཨུ་ཡོན་ལྷན་ཁང)།  ཆུ་སྤྱོད་མཁན་བཅས་ཀྱིས་མཉམ་དུ་ཞིབ་དཔྱད་དང་ངོས་ལེན་བྱེད་པ་མ་ཟད།  བསྒྲགས་ཡིག་སྦྱར་ནས་ཁྱབ་སྒྲོག་བྱས་ཏེ་ལྟ་སྐུལ་དང་ལེན་བྱ་དགོས།  

ལྔ།  གཏན་འཇགས་སྣ་མང་གི་མ་དངུལ་གཏོང་འཇོག་བྱེད་སྲོལ་གཟུག་དགོས།  

(བཅུ་བདུན།)ཞིང་ལས་ཀྱིི་ཆུ་རིན་བཅོས་སྒྱུར་ཐད་གཏང་བྱའི་མ་དངུལ་རིམ་པ་མང་པོ་ནས་གྲབས་གསོག་བྱ་དགོས། རིམ་པ་སོ་སོའི་གོང་སྤེལ་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་།  ནོར་སྲིད།  ཆུ་བེད། ཞིང་ཕྱུགས་བཅས་སྡེ་ཁག་གིས་ཞིང་ལས་ཀྱི་ཆུ་རིན་ཕྱོགས་བསྡུས་བཅོས་སྒྱུར་བྱ་བར་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་།  ཞིང་ཁའི་ཆུ་བེད་ལས་གྲྭའི་སྒྲིག་བཀོད་དང་ཚད་གཞི་མཐོ་བའི་ས་ཞིང་།  ས་ཞིང་ཕྱོགས་བསྡུས་བཅོས་སྒྲིག འདྲེན་ཁུལ་གསར་སྐྲུན་དང་མཐུད་སྐྲུན་སྡེབ་སྒྲིག ཆུ་གྲོན་ཆུང་དུ་སྒྱུར་བཀོད།  ཕན་ནུས་ཆེ་ཞིང་གྲོན་ཆུང་སྒོས་ཆུ་འདྲེན་པའི་ལས་གཞི་བཅས་མྱུར་དུ་སྐྲུན་པ་དང་།  ཆུ་རིན་ཕྱོགས་བསྡུས་སྒོས་བཅོས་སྒྱུར་གྱི་འབྲེལ་ཡོད་མ་དངུལ་དུས་མཉམ་དུ་བཀོད་སྒྲིག་དང་དུས་མཉམ་ལག་བསྟར།  དུས་མཉམ་ཞིབ་བཤེར་རྩིས་ལེན་བྱ་དགོས།  དེ་དང་ཆབས་ཅིག་ཏུ་ས་གནས་སོ་སོས་མ་དངུལ་གྱི་སྒྲིག་གཞི་ལེགས་སྒྱུར་ཏན་ཏིག་བྱེད་པ་དང་།  ཐབས་ལམ་མང་པོ་བཀོལ་ནས་མ་དངུལ་གྲབས་གསོག་བྱས་ཏེ།  ཞིང་ཆེན་རིམ་པས་ཁག་བགོས་ནས་གཤམ་སྤྲོད་བྱེད་པའི་ཆུ་བེད་གོང་སྤེལ་མ་དངུལ་དང་བཅད་གྲངས་ལས་བརྒལ་བར་རིམ་བསགས་ཀྱིས་རིན་གོང་སྤར་བའི་ཆུ་རིན་བགོས་སྐལ།  སྤྱི་ཚོགས་ཞལ་འདེབས་སོགས་མ་དངུལ་ནང་ནས་ཞིང་ལས་ཀྱི་ཆུ་རིན་ཕྱོགས་བསྡུས་སྒོས་བཅོས་སྒྱུར་བྱ་བར་གཅིག་གྱུར་གྱིས་བཀོད་སྒྲིག་བྱ་དགོས།  

