ཏང་འཛུགས་སྐྱོང་དང་སྣེ་འཁྲིད་ཟུང་དུ་འབྲེལ་ནས་ཁྲི་འདུའི་གནད་འཁེལ་དབུལ་སྐྱོར་ལ་ཤུགས་བརྒྱབ་པ།

རྒྱལ་ཁབ་ཀྱི་དབུལ་སེལ་འགག་གཏོར་གྱི་རེས་གསར་བའི་འཐབ་སའི་ཁྲོད་དུ། གཙང་གསུམ་མགོ་ཁུངས་སུ་ཡོད་ཅིང་།ད་ལོར་དབུལ་བོའི་ཞྭ་མོ་ཕུད་རྒྱུ་གཏན་ལ་ཕབ་ཡོད་པའི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་ནི། དབུལ་བོ་ཁྱིམ་ཚང་མང་ལ། མི་གྲངས་མང་བ། དབུལ་བ་ཅུང་ཐལ་ཆེ་བ།  རང་བྱུང་གི་ཆ་རྐྱེན་ཧ་ཅང་ཡ་ང་བ།  རྨང་གཞི་སྒྲིག་ཆས་ཞན་པ།  ཐོན་ལས་ཐོན་སྐྱེད་རྗེས་ལུས་ཡིན་པ།  འཚོ་བའི་འགྲོ་སྒོ་ཅུང་མང་བ་ལ་སོགས་པའི་དབང་གིས་རྫོང་ཡོངས་སུ་དབུལ་བོ་མི་གྲངས༡༥༣༨༨ཡོད་པ་ཚང་མ་དབུལ་བོ་ལས་སྒྲོལ་རྒྱུ་དེ་ད་ལྟའི་བར་དཀའ་ཁག་ཆེན་པོ་ཞིག་ཏུ་གྱུར་ཡོད།

ཚུལ་དེར་དམིགས་ཏེ་ཁྲི་འདུ་རྫོང་གིས་ཏང་རྩ་འཛུགས་ཀྱི་རྨང་གཞི་བརྟན་པོར་བཏང་སྟེ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་དགེ་མཚན་དང་སྒྲིག་འཛུགས་ཀྱི་དགེ་མཚན། ཐོན་ཁུངས་ཀྱི་དགེ་མཚན་བཅས་ལ་བརྟེན་ནས་དབུལ་སྐྱོར་གསར་སྤེལ་དང་གཞི་རིམ་ཏང་འཛུགས་སྐྱོང་གཉིས་མཉམ་པོར་ཤང་ཡོངས་ལ་སྐུལ་སྤེལ་ཏན་ཏིག་བྱས་པས། གཞི་རིམ་ཏང་འཛུགས་སྐྱོང་གི་བྱ་བ་དེ་དབུལ་སྐྱོར་ནང་བསྲེས་ནས་དབུལ་སྐྱོར་ལ་ཞབས་ཞུ་དང་སྐུལ་སྤེལ་ལེགས་པོ་ཐོབ་པ་བཅས་ཏང་འཛུགས་སྐྱོང་+  ཡིས་འཇའ་ཐང་རྩྭ་ཐང་གི་དབུལ་བོ་རྣམས་ལ་ཡང་བསྐྱར་དབུལ་སྒྲོལ་གྱི་རེ་བའི་མེ་སོན་སྒྲོན།

