མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་དབུལ་སྐྱོར་གྱི་འབོར་ཆུང་དངུལ་བུན་བྱ་བ་བདེ་བླག་གིས་སྤེལ་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་དབུལ་སྐྱོར་གྱི་འབོར་ཆུང་དངུལ་བུན་བྱ་བ་ཧུར་བརྩོན་གྱིས་བསྒྲུབས་ཏེ་དམངས་ཕན་སྲིད་ཇུས“530”(སྒོར་ཁྲི5ཡི་མན་ལ་ལོ3ལ་ནོར་སྲིད་མ་དངུལ་གྱི་ཁ་གསབ་སྐྱེད་དངུལ་ཡོད)ཁྱོན་ཡོངས་ལ་ཁེབས་པར་བྱས།    ད་ལོའི་ཟླ་དྲུག་པའི་ཟླ་སྨད་བར་དུ། ཁུལ་ཡོངས་ནས་དངུལ་རྩའི་ལས་ཁུངས་ཀྱིས་རྣམ་པ་གསར་བའི་ཞིང་སྡེ་ཚོང་གཉེར་ཁང་གསོ་བོ་དང་ཡིག་ཚགས་བྱང་བུ་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་།  ཁྱད་ལྡན་ཁེ་ལས་དང་མི་ནུས་པ་ཅན་ལ་བསྡོམས་པས་དབུལ་སྐྱོར་དངུལ་བུན་སྒོར་དུང་ཕྱུར3.18བཏང་ཡོད།  

མཚོ་ལྷོ་ཁུལ་གྱིས་གཙོ་བོ་ཡིད་རྟོན་དངུལ་བུན་སྣེ་ཁྲིད་ཞབས་ཞུ་དང་དངུལ་རྩའི་སྲིད་ཇུས་དྲིལ་སྒྲོག  དངུལ་རྩའི་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་བཅས་ནས་ལག་སྲིང་སྟེ།  ཡིད་རྟོན་དཔྱད་འཇོག་དང་དངུལ་བུན་རེ་ཞུ།  དངུལ་བུན་ཐོབ་པ།  དངུལ་རྩ་བཀོལ་སྤྱོད་སོགས་ཀྱི་བརྒྱུད་རིམ་་ཧྲིལ་བོ་ཁྱབ་བསྒྲགས་གསལ་བོ་དང་སྟབས་བདེ་འགྲོ་ལུགས་སྒྲུབ་ཆོག་པའི་“འོད་ནུས་མགྱོགས་འཁོར་བཟོ་སྐྲུན”ཞིག་ཤུགས་ཆེན་པོས་གསར་སྐྲུན་བྱས་ཏེ།  དབུལ་ཕོངས་ཁྱིམ་ཚང་ལ་དུས་ལྟར་འཕེལ་རྒྱས་མ་དངུལ་ཐོབ་པར་འགན་ལེན་བྱས་ནས་མགྱོགས་མྱུར་གྱིས་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཐུབ་པར་བྱས།   ད་ལོའི་ཟླ་དྲུག་པའི་ཟླ་སྨད་བར་དུ། ཁུལ་ཡོངས་ནས་ཡིག་ཚགས་བྱང་བུ་ཅན་གྱི་དབུལ་ཕོངས་ཁྱིམ་ཚང17264དང་དབུལ་ཕོངས་ཡིད་རྟོན་ཁྱིམ་ཚང་དུ་ངོས་འཛིན་བྱས་པ8265ཡོད་ལ་དཔྱད་འཇོག་གྲངས་ཚད་ཀྱི68.10%ཟིན་ཡོད།    བསྡོམས་པས་དབུལ་ཕོངས་ཡིད་རྟོན་ཁྱིམ་ཚང5733ལ་དངུལ་བུན་སྒོར་དུང་ཕྱུར2.10བཏང་།  རིགས་སོ་སོའི་དབུལ་སྐྱོར་དངུལ་བུན་གྱི66.10%ཟིན་ཡོད་ལ་ན་ནིང་ལོ་དང་བསྡུར་ན་སྒོར་དུང་ཕྱུར1.13གྱིས་ཇེ་མང་ལ་སོང་འདུག  ཁུལ་ཡོངས་ནས་དངུལ་རྩའི་ལས་ཁུངས་ཀྱིས་དབུལ་ཐར་ཁྱིམ་ཚང2777ལ་དབུལ་སྐྱོར་གྱི་འབོར་ཆུང་དངུལ་བུན་མུ་མཐུད་དུ་སྒོར་དུང་ཕྱུར1.11བཏང་ཡོད།  

ལོ་ཙཱ་བ། ལྷ་ཆེན་རྒྱལ།