ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་གནད་འཁེལ་དབུལ་སྐྱོར་གྱི་འདེབས་འཛུགས་ལག་རྩལ་གསོ་སྦྱོང་འཛིན་གྲྭ་བསྡུས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།  ཉེ་སྔོན།  ཞིང་ཆེན་ཞིང་ཕྱུགས་ཐིན་དང་ཞིང་ཆེན་འདེབས་འཛུགས་དོ་དམ་སྤྱིའི་ས་ཚུགས་ཀྱིས་ཞིང་ཆེན་དང་གྲོང་ཁྱེར་གྱི་སྔོ་ཚོལ་འདེབས་འཛུགས་ཕྱོགས་ཀྱི་ཆེད་མཁས་པ་རྩ་འཛུགས་བྱས་ཏེ།  མཚོ་ཤར་གྲོང་ཁྱེར་ལུང་མདོ་ས་ཁུལ་གྱི་ཧྲན་ཁྲིན་སྡེ་བ་རུ་སྒོག་པ་འདེབས་འཛུགས་དང་ནད་འབུའི་གནོད་སྐྱོན་སྔོན་འགོག་བཅོས་སྐྱོང་གི་ལག་རྩལ་གསོ་སྦྱོང་།ཡུལ་དངོས་ནས་མཛུབ་སྟོན་བཅས་བྱས་ཏེ་གནད་འཁེལ་དབུལ་སྐྱོར་ལ་རམ་འདེགས་བྱས།  

ཁྲིན་ཐའེ་སྡེ་བ་ནི་དབུལ་ཕོངས་སྡེ་བ་ཞིག་ཡིན་པས་སྡེ་བ་ཡོངས་ལ་ས་ཞིང་འདེབས་འཛུགས་བྱེད་སའི་རྒྱ་ཁྱོན་སྤྱི་ཆིང40ལྷག་མ་གཏོགས་མེད།    སྡེ་བ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཆེད་ཉེ་བའི་ལོ་འདི་འགར་ཧྲན་ཁྲིན་སྡེ་བས་ཁྱད་ལྡན་ཐོན་ལས་ཧུར་བརྩོན་གྱིས་འཕེལ་རྒྱས་དང་འདེབས་འཛུགས་གྲུབ་ཚུལ་ལེགས་སྒྲིག་བྱས་ཏེ།   སྒོག་པའི་འདེབས་འཛུགས་ཀྱི་རྒྱ་ཁྱོན་ལོ་རེར་ཇེ་མང་ལ་སོང་སྟེ་ད་ལོར་གཙོ་ཁྲིད་ཐོན་ལས་སུ་གྱུར་ཡོད།     སྒོག་པ་འདེབས་འཛུགས་ཁྲོད་སྒོག་པའི་སྤུས་ཚད་ཇེ་དམའ་རུ་འགྲོ་བ་དང་ཐོན་ཚད་ཇེ་ཉུང་ལ་འགྲོ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད།    ད་ལོར་ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་ཧུར་བསྐྱེད་ཀྱིས་ལེགས་སྒྲིག་དང་དབུལ་སྐྱོར་མ་དངུལ་བེད་སྤྱོད་བྱས་ཏེ།  ཤིན་ཅིང་ནས་སོན་བཟང་སྒོག་པ་སྤྱི་རྒྱ12500སྐྱེལ་ཡོང་སྟེ་སྡེ་དམངས་ལ་བགོས་ནས་ཧྲན་ཁྲིན་སྡེ་བའི་སྒོག་པ་འདེབས་འཛུགས་བྱེད་པའི་ཁྱིམ་ཚང་ལ་རྒྱབ་སྐྱོར་བྱས་ཏེ་སྒོག་པའི་སྤུས་ཚད་དང་ཐོན་ཚད་ཡང་ཇེ་མཐོར་བཏང་།  

གསོ་སྦྱོང་སྐབས་སུ་ཆེད་མཁས་པས་སྨྱན་བྱད་མང་པའི་དཔེ་ཁྲིད་དང་ཚན་རྩལ་ཁྱབ་སྤེལ་རྒྱུ་ཆ་སྟེར་བ།  དྲིལ་སྒྲོག་འགྲེམས་བྱང་བཅས་བེད་སྤྱོད་བྱས་པ་མ་ཟད་ཡུལ་དངོས་ནས་སྦྱོང་བརྡར་མཛུབ་སྟོན་བྱས་ཏེ་སྡེ་དམངས་ལ་གསོ་སྦྱོང་བྱས།   མཚོ་ཤར་གྲོང་ཁྱེར་གྱི་རྫོང(ས་ཁུལ་ཡང་འདུ)སོ་སོའི་ཞིང་ལས་ལག་རྩལ་ཁྱབ་གདལ་ས་ཚུགས་ཀྱི་འགན་ཁུར་མི་སྣ་དང་ལག་རྩལ་མི་སྣ་ཡང་ཐེངས་འདིའི་གསོ་སྦྱོང་ལ་ཞུགས་ཡོད།  

ལོ་ཙཱ་བ། ལྷ་ཆེན་རྒྱལ།