དགའ་བསྟོད་ཤང་གི་གྲལ་འགྲིག་པའི་དྲོད་ཁང་། 

         གནད་འཁེལ།   འབྲི་ཆུའི་ངོགས་སུ་དབུལ་སྒྲོལ་གྱི་མེ་ཏོག་དྲུབས།   

”མེ་འཁོར་གྱི་འགྲོས་མྱུར་བོ་དེ་གཙོ་བོ་མེ་འཁོར་གྱི་མགོ་བོ་ལ་རེག་ལས་ཟེར་བའི་དཔེ་བཞིན་དུ།  ཉེ་བའི་ལོ་གཉིས་ཚུན་ལ། ཁྲི་འདུ་རྫོང་གིས་འཁོས་ཞན་ཐ་ཐོར་དུ་གནས་པའི་གྲོང་ཚོའི་ཏང་རྩ་འཛུགས་ལ་དག་ཐེར་གྱིས་དབུལ་སྒྲོལ་གྱི་དཔུང་ཡ་རུ་བཀུག་ཏེ།  མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ལ་སྣེ་འཁྲིད་མི་ཐུབ་ལ་དབུལ་སྐྱོར་ཕན་འབྲས་མངོན་གསལ་མིན་པའི་གྲོང་ཚོ་དབུལ་བོ་དག་གནད་དུ་བཟུང་ཐོག   འགོ་ཁྲིད་ལ་རྒྱུན་འབྲེལ་འབྲེལ་བ་དང་།  གྲོང་ཚོ་རེ་ལ་ཇུས་ཐབས་རེ་སོགས་ཀྱི་དག་ཐེར་ཐབས་ཇུས་ལག་བསྟར་དང་གནད་དོན་གཟེངས་ཐོན་ཐག་གཅོད་བྱེད་རོགས་བྱས་པས་དབུལ་སྒྲོལ་འགག་གཏོར་གྱི་རྩ་འཛུགས་རྨང་གཞི་ཇེ་བརྟན་དུ་བཏང་བ་རེད།

དབུལ་སྐྱོར་བྱ་ཡུལ་གྱི་མི་རྣམས་ལ་ཟས་གོས་འཛོམས་པོ་ཡོང་བ་མངོན་འགྱུར་དང་། འོས་འགན་སློབ་གསོ་དང་གཞི་རྩའི་སྨན་བཅོས། སྡོད་ཁང་བཅས་ལ་འགན་སྲུང་ལེགས་པོ་ཐུབ་ཆེད།  རྒྱལ་ཁབ་ཀྱིས་བཏོན་པའི་འཛོམས་པོ་གཉིས་དང་འགན་སྲུང་གསུམ་གྱི་ཚད་གཞི་གཞིར་བཟུང་༢༠༡༧ལོར་རྫོང་དབུལ་བོའི་ཞྭ་མོ་ཕུད་པ་སྟེ་གྲོང་ཚོ་དབུལ་བོ༡༨དང་། དབུལ་བོ་མི་གྲངས༡༥༣༨༨ཡོངས་དབུལ་བོ་ལས་སྒྲོལ་པའི་དམིགསའབེན་མངོན་འགྱུར་བྱེད་དགོས་པ་རེད། ༢༠༡༦ལོར་གྲོང་ཚོ་དབུལ་བོ་ལྔ་དང་དབུལ་བོ་མི་འབོར༣༡༢༡ཕྱུག་པོར་བསྒྱུར་ནས་དབུལ་སེལ་འགག་གཏོར་གྱི་གཡུལ་ས་དང་པོ་ནས་རྣམ་པར་རྒྱལ། ཡིན་ན་ཡང་ཁྲི་འདུ་རྫོང་གི་ཏང་ཡོན་ལས་བྱེད་པས་བལྟས་ཡོང་ན།  དབུལ་སྒྲོལ་འགག་གཏོར་གྱི་དུས་རིམ་ནང་དུ་ཁྱིམ་ཚང་གཅིག་དབུལ་བོ་ལས་ཐར་ཐེངས་རེར་རྒྱལ་ཁ་ཆེན་པོ་ཞིག་ཐོབ་སོང་བའི་ཚོར་བ་དྲག་པོ་སྐྱེས་ཡོང་།  རྒྱུ་མཚན་ལས་ཕྱི་མ་ཕྱི་མ་སྒྲུབ་པ་ལ་དེ་ལས་དཀའ་ཁག་ཆེན་པོ་འཕྲད་འོང་བས་ཡིན། མི་རིགས་གྲངས་ཉུང་གཙོས་པའི་ཡུལ་འདིར་དབུལ་བོའི་གནས་ཚུལ་ཧ་ཅང་རྙོང་འཛིང་ལྡན་ཞིང་།  ས་ཞིང་དང་རྩྭ་སའི་ཐོན་ཁུངས་མང་པོ་མེད་པའི་རི་ཁུལ་ཡིན་པ་དང་། འབྲི་ཆུའི་འབབ་རྒྱུད་དུ་ཆགས་ཡོད་པ་སོགས་ནད་སྙུང་གི་དབང་གིས་དབུལ་བོར་གྱུར་བ་དང་།  མི་སྤུས་ཞེན་པོའི་དབང་གིས་དབུལ་བོར་གྱུར་བ་སོགས་རྒྱུ་རྐྱེན་སྣ་ཚོགས་འདུག་པས། དབུལ་བོ་འདིའི་རིགས་ལ་ཆུ་ཆེན་དལ་འབབ་ཀྱི་དབུལ་སྐྱོར་ཐབས་ཤེས་སྤྱོད་པ་ལས་ཐབས་གང་ཡང་མེད།

