རང་ཞིང་གི་ཡོམ་འགོག་གནོད་སྐྱུང་གི་ཕྱོགས་བསྡུས་ནུས་པ་ཁྱོན་ཡོངས་ནས་ཇེ་མཐོར་སོང་བ།

ཉེ་སྔོན།  ཞིང་ཆེན་ས་འགུལ་ཅུའུ་ཡིས་མཚོ་སྔོན་ཞིང་ཆེན་ཡོམ་འགོག་གནོད་སྐྱུང་དཔེ་སྟོན་གསར་སྐྲུན་བྱ་བའི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་བསྡུས་ཏེ།  རང་ཞིང་གི་ཉེ་བའི་ལོ་འདི་འགའི་རིང་གི་ཡོམ་འགོག་གནོད་སྐྱུང་གི་ཕྱོགས་བསྡུས་ནུས་པ་ཇེ་མཐོར་སོང་བའི་ཐད་ཀྱི་གནས་ཚུལ་ཁྱབ་བསྒྲགས་བྱས།

རང་ཞིང་གི་ཡོམ་འགོག་གནོད་སྐྱུང་དཔེ་སྟོན་གསར་སྐྲུན་བྱ་བ2012ལོ་ནས་མགོ་ཚུགས་པ་ཡིན་ལ།  ལོ་དྲུག་གི་རིང་ལ་ཞིང་ཆེན་ཡོངས་ནས་ཞིང་ཆེན་རིམ་པའི་ས་འགུལ་བདེ་འཇགས་དཔེ་སྟོན་སྡོད་ཁུལ(ཞང་གྲོང་དང་ཁེ་ལས)བསྡོམས་པས29ངོས་འཛིན་བྱས། དེའི་ཁྲོད་སྡོད་ཁུལ8ཀྲུང་གོ་ས་འགུལ་ཅུའུ་ཡིས་རྒྱལ་ཁབ་ས་འགུལ་བདེ་འཇགས་དཔེ་སྟོན་སྡོད་ཁུལ་དུ་ངོས་འཛིན་བྱས་ཡོད།   མཚོ་སྔོན་ཞིང་ཆེན་ལ་ཡོམ་འགོག་གནོད་སྐྱུང་གི་ཚན་རིག་ཁྱབ་གདལ་སློབ་གསོའི་དཔེ་སྟོན་སློབ་གྲྭ61ཡོད།   ན་གོར་མོ་ཡོམ་འགོག་གནོད་སྐྱུང་དཔེ་སྟོན་གྲོང་ཁྱེར་ཉེ་སྔོན་ཞིང་ཆེན་རིམ་པའི་ཞིབ་བཤེར་རྩིས་ལེན་བདེ་བླག་གིས་གྲོས་འཆམ་བྱུང་།     ཡུལ་ཤུལ་གྲོང་ཁྱེར་གྱིས་ཡོམ་འགོག་གནོད་སྐྱུང་དཔེ་སྟོན་གྲོང་ཁྱེར་གྱི་གསར་སྐྲུན་བྱ་བ་རིམ་ལྡན་གྱིས་སྐུལ་འདེད་དང་ཡོམ་འགོག་གནོད་སྐྱུང་གི་དཔེ་སྟོན་དམག་སྒར་གསར་སྐྲུན་བྱས་པ་ལ་ཐོག་མའི་གྲུབ་འབྲས་ཐོབ།  

ལྷག་པར་ཏུ་ས་འགུལ་ལྟ་ཞིབ་ཚད་ལེན་དང་ས་འགུལ་གནོད་འཚེ་སྔོན་འགོག    མཁོ་བསྟུན་མྱུར་སྐྱོབ།   གནོད་འཚེ་གནས་ཚུལ་མགྱོགས་མྱུར་གྱིས་ཡར་ཞུ་དང་ཚན་རིག་ཁྱབ་གདལ་དྲིལ་སྒྲོག་སོགས་ཀྱི་ཡོམ་འགོག་གནད་སྐྱུང་གི་ཕྱོགས་བསྡུས་ནུས་པ་མཐོ་རུ་བཏང་། རང་ཞིང་གིས་དཔེ་སྟོན་གསར་སྐྲུན་བརྒྱུད་དེ་ས་འགུལ་གནོད་འཚེ་གྱི་ཉེན་ཁ་རྟོག་ཞིབ་དང་ཉེན་སེལ་བྱ་བ་རིམ་ལྡན་གྱིས་སྤེལ་ཏེ།  རིམ་བཞིན་རིམ་པ་སོ་སོའི་ཡོམ་འགོག་གནད་སྐྱུང་གི་ཞན་ཆ་མེད་པར་བཏང་།  ཡོམ་འགོག་གནོད་སྐྱུང་གི་རྨང་གཞི་རང་བཞིན་གྱི་བྱ་བ་ཡོང་ཁྱབ་ཀྱིས་སྤེལ་ཏེ་གནོད་འགོག་གི་ནུས་པ་མངོན་གསལ་གྱིས་ཇེ་མཐོར་སོང་།  ཡོམ་འགོག་གནད་སྐྱུང་གི་ཤེས་བྱ་ཁྱབ་སྤེལ་བྱས་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་སྟེ་ས་འགུལ་གྱི་མཁོ་བསྟུན་མྱུར་སྐྱོབ་མ་ལག་རིམ་བཞིན་གྱིས་འཐུས་ཚང་དུ་བཏང་།  ཁྲོམ་ར་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཡོམ་འགོག་གནོད་སྐྱུང་གི་བྱ་འགུལ་ཁྲོད་ཞུགས་ཏེ་སྒྲིག་གཞི་རིམ་བཞིན་གྱིས་འཐུས་ཚང་དུ་བཏང་སྟེ།  ས་འགུལ་ལྟ་ཞིབ་ཚད་ལེན་དང་ཨར་ལས་གནོད་འགོག  ཨར་ལས་མ་ཡིན་པའི་གནོད་སྐྱུང་།  མཁོ་བསྟུན་མྱུར་སྐྱོབ།  སྤྱི་ཚོགས་གནོད་འགོག་སོགས་ཀྱི་ས་འགུལ་གནོད་འཚེ་གྱི་ཕྱོགས་བསྡུས་འགོག་སྲུང་ནུས་པ་ཇེ་མཐོར་སོང་ཡོད།  

ལོ་ཙཱ་བ། ལྷ་ཆེན་རྒྱལ།