རང་ཞིང་གི་ཐའེ་ཅི་དྲག་རྩལ་པས་རྒྱལ་ཡོངས་ཀྱི་འགྲན་བསྡུར་ཆེན་མོའི་སྟེང་ཨང་དང་པོ་བླངས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ11པའི་ཚེས1ཉིན། གསར་འགོད་པས་ཞིང་ཆེན་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར། 2017ལོའི་རྒྱལ་ཡོངས་ཀྱི་ཐའེ་ཅི་དྲག་རྩལ་གྱི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་དང་ཆིན་ཏོའི་སྐབས་གཉིས་པའི་རྒྱལ་ཡོངས་ཐའེ་ཅི་དྲག་རྩལ་བརྙན་འཕྲིན་འགྲན་བསྡུར་ཆེན་མོས་སྟེང་། རང་ཞིང་གི་འགྲན་ཞུགས་པ་ཁྲིན་ཡུས་ཆིན་གྱིས་བུད་མེད་ཚོགས་པའི་24རྣམ་པའི་ཐའེ་ཅི་དྲག་རྩལ་གྱི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས་པ་རེད།

དེ་སྔོན། རང་ཞིང་གི་ལུས་རྩལ་པ་ཀོན་ཅིང་དང་ཁྲིན་ཡུས་ཆིན་གཉིས་ཀྱིས་ཏུའུ་ཅང་ཡན་ལག་འགྲན་ཁུལ་གྱི་ཐག་གཅོད་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས་པས། ཆིན་ཏོའི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་ནང་ཞུགས་འཐུས་ཀྱི་ཐོབ་ཐང་ཐོབ་པ་རེད། ཟླ་10བའི་ཚེས28ཉིན་ནས་ཚེས30ཉིན་བར། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ནས་ཡོང་བའི་འགྲན་ཞུགས་པ379ཆིན་ཏོ་ནས་འཛོམས་པ་དང་། རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ཁྲོད་རང་ཞིང་གི་འགྲན་ཞུགས་པས་རྒྱལ་ཡོངས་ཀྱི་ཐའེ་ཅི་དྲག་རྩལ་པའི་ཁྲོད་དུ་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས་པ་རེད།

མཐར་མཇུག  ཁྲེན་ཡུས་ཆིན་གྱིས་བུད་མེད་ཚོགས་པའི་24རྣམ་པའི་ཐའེ་ཅི་དྲག་རྩལ་གྱི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས་པ་དང་། ཀོན་ཅིང་གིས་སྐྱེས་པའི་ཚོགས་ཆུང་གི་སྲོལ་རྒྱུན་རྣམ་པའི་ཐའེ་ཅི་དྲག་རྩལ་གྱི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་ཁྲོད་ཨང་བཞི་པ་བླངས་པ་རེད། འགྲན་ཞུགས་པ་གཉིས་ཀྱིས་མཚོ་སྔོན་གྱི་གཟི་བརྗིད་བརྩོན་ལེན་དང་། རང་ཞིང་གི་ཐའེ་ཅི་དྲག་རྩལ་ལ་རྣམ་པ་གསར་བ་བསྣན་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།