སྒོ་ཟོག་ཁྱིམ་ལ་འདེད་པ། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེང་གིས།  དབུལ་སེལ་འགག་གཏོར་གྱི་གཙོ་བོ་གནད་ཐོག་ཏུ་འཁེལ་རྒྱུ་དེ་ཡིན་པ་སྟེ།  དབུལ་བོ་ཡིན་མིན་ལ་གསལ་འབྱེད་གནད་ལ་འཁེལ་བ་དང་དབུལ་སྐྱོར་ཐབས་ཤེས་གནད་ལ་འཁེལ་བ་ཞིག་བེད་སྤྱོད་གཏང་རྒྱུ་དེ་ཡིན། དབུལ་བོར་གྱུར་ཚུལ་ལ་གཞིགས་ནས་དེ་བསྟུན་གྱི་འཆར་ཇུས་བཟོ་བ་དང་།  དབུལ་ཆགས་རྒྱུ་རྐྱེན་མི་འདྲ་བ་དང་རིགས་མི་འདྲ་བ་ལ་བྱེད་ཐབས་མི་འདྲ་བ་སྤྱད་དེ་མི་དང་ཁྱིམ་ཚང་། གྲོང་ཚོ་གསུམ་གྱི་གནས་ཚུལ་ལ་བབ་བསྟུན་གྱིས་ཇུས་ཐབས་ལག་བསྟར་བྱས་ཏེ། ནད་ཐོག་སྨན་འཁེལ་གྱི་ཚུལ་དུ་དམིགས་ཐོག་གསོ་བཅོས་བྱེད་དགོས་པའི་གསུང་གནང་ཡོད་པས། གནད་འཁེལ་དེ་ཁྲི་འདུ་རྫོང་གི་དབུལ་སྐྱོར་གསར་སྤེལ་ལས་ཀའི་ཐབས་མཆོག་ཏུ་གྱུར་ཡོད།

གནད་ལ་ཅི་ལྟར་འཁེལ་བའི་ཐད་ལ་ཁྲི་འདུ་རྫོང་ཏང་ཡོན་ལས་བྱེད་ཀྱིས་བལྟས་ཡོང་ན། དེ་ནི་ཅི་ཡོད་དེ་སྦྱིན་ནས་ཅི་མེད་དེ་སྦྱིན་གྱི་ཕྱོགས་སུ་བསྒྱུར་དགོས་པ་དེ་རེད་བསམ།

དཔེར་ན་ཐོན་ལས་དབུལ་སྐྱོར་ལྟ་བུ།   ཕུན་སུམ་ཚོགས་པའི་རིག་གནས་ཐོན་ཁུངས་དང་སྣོད་བཅུད་འབྲོག་ལས་ཀྱི་ཐོན་ཁུངས། འགྲིམ་འགྲུལ་སྟབས་བདེའི་ཐོན་ཁུངས་སོགས་ལ་གཞི་བཅོལ་བ་ཡིན་ན།  ལག་རྩལ་དང་ཚོང་ར། དྲིལ་སྒྲོག་གི་ཉམས་ཞན་པ་དེ་ལྟ་རེད།  ༢༠༡༦ལོར་གནད་འཁེལ་དབུལ་སྐྱོར་ཐོན་ལས་ཀྱི་རོགས་སྐྱོར་སྲིད་ཇུས་ནང་བཞིན་དུ་ཆ་སྙོམས་ཀྱིས་མི་རེར་སྒོར༦༤༠༠ཚད་གཞིར་བཟུང་ནས་རྫོང་ཡོངས་ཀྱི་གྲོང་ཚོ༡༣ནས་སྣོད་བཅུད་གསོ་སྤེལ་གྱི་རྣམ་གྲངས་གཉེར་བ་ཡིན་ཞིང་། དེར་ཧ་ལམ་སྒོར་ཁྲི༢༠༠༠བཏང་བ་དེས་ཁྱིམ་ཚང༣༡༢༡ལ་ཕན་ཁེ་བསྐྲུན།

