བཅའ་ཁྲིམས་ཀྱི་རོགས་སྐྱོར་དགོས་ན་རེ་བ་ཇི་ལྟར་ཞུ་དགོས།

བཅའ་ཁྲིམས་ཀྱི་རོགས་སྐྱོར་ཞེས་པ་ནི་སྲིད་གཞུང་གིས་བཙུགས་པའི་བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ཀྱིས་སྒྲིག་འཛུགས་བྱས་པའི་བཅའ་ཁྲིམས་རོགས་སྐྱོར་མཁན་གྱིས་དཔལ་འབྱོར་ལ་དཀའ་ངལ་ཡོད་པའམ་དམིགས་བསལ་གྱི་གྱོད་ཉེས་བསགས་མཁན་ལ་བཅའ་ཁྲིམས་ཕྱོགས་ནས་རིན་མེད་ཞབས་ཞུ་འདོན་པའི་བཅའ་ཁྲིམས་འགན་སྲུང་གི་ལམ་ལུགས་ཤིག་རེད། དེའི་རོགས་སྐྱོར་བྱ་ཡུལ་ནི།  འབྲེལ་ཡོད་གཏན་འབེབས་ལྟར་ན་རང་རྒྱལ་གྱི་བཅའ་ཁྲིམས་རོགས་སྐྱོར་བྱ་ཡུལ་ནི། རང་རྒྱལ་གྱི་སྤྱི་དམངས་དང་ཆ་རྐྱེན་ངེས་ཅན་ཚང་བའི་རྒྱལ་ཕྱིའི་སྤྱི་དམངས་ཏེ།  དཔལ་འབྱོར་ལ་དཀའ་ངལ་འཕྲད་པ་དང་དམིགས་བསལ་གྱི་གྱོད་ཉེས་བསགས་མཁན་དག་ཡིན།

ཆ་རྐྱེན་གང་དག་ལྡན་ན་ད་གཟོད་བཅའ་ཁྲིམས་ཀྱི་རོགས་སྐྱོར་བྱེད་ངེས་ཟེར་ན། དཔལ་འབྱོར་གྱི་དཀའ་ངལ་འཕྲད་མཁན་(ཡུལ་དེ་གའི་སྲིད་གཞུང་སྡེ་ཁག་གིས་གཏན་ལ་ཕབ་ཡོད་པའི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞིར་འཛིན་པ)རང་བདག་ལ་ནུས་པ་ཅི་ཡང་མེད་པའམ་བཅའ་ཁྲིམས་ཀྱི་ཞབས་ཞུ་འགྲོ་གྲོན་རྩིས་སྤྲོད་ཀྱི་ནུས་པ་མེད་པ།  རང་བདག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ལ་དགོས་ངེས་རོགས་རམ་སྐོར་གྱི་དོན་མཐུན་ར་སྤྲོད་ཡོད་པའི་རང་རྒྱལ་གྱི་སྤྱི་དམངས་ཡིན་པ་བཅས་ཀྱི་སྤྱིར་བཏང་གི་ཆ་རྐྱེན་དག་འཛོམས་ན་བཅའ་ཁྲིམས་ཀྱི་རོགས་སྐྱོར་ལ་རེ་བ་ཞུས་ཆོག 
        གཞན་ཉེས་དོན་གྱོད་གཞི་ལས་འཛིན་བཟུང་ཐེབས་མཁན་ཕྱོགས་ལ་བཅའ་ཁྲིམས་ཀྱི་རོགས་སྐྱོར་དགོས་ཚེ་དམིགས་བསལ་གྱི་ཆ་རྐྱེན་འདི་དག་ཚང་དགོས།

༡   མིག་ལོང་བ་དང་འོན་པ། ལྐུགས་པ། གཞོན་པའི་ལོ་ཚད་མ་ལོན་མེད་པའི་བྱིས་པ་ཉེས་ཅན་དང་ཡང་ན་དོགས་ཡོད་ཉེས་ཅན། ཐ་ན་སྲོག་ཆད་ཕོག་མཁན་ལ་མངགས་བཅོལ་གྱི་དག་འབུད་མཁན་ཁྲིམས་རོགས་པ་མེད་པའི་རིགས་ལ་བཅའ་ཁྲིམས་ཀྱི་རོགས་སྐྱོར་དགོས་པའི་རེ་བ་ཞུས་ཆོག