(བཅོ་བརྒྱད།)ཞིང་ཁའི་ཆུ་བེད་འཛུགས་སྐྲུན་ཐད་མ་དངུལ་གཏོང་འཇོག་དང་རྒྱུན་འཁོར་གྱི་རྐྱེན་སྲོལ་བཅོས་སྒྱུར་བྱ་དགོས།  ནོར་སྲིད་ཀྱི་མ་དངུལ་འཇོག་པ་གཙོར་འཛིན་པ་དང་།  སྤྱི་ཚོགས་ཀྱི་མ་དངུལ་དང་དངུལ་རྩའི་མ་དངུལ་ཁ་གསབ་ཏུ་འཇོག་པའི་ཐབས་ལམ་མང་བའི་ཞིང་ཁའི་ཆུ་བེད་ཐད་མ་དངུལ་འཇོག་པའི་རྐྱེན་སྲོལ་མྱུར་ཏུ་གཟུག་དགོས།  སྤྱི་ཚོགས་མ་དངུལ་དེ་ཞིང་ཁའི་ཆུ་བེད་ལས་གྲྭ་འཛུགས་སྐྲུན་དང་ལས་གཉེར་ཐད་ཞུགས་པར་སྐུལ་མ་དང་ཁྲིད་སྟོན་བྱེད་པ་དང།  སྤྱི་ཚོགས་སྟོབས་ཤུགས་ཀྱིས་ཞིང་སར་ཆུ་འདྲེན་པར་ཞབས་ཕྱི་འདོན་སྤྲོད་དང་ཆུ་རིན་བསྡུ་ལེན་སོགས་བྱེད་སྟངས་སྤྱད་ནས། ཞིང་ཁའི་ཆུ་བེད་ལས་གྲྭ་འཛུགས་སྐྲུན་དང་དོ་དམ་བྱ་བར་རྒྱབ་སྐྱོར་བྱས་ནས།  དེའི་ཁྲིམས་མཐུན་གྱི་ལས་གཉེར་ཁེཕན་འགན་སྲུང་བྱ་དགོས།  དངུལ་རྩའི་ལས་ཁུངས་ཀྱིས་ཞིང་ཁའི་ཆུ་བེད་ལས་གྲྭའི་ལས་གཞི་ཁྱད་ཆོས་དང་མཐུན་པའི་དངུལ་རྩའི་ཐོན་རྫས་དང་ཞབས་ཕྱི་སྒྲུབ་ཐབས་ཕྱིར་འདོན་པ་དང།  ཞིང་ཁའི་ཆུ་བེད་ལས་གྲྭ་འཛུགས་སྐྲུན་ཐད་ཡིད་རྟོན་དངུལ་བུན་གྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་བར་ཁྲིད་སྟོན་བྱ་དགོས།   ཆུ་བེད་ལས་གྲྭ་ཆུང་གྲས་སྐྲུན་དུས་གསབ་དངུལ་གྱི་ཚབ་ཏུ་བྱ་དགའ་སྟེར་བ་དང་སྔོན་ལ་བསྐྲུན་ཏེ་རྗེས་སུ་གསབ་དངུལ་སྟེར་བ།  དམངས་ཀྱིས་སྒྲུབ་པ་དང་གཞུང་ཕྱོགས་ཀྱིས་རོགས་འདེགས་སོགས་བྱེད་ཐབས་ཧུར་ཐག་གིས་ཁྱབ་སྤེལ་བྱས་ནས།  ཞིང་པ་དང་གསར་བྱུང་གི་ཞིང་ལས་གཉེར་མཁན་སོགས་ཀྱི་ཞིང་ཁའི་ཆུ་བེད་འཛུགས་སྐྲུན་གྱི་བརྩོན་སེམས་སྐུལ་སློང་བྱ་དགོས།  

