འབའ་རྫོང་གི་དབུལ་ཐར་དམིགས་ཚད་ཁག་ལེགས་འགྲུབ་བྱུང་བ།

ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དྲིལ་སྒྲོག་བྱས་ནས་ཏང་ཡོན་ཚད་ལྡན་ཞིག་བྱེད་པར་འབད་པ་བྱེད་པ། 
འབའ་རྫོང་གི་རྫོང་མཁར་དང་གྲོང་རྡལ་འཛུགས་སྐྲུན་བྱས་པའི་རྣམ་པ་ཟུར་ཙམ། 

དབུལ་བོའི་ཞྭ་མོ་ཕུད་ནས་ཕྱུག་འགྱུར་གྱི་ལམ་དུ་འདོང་བ།

འབའ་རྫོང་གི་དེང་རབས་ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་གིས་རོང་འབྲོག་པ་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་འཁྲིད་པ།

འབའ་རྫོང་གི་རོང་འབྲོག་མང་ཚོགས་ཀྱིས་རོང་འབྲོག་པའི་ཡིད་རྟོན་དངུལ་བུན་དཔང་ཡིག་གི་གསེར་གྱི་བྱང་བུ་འཛིན་ཐུབ་པ་བྱུང་།

༢༠༡༣ལོར་རང་ཞིང་གིས་འབའ་རྫོང་གི་དབུལ་བོ་དམིགས་བསལ་ཅན་ལ་དབུལ་སྐྱོར་ལོ་གསུམ་བྱེད་པའི་འཆར་འགོད་ལག་བསྟར་བྱས་ཏེ།   དབུལ་བོ་ཡིན་ལ། རྙོག་འཛིང་ལྡན་པ།  ཉམས་ཞན་པ་བཅས་ཀྱི་གནད་དོན་ལ་བཅོས་སྐྱོང་བྱེད་པ་ནས་འགོ་བསླངས་ཏེ། མཚོ་སྔོན་གྱི་དབུལ་སྐྱོར་ལོ་རྒྱུས་ཐོག་འགག་གཏོར་གྱི་གཡུལ་འཐབ་ཛ་དྲག་ཅིག་ཐུན་མོང་ཐོག་བཤམས། ལོ་གསུམ་གྱི་དབུལ་སྐྱོར་འགག་གཏོར་དང་ལོ་གཅིག་གི་དབུལ་ཐར་འགག་སྒྲོལ་རབ་དང་རིམ་པ་བྱས་མཐར།  འབའ་རྫོང་གིས་ཞིང་ཆེན་ཡོངས་ནས་རོང་འབྲོག་ཁུལ་གྱི་ཆུ་དང་། གློག ལམ། སྡོད་ཁང་། བརྡ་འཕྲིན། ཐོན་ལས་གོང་སྤེལ་བཅས་ཕྱོགས་སོ་སོ་ནས་ཨང་དང་པོ་དྲུག་གི་གྲུབ་འབྲས་བླངས་ཤིང་།  གྲོང་ཁྱེར་དང་ཤང་གྲོང་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས་སྤྱི་ཚོགས་ཀྱི་ཀུན་ཕན་བྱ་བཞག་ཆ་ཡོངས་ནས་གོང་དུ་འཕེལ་བ་དང་། རོང་འབྲོག་པའི་ཐོན་སྐྱེད་འཚོ་བའི་ཆུ་ཚད་ཇེ་ལེགས་སུ་སོང་བ་མངོན་གསལ་དོད་པོ་ཡིན་པ་སོགས་མི་དམངས་མང་ཚོགས་ལ་ཐོབ་སྣང་དང་བདེ་སྐྱིད་ཀྱི་སྣང་བ་སྦྱིན་ཡོད་པས། དབུལ་བོའི་ཞྭ་མོ་ཁག་ཕུད་པའི་དམིགས་ཚད་ཡོངས་སུ་ལེགས་འགྲུབ་བྱུང་ཡོད་པ་རེད།

ལོ་ཙཱ་བ། ཁོན་ཐར་འཚོ།