ཡུལ་དེའི་བ་ཡན་ཁ་ལ་ཞེས་པའི་བཏུང་ཆས་གསར་སྤེལ་ཚད་ཡོད་ཀུང་སིས་རྟེན་གཞི+    ཁེ་ལས  +འབྲོག་ཁྱིམ་གྱི་བྱེད་ཐབས་སམ་རྣམ་པ་སྤྱད་དེ།  ཉུང་མ་སྤྱི་ཆིངས༣༣འདེབས་འཛུགས་བྱས་པ་ཀུང་སིས་རྒྱ་མ་རེར་སྒོར༢གྱི་གོང་ཚད་ཀྱིས་བསྡུ་ཉོ་བྱས་པ་ལས་རོང་འབྲོག་མང་ཚོགས་ཀྱིས་ས་ཞིང་མུའུ་གཅིག་རེ་ནས་སྒོར༢༠༠༠རེ་ཡི་ཡོང་འབབ་རག་ཐུབ་ཀྱི་ཡོད།

མཉམ་ཤུགས།  རྡོག་རྩ་གཅིག་ཏུ་སྒྲིལ་ནས་དབུལ་སྒྲོལ་དང་གྲིབ་མ་བཞིན་འགྲོགས།  

དབུལ་སྒྲོལ་འགག་གཏོར་དེ་གང་དུ་ཡོད་ན་ཏང་གི་འཐབ་ས་ཡང་དེ་ནས་འཛུགས་པའི་ལས་ཀའི་བསམ་ཕྱོགས་གཞིར་བཟུང་ཁྲི་འདུ་རྫོང་གི་སྲིད་ཇུས་མ་ལག་འཐུས་སྒོ་ཇེ་ཚང་དང་།  ལམ་ལུགས་མ་ལག་དེ་བས་ཕན་འབྲས་ལྡན་པ། སྤྱི་ཚོགས་སྐུལ་སློང་མ་ལག་དེ་བས་ཆ་ཚང་བར་བཏང་བ་དང་ཆབས་ཅིག་ཏུ་སློབ་གཉིས་གཅིག་སྒྲུབ་ཀྱི་སློབ་གསོ་དང་སྦྲེལ་ནས་གྲོང་ཚོ་བཅའ་སྡོད་ལས་བྱེད་དང་།ཞིང་གྲོང་གི་ཏང་ཡོན་སྒྲིག་འཛུགས་བྱས་ཏེ་ཁྱིམ་ཚང་དབུལ་བོར་བསྐྱོད་ནས་དབུལ་སྐྱོར་གྱི་སྲིད་ཇུས་བྱེད་ཐབས་དྲིལ་སྒྲོག་ལེགས་པོ་བྱས་ནས་དབུལ་བོ་མང་ཚོགས་ཀྱི་འདུ་ཤེས་རྙིང་བ་དང་། བསམ་བློ་དབུལ་བོ་དེ་འདོར་ཐུབ་ལ་འཁྲིད་སྟོན་བྱས།

རོགས་སྐྱོར་སུ་ལ་བྱེད། སུས་རོགས་སྐྱོར་བྱེད།  རོགས་སྐྱོར་ཇི་ལྟར་བྱེད།  རོགས་སྐྱོར་གྱི་ཐབས་གང་འདོན་པའི་གནད་དོན་གཞིར་བཟུང་ནས་རྩ་བ་བརྟན་པོ་དང་། རྨང་གཞི་མཁྲེགས་པོ།  ཕུགས་རིང་བོའི་འཆར་ཇུས་བཅས་ལ་དམིགས་ནས་ནུས་ཤུགས་དང་ཐབས་གསར་འདོན་རྒྱུ་རྒྱུན་འཁྱོངས་བྱས།