དྲུག འགན་སྲུང་བྱེད་ཐབས།  

(བཅུ་དགུ།)རྩ་འཛུགས་མགོ་ཁྲིད་བྱ་བར་ཤུགས་བསྣན་པ་དང་བྱ་བའི་འགན་འཁྲི་དངོས་འབེབས་བྱ་དགོས།  ཞིང་ཆེན་སྲིད་གཞུང་གིས་ལས་བགོས་འགན་གཉེར་བྱེད་པའི་ཧྲིན་ཀྲང་གཞོན་པ་ཚན་གཙོ་དང་། གོང་སྤེལ་བཅོས་སྒྱུར་དང་ནོར་སྲིད།  ཆུ་བེད།  ཞིང་ཕྱུགས་སོགས་འབྲེལ་ཡོད་སྡེ་ཁག་ནི་ཁོངས་ཞུགས་སྡེ་ཚན་ཡིན་པའི་ཞིང་ལས་ཀྱི་ཆུ་རིན་ཕྱོགས་བསྡུས་བཅོས་སྒྱུར་ཀྱི་མགོ་ཁྲིད་ཚན་ཆུང་བཙུགས་ཏེ།  བཅོས་སྒྱུར་འཆར་གཞི་གཏན་ལ་འབེབས་པ་དང་བྱ་བའི་ལས་འགན་གསལ་བོར་བྱེད་པ།  འགན་འཁྲིའི་དམིགས་འབེན་དོན་འཁྱོལ་བྱས་ཐོག དཔྱད་ཞིབ་བྱ་བར་ལྟ་སྐུལ་ནན་མོ་བྱེད་པ་དང་།  འབུར་ཐོན་གྱི་གནད་དོན་ཐག་བཅད་ནས།  ཞིང་ལས་ཀྱི་ཆུ་རིན་ཕྱོགས་བསྡུས་སྒོས་བཅོས་སྒྱུར་བྱ་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏང་དགོས།  ཁུལ(གྲོང་ཁྱེར)དང་རྫོང(གྲོང་ཁྱེར)སོ་སོའི་སྲིད་གཞུང་ནི་ཞིང་ལས་ཀྱི་ཆུ་རིན་ཕྱོགས་བསྡུས་སྒོས་བཅོས་སྒྱུར་བྱ་བའི་འགན་འཁྲི་འཁུར་མཁན་གཙོ་བོ་དང་ལག་བསྟར་བྱེད་མཁན་གཙོ་བོ་ཡིན་ལ།  དེར་མཐུན་གྱི་བཅོས་སྒྱུར་མགོ་ཁྲིད་ཚན་ཆུང་འཛུགས་པ་དང་བྱེ་བྲག་གི་བྱ་བའི་འཆར་གཞི་གཏན་ལ་འབེབ་པ།  ལོ་འཁོར་གྱི་བཅོས་སྒྱུར་དམིགས་འབེན་དང་འགན་ཁུར་ཇེ་ཞིབ་ཏུ་བཏང་སྟེ།  བཅོས་སྒྱུར་བྱེད་ཐབས་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱ་དགོས།  

