སྟག་ལྷ་རྒྱལ་གྱི«དབྱར་རྩྭ་དགུན་འབུ»ལ་གསེར་གྱི་རྟགས་མ་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་འདི་དག་རིང་པེ་ཅིང་དུ་ཚ་ཚ་འུར་འུར་ངང་སྤེལ་གྱིན་པའི་སྐབས་གཉིས་པའི་ཀྲུང་གོའི་མི་རིགས་ལོ་རྒྱུས་དངོས་བཤུས་གློག་བརྙན་གྱི་རིག་གཞུང་འགྲེམ་སྟོན(第二届中国民族志纪录片学术展 Beijing Ethnographic Film Festival)སྤྱི་ཚེས12ཉིན་གཞི་ནས་མཇུག་རྫོགས་ཤིང་། ཐེངས་འདིའི་གཙོ་སྒྲུབ་སྡེ་ཁག་གིས་གློག་བརྙན་པའི་སྡེ་དང་མི་རིགས་རིག་པའི་སྡེ། མིའི་རིགས་རིག་པའི་སྡེ། དངོས་མང་བཤམས་སྟོན་པའི་སྡེ་བཅས་ནས་ཁ་ཡོད་ལག་ཡོད་ཀྱི་མི་སྣ་མང་པོ་དཔྱད་འདེམས་པར་གདན་འདྲེན་ཞུས་ཤིང་།  ད་ལོའི་ཟླ་བཞི་བ་ནས་བརྗོད་གཞི་དང་འབྲེལ་ཡོད་ཀྱི་དངོས་བཤུས་གློག་བརྙན་བསྡུ་མགོ་བརྩམས་པར། སྔ་ཕྱིར་གློག་བརྙན175འབྱོར་ཞིང་། དེ་ལས་གློག་བརྙན40ལེགས་འདེམས་སྒོས་ཐེངས་འདིའི་འགྲེམ་སྟོན་དུ་བསྟན།  

ཐེངས་འདིའི་འགྲེམ་སྟོན་ལ་བོད་ཀྱི་འཚོ་བ་བརྗོད་བྱ་བྱས་པའི་གློག་བརྙན་ཡང་མང་དག་ཅིག་ཡོད་པ་ལས། བོད་པ་རང་གིས་བཟོས་པའི་གློག་བརྙན་ཡང་ཁ་ཤས་འདུག་པ་སྟེ།  དཔེར་ན། སྐལ་བཟང་ཉི་མའི«བདེ་ལྡན་ཞིང་བཟང»(凡尘净土)  དང་སྟག་ལྷ་རྒྱལ་གྱི་«དབྱར་རྩྭ་དགུན་འབུ»(冬虫夏草)  ཚེ་རིང་སྒྲོལ་མའི«ཁ་བ་དཀར་པོ»(卡瓦格博)  སོགས་ཡོད་འདུག་ཅིང་། མཇུག་མཐའི་དཔྱད་འདེམས་ཁྲོད། སྟག་ལྷ་རྒྱལ་གྱིས་ཕབ་སྐྲུན་བྱས་པའི་དངོས་བཤུས་གློག་བརྙན«དབྱར་རྩྭ་དགུན་འབུ»གློག་བརྙན་ཀུན་ལས་གཟེངས་ཐོན་སྒོས་གསེར་གྱི་རྟགས་མ(金收藏奖)ཐོབ་འདུག

སྟག་ལྷ་རྒྱལ།

བྱ་དགའི་དཔང་ཡིག

གློག་བརྙན་«དབྱར་རྩྭ་དགུན་འབུ»རུ་མཚོ་སྔོན་ཞོན་ཧྭ་བ་ཞིག་མགོ་ལོག་སར་དབྱར་རྩྭ་དགུན་འབུ་བརྐོ་རུ་སོང་བའི་གནས་ཚུལ་བརྗོད་པ་བརྒྱུད་བོད་ཁུལ་གྱི་དབྱར་རྩྭ་དགུན་འབུའི་ཉོ་ཚོང་སོགས་ཐད་ཀྱི་རྙོག་དྲའི་གཏམ་རྒྱུད་ཅིག་བརྗོད་འདུག

འགྲེམ་སྟོན་རེའུ་མིག