༢     གཞན་དབང་བོ་སྐྱོན་ཅན་དང་ལོ་ལོན་རྒས་འཁོགས་ཕྱོགས་ཀྱི་ཁྲིམས་འོག་ཏུ་ཚུད་པའི་ཉེས་ཅན་དང་ཡང་ན་དོགས་ཡོད་ཉེས་ཅན་རིགས་དེ་ལ་དཔལ་འབྱོར་གྱི་དཀའ་ངལ་འཕྲད་ནས་དག་འབུད་མཁན་ཁྲིམས་རོགས་པ་གདན་ཞུ་བའི་ནུས་པ་མེད་པ་དག་གིས་བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ལ་རོགས་སྐྱོར་དགོས་པའི་རེ་བ་ཞུས་ཆོག  

༣      ཉེས་དོན་གྱོད་གཞི་ཁྲོད་དུ་རྒྱལ་ཕྱིའི་ཉེས་ཅན་ལ་དག་འབུད་མཁན་ཁྲིམས་རོགས་པ་མེད་ཚེ། ཁྲིམས་ཁང་ནས་དམིགས་སུ་དག་འབུད་ཁྲིམས་རོགས་པ་བཀོད་སྒྲིག་བྱེད་ངེས།

བཅའ་ཁྲིམས་རོགས་སྐྱོར་ཞུ་དུས་ཚང་དགོས་པའི་རྒྱུ་ཆ་གང་དག་དགོས།

དག་འབུད་དམིགས་སུ་བཙུགས་མེད་པའི་བྱས་ཉེས་གྱོད་དོན་གཏུག་བཤེར་དང་གྱོད་དོན་གཏུག་བཤེར་གཞན་དག་ཐད་ལ་བཅའ་ཁྲིམས་ཀྱིས་རོགས་སྐྱོར་དགོས་ཚེ། རོགས་སྐྱོར་ཞུ་མཁན་གྱིས་ཡུལ་ཁོངས་དེ་ལ་བདག་སྐྱོང་བྱེད་དབང་ཡོད་པའི་ཡུལ་དེའི་བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ལ་རེ་བ་ཞུས་ཆོག

གཏུག་བཤེར་མི་དགོས་པའི་རྩོད་གཞི་ལ་བཅའ་ཁྲིམས་ཀྱིས་རོགས་སྐྱོར་དགོས་ཚེ། སྙན་ཞུ་མཁན་གྱིས་རང་སྡོད་སའམ་ལས་ཁུངས་ཡོད་སའི་ཁོངས་གཏོགས་ཀྱི་བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ལ་རེ་བ་ཞུས་ཆོག   སྙན་ཞུ་དེ་ཡིག་ཐོག་ནས་ཞུ་དགོས་པ་མ་ཟད།  ཐོབ་ཐང་ལག་འཁྱེར་དང་།  ཐེམ་ཐོའི་དཔང་ཡིག་གམ་གནས་སྐབས་གཞིས་སྡོད་དཔང་ཡིག    དེ་མིན་ལས་ཁུངས་ཀྱིས་བཏོན་པའི་སྙན་ཞུ་མཁན་དང་དེའི་ནང་མི།  དཔལ་འབྱོར་གྱི་གནས་ཚུལ་ཆ་ཚང་སྐོར་གྱི་དཔང་ཡིག     བཅའ་ཁྲིམས་ཀྱི་རོགས་སྐྱོར་ལ་རེ་བ་ཞུ་དགོས་པའི་རྒྱུ་རྐྱེན། གཞན་བཅའ་ཁྲིམས་རོགས་སྐྱོར་བྱེད་མཁན་ལས་ཁུངས་ཕྱོགས་ནས་བཏོན་པའི་དགོས་ངེས་ཀྱི་རྒྱུ་ཆ་གཞན་དག་བཅས་འདོན་སྤྲོད་བྱེད་དགོས།

