གཏེར་ལེན་ཁ་ཁྲིམས་ཁང་གིས་ཞིང་འབྲོག་མང་ཚོགས་ལ་སྟེར་དགོས་པའི་སྒོར་མོ་བཙན་གྱིས་ཕྱིར་ལེན་བྱས་པ།

         མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། 2014ལོར་ངས་གླ་བྱས་པའི་ངལ་ལས་ཞབས་འདེགས་གླ་ཆ་ཡུན་རིང་བོར་ལེན་མ་ཐུབ།  ལེན་མ་ཐུབ་པར་དཀའ་ལས་མང་པོ་བརྒྱབ། དེའི་རྗེས་ནས་ངའི་མི་དམངས་ཁྲིམས་ཁང་བརྒྱུད་ནས་རང་གི་ངལ་ལས་ཞབས་འདེགས་གླ་ཆ་ཕྱིར་བླངས། གཏེར་ལེན་ཁ་ཁྲིམས་ཁང་ལ་དངོས་ནས་ཐུགས་རྗེ་ཆེ་ཞུ། ཟླ10པའི་ཚེས26ཉིན། གཏེར་ལེན་ཁ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས་འཚོགས་པའི“ ས་མཐོའི་འགག་སྒྲོལ་གྱི་བསམ་བློ” ལག་བསྟར་བྱེད་སྒོའི་ཡུལ་དངོས་སུ། ད་སྔ་ལག་བསྟར་ནང་གསེས་དོན་ཚན་གྱི་ལག་བསྟར་བྱ་རྒྱུའི་རེ་འདུན་ཞུ་མཁན་གྱིས་སེམས་འགུལ་ཐེབས་བཞིན་གསར་འགོད་པ་ཆི་ཀའོ་མཱིན་ལ་བཤད་རྒྱུར། ལོ་བཞིའི་གྲོས་བསྡུར་གྱི་ལམ་ལ་དཀའ་ཚེགས་ཧ་ཅང་ཆེ་སོང་། དེ་རིང་ནི་ཁོ་ཆེས་སྤྲོ་སྣང་ལྡན་པའི་ཉིན་མོ་རེད། གལ་ཏེ་ལག་བསྟར་ཁྲིམས་དཔོན་མེད་ན། གླ་ཆའི་དངུལ་དེ་དག་ཁོ་མོའི་ལེན་ཐབས་མེད་པ་ཁོ་ཐག་ཡིན་ཟེར།

      ཡོངས་བསྒྲགས་ཚོགས་འདུའི་ཐོག གཏེར་ལེན་ཁ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱི་འགན་འཁུར་བས“ ས་མཐོའི་འགག་སྒྲོལ་གྱི་བསམ་བློ” ལག་བསྟར་བྱེད་སྒོའི་རྩ་འཛུགས་འགོ་ཁྲིད་ཀྱི་གནས་ཚུལ།  བྱེད་སྒོའི་གཞི་རྩའི་གནས་ཚུལ་དང་དྲིལ་སྒྲོག་ལས་དོན་གྱི་གནས་ཚུལ། ལག་བསྟར་བྱེད་ཐབས་གནས་ཚུལ་སོགས་ལ་བརྡ་ཁྱབ་བཏང་། གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་རྗེས་སུ་ནང་གསེས་དོན་ཚན་གཅིག་སྡུད་སྒོས་སྤྲད་པ་དང་ལག་བསྟར་བྱས་པའི་སྒོར་ཁྱོན་བསྡོམས་ཁྲི243 ཡོད་པ་རེད།

ལོ་ཙཱ་བ།རྟ་མགྲིན་དཔལ།