(ཉི་ཤུ།) སྡེ་ཁག་གི་ལས་བགོས་གསལ་བོར་བྱེད་པ་དང་།  བཅོས་སྒྱུར་བྱ་བར་མཉམ་དུ་སྐུལ་འདེད་གཏང་དགོས།  གོང་སྤེལ་བཅོས་སྒྱུར་སྡེ་ཁག་གིས་ཞིང་ལས་ཀྱི་ཆུ་རིན་བཤེར་འབེབས་དང་ཆུ་རིན་གྱི་མ་གནས་ལ་ལྟ་བཤེར། བཅད་གྲངས་ལས་བརྒལ་བར་རིམ་བསགས་ཀྱིས་རིན་གོང་སྤར་བ་དང་རིགས་དབྱེ་བའི་ཆུ་རིན་གཏན་འབེབས་བྱས་ཐོག ཆུ་རིན་ལག་ཏུ་བསྟར་བར་ལྟ་སྐུལ་གྱི་འགན་འཁྲི་འཁུར་དགོས།  ནོར་སྲིད་སྡེ་ཁག་གིས་གནད་ལ་ཁེལ་བར་ཁ་གསབ་རོགས་དངུལ་དང་ཆུ་གྲོན་ཆུང་བྱས་པར་བྱ་དགའ་སྟེར་བའི་རྐྱེན་སྲོལ་གཟུག་པར་མཛུབ་སྟོན་དང་།  བྱ་དགའ་དང་ཁ་གསབ་ཀྱི་མ་དངུལ་དོན་འཁྱོལ་བྱེད་པ།  མ་དངུལ་སྤྱོད་པར་ལྟ་སྐུལ་དང་གྲུབ་འབྲས་དང་ཕན་ནུས་ལ་གདེང་འཇོག་བཅས་བྱེད་པའི་འགན་འཁུར་དགོས།  ཆུ་བེད་སྡེ་ཁག་གིས་ཞིང་ཁའི་ཆུ་བེད་ལས་གྲྭ་འཛུགས་སྐྲུན་དང་ཚད་འཇལ་སྒྲིག་བཀོད་ཆ་འགྲིག་པར་སྒྱུར་བཀོད།  ལས་གྲྭའི་ཐོན་དབང་དབྱེ་འབྱེད།  ཞིང་ལས་ཀྱི་ཆུའི་ཐོན་ཁུངས་སྤྱོད་དབང་བགོ་བ།  ཞིང་ལས་ཐད་ཆུ་འདོན་གྱི་མ་གནས་ཞིབ་རྩིས།  ཞིང་ཁའི་ཆུ་བེད་སྒྲིག་བཀོད་བཀོལ་སྤྱོད་དང་བདག་སྐྱོང།  ཞིང་པ་ཆུ་སྤྱོད་མཁན་གསོ་སྦྱོང་སོགས་བྱ་བའི་འགན་འཁུར་དགོས།  ཞིང་ཕྱུགས་སྡེ་ཁག་གིས་འདེབས་འཛུགས་སྒྲིག་གཞི་ལེགས་སྒྲིག་དང་ཞིང་ལས་ལག་རྩལ་ཐད་ཆུ་གྲོན་ཆུང་བྱེད་ཐབས་ཁྱབ་གདལ་གཏོང་བ་དང་།  ཞིང་ལས་ཐད་གསབ་དངུལ་གྱིས་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བའི་འགན་འཁུར་དགོས།  བཟོ་ཚོང་དང་དམངས་སྲིད་སྡེ་ཁག་གིས་ཞིང་པའི་ཆུ་སྤྱོད་མཉམ་ལས་རྩ་འཛུགས་ལ་ཁྲིམས་སྲོལ་ལྟར་བྱེད་སྒོ་སྤེལ་བར་མཛུབ་སྟོན་གྱི་འགན་འཁུར་དགོས།  

(ཉེར་གཅིག)ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་དཔྱད་ཞིབ་བྱ་བར་ལྟ་སྐུལ་ནན་མོ་བྱ་དགོས།  ཞིང་ལས་ཀྱི་ཆུའི་ཐོན་ཁུངས་སྤྱོད་དབང་ཉོ་ཚོང་གི་རྐྱེན་སྲོལ་དང་ཞིང་ཁའི་ཆུ་བེད་ལས་གྲྭའི་ཐོན་དབང་ལམ་ལུགས།  ཞིང་ལས་ཐད་ཆུ་སྤྱོད་པར་གནད་ཁེལ་གྱིས་རོགས་དངུལ་སྟེར་བ་དང་། ཆུ་གྲོན་ཆུང་བྱས་པར་བྱ་དགའ་སྟེར་བ་སོགས་འབྲེལ་ཡོད་ལམ་ལུགས་བཙུགས་ཐོག་འཐུས་ཚང་དུ་གབཏང་ནས།  ཞིང་ལས་ཀྱི་ཆུ་རིན་ཕྱོགས་བསྡུས་སྒོས་བཅོས་སྒྱུར་བྱ་བར་བཅའ་ཁྲིམས་དང་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱ་དགོས།  ཞིང་ལས་ཀྱི་ཆུ་རིན་ཕྱོགས་བསྡུས་སྒོས་བཅོས་སྒྱུར་བྱ་བར་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཐད་ཤུགས་བསྣན་པ་མ་ཟད།  གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་གི་བྱས་རྗེས་དང་ལས་ཕྱོད་ལ་ཞིབ་དཔྱད་གདེང་འཇོག་གི་ནང་དོན་གལ་ཆེན་དུ་འཇོག་དགོས།  ཁྲལ་སེལ་སླ་བཅོས་དང་ཁག་དཀྲི་ནར་འགྱངས་གཏོང་བ།  ལན་བརྒྱར་སྐུལ་ཀྱང་མི་འགུལ་པ།  མཐོང་ཆེན་མི་བྱེད་པ།  ཞིབ་འཇུག་ཉུང་བ་དང་ལག་བསྟར་བྱེད་ཤུགས་མི་འདང་བ་བཅས་ཀྱི་གནས་ཚུལ་ལྡན་པར་འགན་འཁྲི་རྩད་གཅོད་བྱ་དགོས།  