དབུལ་བོ་མི་འབོར་གྱི་ཡོང་འབབ་དང་ལྟ་བ་ལྔ་(སྔོན་ལ་སྡོད་ཁང་ལ་ལྟ་བ། དེ་ནས་འབྲུ་རིགས་ལ་ལྟ་བ།   སློབ་མར་ལྟ་བ།   ནུས་པ་བཟང་ངན་ལ་ལྟ་བ།  མཐའ་མར་དབང་བོ་སྐྱོན་ཅན་དང་ཡང་ན་ནད་སྙུང་ལྕི་མོ་ཕོག་མཁན་ཡོད་མེད་ལ་ལྟ་བ) ཡི་གསལ་འབྱེད་ཚད་གཞི་ལྟར་དུ།  རེས་ཐེངས་དུ་མར་གྲལ་བཤེར་དང་སྡེ་ཁག་དུ་མའི་གཞི་གྲངས་གཤིབ་བསྡུར་བྱས་རྗེས།  དབུལ་བོ་ཁྱིམ་ཚང་༥༤༧༠དང་། དབུལ་བོ་མི་འབོར༡༨༣༦༣ངོས་འཛིན་གནད་ལ་འཁེལ་བ་བྱས།

         གླེང་འོས་པ་ཞིག་ལ། ཁྲི་འདུ་རྫོང་ནི་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་དམིགས་པའི་རོགས་སྐྱོར་བྱ་ཡུལ་གཙོ་བོ་ཡིན་ཕྱིར་གོ་བསྐོན་བློ་འགུགས་ཀྱི་ནུས་པ་ཐོན་གྱི་ཡོད་པ་བཞིན་དུ།  རྫོང་ཡོངས་ཀྱིས་ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་དབུལ་བོའི་ནད་ཡམས་དེ་བུ་རབས་ལ་མཆེད་པར་འགོག་བཅོས་དང་འགན་སྲུང་གི་མ་མཐའི་ཚད་ཐིག་དམ་སྲུང་བྱས་ཡོད།
འབྲོག་པའི་སྡོད་ཁང་གསར་བ། 

བྱེ་བྲག་གི་ལས་ཀའི་ཁྲོད་དུ་སྟོབས་ཤུགས་གཅིག་ཏུ་འདོན་མི་ཐུབ་པའི་གནས་ཚུལ་ཡང་ཡོད་སྲིད། དེ་དུས་ཕན་ཚུན་མཐུན་སྦྱོར་མཁན་གྱི་ནུས་པ་མངོན་གསལ་ཡིན་ཞེས་པའི་གཏམ་དེ་ལ་ཁྲི་འདུ་རྫོང་ཏང་ཨུའི་ཧྲུའུ་ཅི་ཉི་མ་ཚེ་རིང་ལ་མྱོང་བ་ཟབ་མོ་ཐོབ་ཡོད། ༢༠༡༧ལོའི་ལོ་འགོར།  དབུལ་སྐྱོར་གཞུང་སྒྲུབ་ཁང་དང་ཞིང་འབྲོག་གཉིས་ཀྱིས་སྣོད་བཅུད་ཕྱུགས་ལས་གོང་སྤེལ་གྱི་ཤུགས་དེ་ཕྱོགས་གང་ལ་བཏོན་ན་ལེགས་པའི་སྐོར་ལ་ཕྱོགས་ཁ་གཉིས་སུ་གྱེས།   གཅིག་གིས་ཆ་སྙོམས་ཀྱིས་མི་རེར་སྒོར༦༤༠༠ཡི་ཚད་གཞི་ལྟར་ཕྱུགས་ཉོས་ནས་སྣོད་བཅུད་གསོ་སྤེལ་གྱི་རྣམ་གྲངས་གཙོ་བོ་བསྒྲུབ་ནས་ཕན་ཁེ་ཐོབ་མཁན་མང་པོ་བསྐྲུན་ཐུབ་བྱུང་ན་ང་ཚོའི་བསམ་དོན་འགྲུབ་ཐུབ་པའི་བསམ་ཚུལ་བཏོན། 

