མཚོ་སྔོན་དགེ་ཐོན་སློབ་ཆེན་ཞིབ་འཇུག་སློབ་གླིང་གི་སྒོ་བྱང་བཀལ་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཉེ་སྔོན།  རང་ཞིང་གིས་མཚོ་སྔོན་དགེ་ཐོན་སློབ་ཆེན་ཞིབ་འཇུག་སློབ་གླིང་བཙུགས་པའི་ཚོགས་ཆེན་བསྡུས་པ་མ་ཟད་སྒོ་བྱང་བཀལ།   དགེ་ཐོན་སློབ་ཆེན་ཞིབ་འཇུག་སློབ་གླིང་གི་སྒོ་བྱང་བཀལ་རྗེས།  ཞིབ་འཇུག་སློབ་མའི་སློབ་གསོའི་སྤུས་ཚད་འདུ་ཤེས་སྲ་བརྟན་གྱིས་འཛུགས་པ་དང་ཞིབ་འཇུག་སློབ་མ་གསོ་སྐྱོང་གི་མ་དཔེ་མུ་མཐུད་དུ་གཏིང་ཟབ་ཀྱིས་བཅོས་བསྒྱུར།   བསླབ་ཚན་རྩེ་གྲས་འཛུགས་སྐྲུན་ཤུགས་ཆེན་པོས་ཇེ་དྲག་ཏུ་གཏོང་བ་དང་སྤུས་མཐོའི་མཛུབ་སྟོན་དགེ་རྒན་གྱི་དཔུང་སྡེ་ཧུར་བརྩོན་གྱིས་འཛུགས་སྐྲུན་བྱེད་པ།   ཞིབ་འཇུག་སློབ་མའི་སློབ་སྲོལ་འཛུགས་སྐྲུན་ཏན་ཏིག་གིས་དམ་འཛིན་བྱས་ཏེ་རང་ཞིང་གི་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་དང་ཐོན་ལས་བཅོས་བསྒྱུར་རིམ་འཕར་གྱི་དགོས་མཁོ།   གསར་སྐྲུན་སྐུལ་ཁྲིད་འཐབ་ཇུས་ལག་བསྟར་གྱི་དགོས་མཁོ་སྔར་ལས་སྐོང་ཐུབ་པར་བྱེད་རྒྱུ་རེད།  

ཞིབ་འཇུག་སློབ་གླིང་ནི་མཐོ་རིམ་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གསོའི་རྒྱ་ཁྱོན་ཅུང་ཆེ་བའི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བའི་རྟགས་མཚན་གལ་ཆེན་ཞིག་ཡིན། རྒྱུས་ལོན་པ་ལྟར་ན།   མཚོ་སྔོན་དགེ་ཐོན་སློབ་ཆེན་ཞིབ་འཇུག་སློབ་གླིང་གི་སློབ་གསོ་ནི1978ལོར་མགོ་ཚུགས་པ་ཡིན།    1994ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་བསླབ་གནས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་རབ་འབྱམས་བསླབ་གནས་སྤྲོད་པའི་ལས་ཁུངས་ཀྱི་ཆོག་མཆན་སྤྲད།  2014ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་བསླབ་གནས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་འབུམ་རམས་པའི་བསླབ་གནས་སྤྲོད་པའི་ལས་ཁུངས་ཀྱི་ཆོག་མཆན་སྤྲད། ད་སྔར།  རིམ་པ་དང་པོའི་བསླབ་ཚན་གྱི་འབུམ་རམས་བསླབ་གནས་སྤྲོད་གནས་གསུམ་དང་རིམ་པ་དང་པོའི་རབ་འབྱམས་བསླབ་གནས་སྤྲོད་གནས11ཡོད་པས་རང་ཞིང་གི་འབུམ་རབས་པ་དང་རབ་འབྱམས་པ་ཆེས་མང་པོའི་མཐོ་རིམ་སློབ་གྲྭ་ཞིག་ཡིན།     གཞན་ད་དུང་སློབ་གྲྭ་དེར་རབ་འབྱམས་ཆེད་ལས་བསླབ་གནས་སྤྲོད་གནས་རིགས5ཡོད། བསྡོམས་རྩིས་ལྟར་ན།  མཚོ་སྔོན་དགེ་ཐོན་སློབ་ཆེན་ལ་ད་སྔར་སློབ་གྲྭ་ན་ཡོད་པའི་རིགས་སོ་སོའི་ཞིབ་འཇུག་སློབ་མ་བསྡོམས་པས2000ཡོད་ལ།  སློབ་གྲྭ་ཡོངས་ཀྱི་སློབ་མའི་རྒྱ་ཁྱོན་གྱི13%ལྷག་ཟིན་ཡོད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།