ཆོས་དབྱིངས་སྐྱིད་དང་བཀྲ་ཤིས་དབྱངས་འབུམ། ཀླུ་མོ་མཚོ། ཆོས་སྐྱིད་སྒྲོལ་མ་བཅས་མི་བཞི་རྒྱལ་ཁབ་ཀྱི་མཆོང་རྒྱུགས་འཕེན་གསུམ་གྱི་ཐུན་མོང་སྦྱོང་བརྡར་རུ་ཁག་ཏུ་བདམས་ཐོན་བྱུང་བ།

          ཟླ11པའི་ཚེས8ཉིན། གསར་འགོད་པས་ལུས་རྩལ་ཅུའུ་ནས་གནས་ཚུལ་ཤེས་གསལ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་བྱ་བའི་རུ་ཆེན་དང་པོའི་ལུས་རྩལ་པ་ཆོས་དབྱིངས་སྐྱིད་དང་བཀྲ་ཤིས་དབྱངས་འབུམ། ཀླུ་མོ་མཚོ། ཆོས་སྐྱིད་སྒྲོལ་མ་བཅས་མི་བཞི་རྒྱལ་ཁབ་ཀྱི་མཆོང་རྒྱུགས་འཕེན་གསུམ་གྱི་ཐུན་མོང་སྦྱོང་བརྡར་རུ་ཁག་ཏུ་བདམས་ཐོན་བྱུང་།

          ཐེངས་འདིའི་ཐུན་མོང་སྦྱོང་བརྡར་ཀྱི་དུས་ཚོད་ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་ནས་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་བར་ཡིན་ལ། དམིགས་ཡུལ་གཅོ་བོ་ནི་ཉིས་སྟོང་བཅོ་བརྒྱད་ལོའི་ཡ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུགས་འཕེན་གསུམ་གྱི་རྣམ་གྲངས་ལ་སྦྱོང་བརྡར་བྱེད་པ་དང་རང་རྒྱལ་གྱི་སྦྱོང་བརྡར་ནུས་བ་མཐོར་འདེགས་གཏོང་བ། ཉིས་སྟོང་ཉི་ཤུ་ལོའི་ཏུང་ཅིན་ཨོ་ལིན་ཕིག་ཁི་ལུས་རྩལ་འགྲན་ཚོགས་ལ་གྲ་སྒྲིག་བྱེད་རྒྱུ་དེ་རེད།