ཅིག་ཤོས་ཀྱིས་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་ཁག་གི་སྒོ་ཕྱུགས་ཁྲི༢༤འགན་སྲུང་ནང་ཞུགས་སུ་བཅུག་སྟེ།  ཞིང་འབྲོག་པའི་རང་བྱུང་གི་གནོད་འཚེ་འགོག་པའི་ནུས་པ་ཇེ་མཐོར་གཏང་དགོས་ཚུལ་བརྗོད།  དེ་ལྟར་དབུལ་སྒྲོལ་འགག་གཏོར་ཧ་ཅང་ཛ་དྲག་ཡིན་དུས་ཏང་གི་སྣེ་འཁྲིད་ལེགས་བཅོས་ལ་དེ་ལས་ཤུགས་བསྣན་དགོས་པ་རེད།  གཞི་རིམ་ཏང་རྩ་འཛུགས་ཀྱི་བརྒྱ་ཆའི་བརྒྱ་ཡི་ནུས་པ་མ་བཏོན་ཚེ། རང་བྱུང་གི་གནོད་འཚེ་ལས་དབུལ་བོར་གྱུར་བ་དང་། ཕྱུག་པོར་ཡོང་བ་ཡང་བསྐྱར་དབུལ་བོར་འགྱུར་བའི་ཁྲི་འདུའི་ཞིང་འབྲོག་པའི་གནད་དོན་དེ་རྩ་བའི་ཐོག་ཐག་གཅོད་ཧ་ཅང་བྱེད་དཀའ་ཞེས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་སྐད་ཆ་ཚིག་གཅིག་གིས་ཕྱོགས་གཉིས་ཀྱི་བསམ་ཚུལ་དེ་ལ་འགྱུར་ལྡོག་ཆེན་པོ་བཏང་བྱུང་།

ལྷག་བསམ།  ཏང་འཛུགས་སྐྱོང་དང་དབུལ་ཐར་གྱི་གཡུལ་སར་མཐའ་གཅིག་ཏུ་འཐབ་རྩོད་བྱེད་པ།

དབུལ་སྐྱོར་ནི་མཐར་གཏུག་ན་མི་ལ་རོགས་བྱེད་པ་ཡིན། དབུལ་སྐྱོར་ལས་ཀ་དེ་ཡང་མཐར་གཏུག་ན་མི་ལ་བརྟེན་དགོས། དབུང་ཕོངས་མང་ཚོགས་ནི་དབུལ་སྒྲོག་འགག་གཏོར་བྱ་ཡུལ་ཡིན་ལ། དབུལ་ཐར་ཕྱུག་འགྱུར་གཏོང་ཡུལ་གཙོ་བོ་ཡང་ཡིན།  ཏང་རྩ་འཛུགས་ཀྱི་དགེ་མཚན་ཆེ་ཤོས་ནི་མང་ཚོགས་ལ་སྐུལ་སློང་དང་། མང་ཚོགས་སྒྲིག་འཛུགས། མང་ཚོགས་ལ་སྣེ་འཁྲིད་པ་དེ་ཡིན་ཞེས་ཁྲི་འདུ་རྫོང་ཁྲི་དབོན་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་ཆི་ཡུས་ཀྲུང་གིས་དེ་ལྟར་ངོ་སྤྲོད་བྱས་བྱུང་།  

ཁྲི་དབོན་གྲོང་རྡལ་དེས་གྲོང་ཚོ་རེ་རེ་སྡེ་ཁག་གཅིག་རེར་དགར་ཅིང་དེ་དག་ཡང་ནང་ཚན་སོ་སོ་དབྱེ་ཏེ་ནང་ཚན་སོ་སོར་ཏང་གི་ཚོགས་ཆུང་རེ་བཙུགས་ཐོག   ནང་ཚན་སོ་སོའི་ཁྲོད་ཀྱི་སྔོན་ཐོན་ཏང་ཡོན་གྱིས་ཚོགས་གཙོའི་འགན་གནང་བ་དང་། ནང་ཚན་རེ་རེ་ལ་ཏང་རྩ་འཛུགས་རེ་དང་ཏང་ཡོན་སོ་སོ་ནང་ཚན་སོ་སོར་བཅུག་པ་མ་ཟད།  སོ་སོར་ཤང་དང་གྲོང་རྡལ་ལམ་གྲོང་ཚོའི་ཏང་ཡོན་ལས་བྱེད་པ་རེ་མངགས་ཏེ་སྡེ་ཁག་གི་ཏང་གི་ཚོགས་ཆུང་ལ་སློབ་སྟོན་བྱེད་དུ་བཅུག་པ་རེད།   གྲོང་ཚོ་རེ་རེ་ལ་རོགས་སྐྱོར་རུ་དཔུང་རེ་དང་། གྲོང་ཚོ་གཅིག་ལ་ཧྲུའུ་ཅི་གཅིག་རེ་འདེམ་མངགས།  ཁྱིམ་ཚང་དབུལ་བོ་གཅིག་ལ་རོགས་སྐྱོར་མཁན་གཅིག་གིས་འགན་འཁུར་བ་སོགས་ཁྱིམ་ཚང་དབུལ་བོ་རེ་རེ་གནས་ཚུལ་ལ་རྒྱུས་ལོན་གཏིང་ལོན་བྱས་ཐོག   ས་གནས་དང་ཁྱིམ་ཚང་གི་གནས་ཚུལ་སྤྱི་དང་རྒྱུ་རྐྱེན་ལ་དམིགས་ནས་དེ་འཚམ་གྱི་དབུལ་སྐྱོར་བྱེད་ཐབས་སྤྱོད་པ་སོགས་ལས་དངོས་སུ་ཞུགས་མཁན་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དབུལ་ཐར་འགག་སྒྲོལ་གྱི་བཀའ་ཆེན་པོ་དེ་སོ་སོའི་བྱེད་སྤྱོད་ཐོག་དངོས་འབེབས་བྱས།

