ཝང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྐྱོར་གསར་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་སུ་ཞུགས།

ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་དབྱང་གིས་པེ་ཅིན་ནས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྐྱོར་གསར་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ཉེར་གཅིག་པ་བསྡུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་དབྱང་གིས་ཚེས་བཅུ་གསུམ་ཉིན་པེ་ཅིན་ནས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྐྱོར་གསར་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ཉེར་གཅིག་པ་བསྡུས། ཁོང་གིས་གྲོས་ཚོགས་སྟེང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དབུལ་ཐར་མཁྲེགས་གཏོར་བྱ་བ་སྔར་ལས་བཟང་བོར་སྒྲུབ་པའི་སྐོར་གྱི་བཀོད་སྒྲིག་གསར་བ་དང་རེ་བ་གསར་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་གསར་སྤེལ་བྱ་བའི་སྐོར་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ནས། དུས་རབས་གསར་བའི་དབུལ་ཐར་མཁྲེགས་གཏོར་བྱ་བའི་འཐབ་ཇུས་ཀྱི་གོ་གནས་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པ་དང་། དབུལ་ཐར་མཁྲེགས་གཏོར་བྱ་བའི་འགན་འཁྲི་དང་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། ཉེན་ཁའི་འདུ་ཤེས་དང་གནད་དོན་ཁ་ཕྱོགས་ལ་གཙིགས་འཛིན་བྱས་ནས། སྟོབས་ཤུགས་ཡོད་རྒུས་དབུལ་ཐར་མཁྲེགས་གཏོར་བྱ་བ་བཟང་བོར་སྒྲུབ་པ་དང་། ང་ཚོ་ཏང་གིས་མི་དམངས་ཡོངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་བཞག་པའི་དམ་བཅའ་དངོས་སུ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཞེས་ནན་གྱིས་གསུངས།

ཝང་དབྱང་གིས་ནན་གྱིས་བསྟན་དོན། གཞི་རིམ་དབུལ་སྐྱོར་ལས་བྱེད་པའི་གསོ་སྦྱོང་བྱ་བར་ཤུགས་སྣོན་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དབུལ་ཐར་བྱ་བའི་སྐོར་གྱི་རེ་བ་གཙོ་བོར་བཟུང་སྟེ་སྒྲོག་འགྲེལ་དང་། དབུལ་ཐར་མཁྲེགས་གཏོར་བྱ་བའི་ལམ་ལུགས་དང་སྲིད་ཇུས་བྱེད་ཐབས་བཅས་སྒྲོག་འགྲེལ། སྤྱོད་ཚུལ་ལེགས་སྒྱུར་བྱེད་པའི་བྱེད་ཐབས་སྒྲོག་འགྲེལ་བཅས་བྱེད་དགོས། སྡེ་བར་སྡོད་པའི་རོགས་སྐྱོར་བྱ་བའི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། བྱ་བ་ཚད་ལྡན་དུ་བཏང་སྟེ། དབུལ་སྐྱོར་བྱེད་ཤེས་པ་དང་། དབུལ་སྐྱོར་བྱེད་ཐུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་དབུལ་སྐྱོར་བྱ་བའི་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས་ཟེར།