(ཉེར་གཉིས།)དྲིལ་སྒྲོག་དང་ཁྲིད་སྟོན་ལེགས་པོར་བྱེད་པ་དང་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏང་དགོས།  ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་དངོས་གནས་ཞིང་ལས་ཀྱི་ཆུ་རིན་ཕྱོགས་བསྡུས་སྒོས་བཅོས་སྒྱུར་སྐོར་གྱི་སྲིད་ཇུས་གསེད་འགྲེལ་ལེགས་པོ་བྱས་ནས།  གླེང་ཕྱོགས་ཀྱིས་ཁྲིད་སྟོན་བྱ་བར་ཤུགས་སྣོན་པ་དང།  ཆུའི་གནས་ཚུལ་གྱི་སློབ་གསོ་གཏོང་ཤུགས་ཇེ་ཆེར་བཏང་ཐོག  ཞིང་པ་ལ་ཆུ་གྲོན་ཆུང་གི་ལྟ་བ་བཅང་པ་དང་།  ཆུ་གྲོན་ཆུང་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ།  སྐྱིན་ཚབ་བྱིན་ནས་ཆུ་བཀོལ་སྤྱོད་ཀྱི་འདུ་ཤེས་དང་ཆུ་གྲོན་ཆུང་སྒོས་བཀོལ་པའི་འདུ་ཤེས་ཇེ་དྲག་ཏུ་གཏང་བར་ཁྲིད་སྟོན་བྱས་ཏེ། ས་གནས་སོ་སོའི་བཅོས་སྒྱུར་གྱི་ཉམས་མྱོང་བཟང་བོ་དང་སྒྲུབ་ཐབས་བཟང་བོ་དུས་ཐོག་ཏུ་སྤྱི་བསྡོམས་དང་ཁྱབ་གདལ་བཏང་ནས།  བཅོས་སྒྱུར་ཀྱི་སྐུལཁྲིད་ནུས་པ་དང་ཤུགས་རྐྱེན་ཆེ་རུ་བཏང་ནས།  ཞིང་ལས་ཀྱི་ཆུ་རིན་ཕྱོགས་བསྡུས་སྒོས་བཅོས་སྒྱུར་བྱ་བར་སྐུལ་འདེད་གཏང་བར་སྤྱི་ཚོགས་ཁོར་ཡུག་བཟང་བོ་ཞིག་བསྐྲུན་དགོས།  ཞིང་ལས་ཐད་ཆུ་གྲོན་ཆུང་གི་དཔེ་སྟོན་དང་ལག་རྩལ་གསོ་སྦྱོང་རིགས་སྣ་ཚོགས་ཧུར་ཐག་ཏུ་སྤེལ་ནས།  གཞི་རིམ་གྱི་དོ་དམ་ཆུ་ཚད་དང་ཞིང་པས་ཚན་རིག་དང་མཐུན་པར་ཆུ་སྤྱོད་པའི་ལག་རྩལ་ཆུ་ཚད་ཇེ་མཐོར་གཏང་དགོས།  

འཆར་གཞི་འདི་དཔར་འགྲེམ་བྱས་ཉིན་ནས་བཟུང་ལག་བསྟར་བྱ་དགོས།