བོད་ལྗོངས་ཀྱི་ཡུལ་སྐོར་སྣང་བརྙན་ཕོ་ཉའི་དཔྱད་འདེམས་འགྲན་བསྡུར།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།  ཟླ10བའི་ཚེས31ཉིན། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་གཙོ་བསྒྲུབས་བྱས་ཤིང《དབུས་གཙང་ཡུལ་སྐོར》དུས་དེབ་ཁང་གིས་རོགས་བསྒྲུབས་མཛད་པའི་བོད་ལྗོངས་ཀྱི་ཡུལ་སྐོར་སྣང་བརྙན་ཕོ་ཉའི་དཔྱད་འདེམས་འགྲན་བསྡུར་སྐབས་དང་པོའི་རྟིང་རྩོད་འགྲན་བསྡུར་ལྷ་ས་ནས་སྤེལ།