དབུལ་སྐྱོར་ལམ་དུ་དབུལ་བོ་ཁྱིམ་ཚང་གཅིག་ཀྱང་ལྷག་མི་རུང་ལ། དབུལ་བོ་མང་ཚོགས་གཅིག་ཀྱང་ལུས་མི་རུང་། འདི་ནི་ཁྲི་འདུ་རྫོང་ཏང་ཡོན་ལས་བྱེད་པའི་བརྗིད་ཉམས་དང་ལྡན་པའི་ཁ་དན་ཡིན།

ཁྲི་འདུ་རྫོང་ཁོངས་ཀྱི་གནམ་གཤིས་ཧ་ཅང་ཡ་ང་བའི་ཤང་དང་གྲོང་རྡལ་ནང་གི་གཅིག་ཡིན་པའི་སྡོམ་མདའ་གྲོང་རྡལ་ནི་ཅུང་མཐའ་འཁོབ་ལ་ས་བབ་མཐོ་བའི་དར་དམར་གྲོང་ཚོ་ཞིག་ཡིན།  ཆ་སྙོམས་ཀྱི་ས་བབ་མཐོ་སྨི༤༨༠༠ཡོད་པ་དང་། འབྲོག་ལས་རྐྱང་རྐྱང་གཉེར་མཁན་གྱི་གྲོང་ཚོ་ཞིག་སྟེ། དཔལ་འབྱོར་སྒྲིག་གཞི་ཧ་ཅང་ཉམས་ཞན།  འབྲོག་པའི་ཡོང་སྒོ་གཙོ་བོ་ཕྱུགས་འཚོ་སྐྱོང་དང་གནམ་གཤིས་ཁོ་ན་ལ་བརྟེན་ནས་ཁ་རྒྱབ་གསོ་བ་རེད་ཅེས་སྨྲ་ཆོག   ༢༠༡༦ལོར་ཡུལ་ཤུལ་ཁུལ་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པའི་འགན་འཁུར་བའི་ཝང་ཀྲི་ཝེ་དར་དམར་གྲོང་ཚོར་མངགས་ནས་དེ་གའི་ཧྲུའུ་ཅི་དང་པོའི་འགན་བཞེས། ཁོ་རང་ཧྲུའུ་ཅི་དང་བོར་བསྐོས་རྗེས་ཡུལ་གཞན་གནས་སྤོ་དང་མ་མཐའི་འཚོ་བའི་འགན་སྲུང་དམ་སྲུང་གི་བྱེད་ཐབས་སྤྱད་དེ།  ངལ་རྩོལ་གྱི་ནུས་པ་མེད་པའི་ནད་པ་སྡུག་པོ་དང་དབང་བོ་སྐྱོན་ཅན། ལོ་ལོན་རྒས་འཁོགས་ཡོངས་ལྷག་ལུས་མེད་པར་མ་མཐའི་འཚོ་བའི་འགན་སྲུང་ནང་བླངས་པ་དང་། གྲོང་ཚོ་ཡོངས་ཀྱི་ཁྱིམ་ཚང༦༤དང་འབྲེལ་གནས་དགུ་ལ་ཆུ་དང་གློག  ལམ། བརྡ་འཕྲིན་སོགས་མེད་པའི་གནད་དོན་ཐག་བཅད།  རྩྭ་ས་དང་ཕྱུགས་ཟོག་སྡེབ་སྒྲིག་བྱས་པ་དང་། བེད་མེད་དུ་བསྐྱར་བའི་ངལ་རྩོལ་ནུས་ཤུགས་ཡོད་མཁན་གྱི་ཁྱིམ་ཚང༦༩ཕྱོགས་གཅིག་ཏུ་བསྡུས་ཏེ།  