སྙན་ཞུ་བྱེད་མཁན་ཕྱོགས་དེ་བྱིས་པའམ་ཡང་ན་དམངས་དོན་གྱི་བྱ་སྤྱོད་ནུས་པ་བྲལ་བའི་མི་ཞིག་ཡིན་ཚེ།  དེའི་ལྟ་སྐྱོང་བྱེད་མཁན་ཀྱིས་ཚབ་བྱས་ཏེ་སྙན་ཞུ་འབུལ་དགོས་པ་མ་ཟད། ཚབ་བྱེད་པས་ཐོག་མར་ཚབ་བྱེད་ཐོབ་ཐང་གི་དཔང་ཡིག་ཅིག་བཅའ་ཁྲིམས་རོགས་སྐྱོར་ཕྱོགས་ལ་སྤྲོད་དགོས།

ཟི་ལིང་གྲོང་ཁྱེར་གྱི་ཆུས་གཞི་དང་རྫོང་གསུམ་གྱི་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་ཀྱི་ས་གནས་དང་བློ་འདྲི་བྱེད་སའི་ཁ་པར་ཨང་གྲངས་ཞིབ་ཕྲ་གཤམ་གསལ།

ཟི་ལིང་གྲོང་ཁྱེར་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་དེ་ཟི་ལིང་མཁར་དབུས་ཁུལ་ཅིའོ་ཁྲང་ལམ་ཨང་༡༠བར་ཡོད་ཅིང་། བློ་འདྲི་ཁ་པར་ཨང་གྲངས ༦༡༤༢༤༩༡ཡིན།

མཁར་ནུབ་ཁུལ་གྱི་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་དེ་ཐུན་རེན་ལམ་ཨང་༢༡པར་ཡོད་ཅིང་། བློ་འདྲི་ཁ་པར་ཨང་གྲངས་༦༡༥༠༩༩༠ཡིན།

མཁར་བྱང་ཁུལ་གྱི་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་དེ་མཁར་བྱང་ཁུལ་ཉིང་ཀྲང་ལམ་ཨང༤༤བར་ཡོད་ཅིང་། ཁ་པར་ཨང་གྲངས༥༥༡༤༧༩༠ཡིན།

རྟ་ཐང་རྫོང་གི་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་དེ་ཟམ་མགོ་(桥头)གྲོང་རྡལ་གྱི་ཉིང་ཏཱ་ལམ་ཨང་༡༥བར་ཡོད་ཅིང་། ཁ་པར་ཨང་གྲངས་༢༧༣༡༥༥༡ཡིན།

མཁར་ཤར་ཁུལ་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་དེ་ཏུང་ཀོན་ལམ་ཆེན་ཨང༧༢བར་ཡོད་ཅིང་། ཁ་པར་ཨང་གྲངས༨༡༡༠༡༤༨ཡིན།

ཙོང་ཁ་རྫོང་གི་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་དེ་ཀྲུང་ལུང་ལམ་ཨང་༥བར་ཡོད་ཅིང་། ཁ་པར་ཨང་གྲངས༢༢༣༦༠༢༣ཡིན།

མཁར་དབུས་ཁུལ་གྱི་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་དེ་མཁར་དབུས་ཁུལ་ཀྲུང་ཧེ་ལམ་(庄和路)ཨང་༦པར་ཡོད་ཅིང་། ཁ་པར་ཨང་གྲངས༨༢༣༦༠༡༩ཡིན།

སྟོང་སྐོར་རྫོང་གི་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་དེ་འཛུགས་སྐྲུན་ནུབ་ལམ་ཨང༣༡པར་ཡོད་ཅིང་། ཁ་པར་ཨང་གྲངས༢༤༣༧༡༧༧ཡིན།

ཞེས་ཟི་ལིང་གྲོང་ཁྱེར་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་ཀྱི་འབྲེལ་ཡོད་ལས་བྱེད་པ་ནས།