མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཏེར་ལམ། འབའ་རྫོང་། སོག་རྫོང་བཅས་རྫོང་གསུམ་དབུལ་བོ་ལས་ཐར་བར་ཆོག་མཆན་གནང་བའི་སྤྱི་བསྒྲགས།

རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་གིས་《༢༠༡༦ལོའི་རྫོང་དབུལ་བོ་ལས་ཐར་བའི་དཔྱད་འཇོག་ཞིབ་བཤེར་ལ་སོགས་པའི་གནས་ཚུལ་སྐོར་གྱི་ཡིག་ལན་》(རྒྱལ་གཞུང་ཕྱི་བསྒྲགས་ཡིག་ཆ﹝2017﹞ཨང་132)ནང་དུ།  རང་ཞིང་གི་གཏེར་ལམ་དང་། འབའ་རྫོང་། སོག་རྫོང་གསུམ་རྫོང་དབུལ་བོ་ལས་ཐར་བའི་ཆ་རྐྱེན་ཚང་ཡོད་ཅིང་། དེར་རྫོང་དབུལ་བོ་ལས་ཐར་ཟིན་པའི་ལས་ཀའི་འགྲོ་རིམ་གཞིར་བཟུང་ཞིང་ཆེན་སྲིད་གཞུང་གིས་ཞིབ་འཇུག་བརྒྱུད་གཏེར་ལམ་དང་། འབའ་རྫོང་། སོག་རྫོང་བཅས་རྫོང་གསུམ་ཞིང་ཆེན་ཡོངས་ཀྱི་རྫོང་དབུལ་བོའི་གྲས་ལས་ཐར་ཡོད་པ་ཆོག་མཆན་གནང་བྱུང་ལ།  འདིར་དམིགས་སུ་ཀུན་ལ་བསྒྲགས་པར་བྱ། 

ལོ་ཙཱ་བ། ཁོན་ཐར་འཚོ།