དངུལ་བུན་རྣམ་གྲངས་བརྩོན་ལེན་གྱིས་གནད་འཁེལ་དབུལ་སྐྱོར་གྱི་འབྲེལ་ཡོད་སྲིད་ཇུས་བེད་སྤྱད་དེ་ཐོན་སྐྱེད་རྒྱུ་ཆ་ཉོ་སྒྲུབ་བྱེད་དུ་བཅུག་ནས་ ཁེ་ལས+རྟེན་གཞི(ཕྱུགས་ར)+མཉམ་ལས་ཁང+འབྲོག་ཁྱིམ་བཅས་ཀྱིས་གྲུབ་པའི་འབྲོག་ལས་ཀྱི་རྣམ་པ་གསར་དུ་བཏོད་ཅིང་། ཕན་ཚུན་གྱི་ཁེ་ཕན་མཉམ་འདྲེས་དང་མཉམ་འབྲེལ་གྱི་ལམ་ལུགས་བཙུགས་ནས་འབྲོག་ལས་ཐོན་རྫས་ཐོན་སྐྱེད་དང་། བཟོ་སྣོན།  བྲིན་འཚོང་བཅས་མུ་གཅིག་ཏུ་རྒྱུས་པའི་ཚོང་གཉེར་བྱེད་སྟངས་ཆགས། ཡིན་ན་ཡང་དར་དམར་གྲོང་ཚོའི་ས་རྩྭ་ཞན་འགྱུར་དང་ཨ་བྲའི་གནོད་པ་སོགས་གནད་དོན་མང་པོ་ཞིག་ད་དུང་ཐག་བཅད་མེད་ལ།  ཐོན་ལས་རོགས་སྐྱོར་གྱི་སྟེང་དུ་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་རྣམ་པ་དང་། འབྲོག་ལས་གོང་སྤེལ་ལ་དགོས་པའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་འཕེལ་རྒྱས་ལམ་ཕྱོགས་སོགས་ད་དུང་ཆ་ཚང་བ་ཞིག་གྲུབ་མེད་ཕྱིན། རེ་བ་དང་སེམས་ཁུར་དེ་དག་གི་མདུན་ནས་འགན་བཞེས་དུས་ཚད་ལ་སླེབས་པའི་ཝང་ཀྲི་ཝེ་ཡིས་མངོན་སུམ་འཛེམ་མེད་ཀྱིས་ཧྲུའུ་ཅི་དང་པོའི་འགན་ཡང་བསྐྱར་བཞེས་རྒྱུ་ཐག་བཅད།

ཏང་ཡོན་ཡོད་ན་ཞིང་འབྲོག་མང་ཚོགས་ལ་སེམས་ཀྱི་རྟེན་ས་ཡོད་པ་ཡིན། ཁྲི་འདུ་རྫོང་གི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་འགོ་ཁྲིད་འོག་ཏུ།འཇའ་ཐང་རྩྭ་ཐང་གི་མི་དམངས་ལ་ཡང་བསྐྱར་དབུལ་སྒྲོལ་ཕྱུག་འགྱུར་གྱི་རེ་བའི་མེ་སོན་སྒྲོན།  ཏང་འཛུགས་སྐྱོང་+ དམངས་སེམས་གཅིག་ཏུ་བསྡུས་དང་གཅིག་སེམས་གཅིག་ལ་གཏད་དེ་དབུལ་སྒྲོལ་འགག་གཏོར་ལ་མཐའ་གཅིག་ཏུ་གཞོལ་བའི་མཉམ་ཤུགས་ལ་ཡར་སྐུལ་བྱས།

ལོ་ཙཱ་བ། ཁོན་ཐར་འཚོ།