ཞིང་ཆེན་ནོར་སྲིད་ཐིན་གྱིས་དམངས་ཚིས་ལས་དོན་ཁག་བཅུ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱེད་པར་སྐུལ་སྤེལ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་ཞིང་ཆེན་ནོར་སྲིད་ཐིན་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ཚུན་ལ། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་བསྒྱུར་བ་བཞི་ལ་སྐུལ་འདེད་བྱས་ཏེ་ཏན་ཏིག་བཞི་དོན་འཁྱོལ་བྱེད་པ་དང་ནོར་སྲིད་ལ་བརྟེན་ནས་དམངས་ཚིས་མཐའ་འཁྱོངས་བྱེད་པའི་བྱ་བའི་བསམ་ཕྱོགས་བརྟན་པོ་བཙུགས་ཏེ། དམངས་ཚིས་ལས་དོན་འགན་སྲུང་དང་སྒྱུར་བཅོས་བྱེད་པ་དེ་ལས་དོན་གལ་ཆེན་ཏུ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལྟར། དམངས་ཚིས་ལས་དོན་ཁག་བཅུ་ལག་བསྟར་བྱས་ནས་སྡེ་ཚན་སྣེ་ཁྲིད་དུ་བྱས་པ་དང་། དམངས་ཚིས་ལས་དོན་ཁག་བཅུའི་ལས་དོན་དངོས་ལ་སྐུལ་འདེད་བྱས་ནས་ཕན་འབྲས་གསར་བ་བླངས་པ་རེད། ད་སྔར། དམངས་ཚིས་ལས་དོན་ཁག་བཅུ་དེ་ཞིབ་ཕྲའི་ལས་དོན47གྱི་ལས་འགན་དང་འབྲེལ་ཡོད་ལ། དམངས་ཚིས་དམིགས་ཚད་ལས་འགན13ལས་ལས་འགན12ལེགས་འགྲུབ་བྱུང་ཡོད།ལྷག་མའི་ལས་འགན34ཁྲོད་ཀྱི་བརྒྱ་ཆའི80ལེགས་འགྲུབ་བྱུང་ཡོད་ཅིང་། གཏན་འཁེལ་བྱས་པའི་དམངས་ཚིས་དོན་དངོས་ལས་དོན་ཁག་དུས་བཀག་ལྟར་ལེགས་འགྲུབ་ཡོང་བར་འགན་སྲུང་བྱས་ཏེ། ཕྱིན་ཆད་ཀྱི་དམངས་ཚིས་ལས་དོན་ཁག་བསྒྲུབ་པར་སྟབས་བདེ་བསྐྲུན་ཡོད་པ་རེད།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་མིའི་ཡོང་འབབ་རྒྱུན་མཐུད་དང་མཐོ་རུ་འགྲོ་བ་དང་། འགྲོ་འོང་ཤར་གཏོང་ལས་གཞི་ལ་སྐུལ་འདེད་གཏོང་བ།མི་སྡོད་ཁོར་ཡུག་ལ་ཟམ་མ་ཆད་པར་ལེགས་བཅོས་བྱེད་པ། བདེ་ཐང་ལས་གཞི་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་བཅས་ཀྱི་མིག་སྔའི་དམངས་ཚིས་ལས་དོན་ཁག་བཅུ་ལེགས་འགྲུབ་བྱུང་བའི་གནས་ཚུལ་ལ་བལྟས་ན། ལས་ཞུགས་དང་ལས་གཏོད་ཐད་ནས། དབུལ་སྐྱོར་ལས་ཞུགས་དང་ལས་གཏོད་ཀྱི་སྲིད་ཇུས་ཁག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་ནུས་པའི་གསོ་སྦྱོང་ལས་འགན་གྱི་མི་ཐེངས་ཁྲི6.17དང་། གྲོང་བརྡལ་གྱི་གསར་སྣོན་ལས་ཞུགས་ཀྱི་མི་གྲངས་ཁྲི5.36ལེགས་འགྲུབ་བྱས། སློབ་གསོའི་ཐད་ནས། ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གཉིས་ཀྱི་དབུལ་ཕོངས་ཁྱིམ་ཚང་གི་དབང་བོ་སྐྱོན་ཅན་སློབ་མའི་ལོ15རིན་མེད་སློབ་གསོ་ལོངས་སྤྱོད་བྱེད་པ་དང་། འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མའི་སྤྱི་སྤྱོད་འགྲོ་གྲོན་ཁ་གསབ་ཚད་གཞི་མཐོ་རུ་ལེགས་སྒྲིག་བྱས་ཏེ། བྱིས་བཅོལ་ཁང70བསྐྲུན་པ་དང་། འོས་འགན་སློབ་གསོའི་ཁྱོན་ཡོངས་ནས་སློབ་ཁང་སྒྱུར་བཀོད་བྱེད་པའི་ལས་གཞི167ལེགས་འགྲུབ་བྱས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་མིའི་ཡོང་འབབ་ཐད་ནས། རྣམ་པ་གསར་བའི་ལས་གཉེར་དང་། སྤྱི་ཚོགས་འགན་སྲུང་ངོས་ཐད་ཀྱི་དམིགས་ཚད། ཞིང་དར་ཞིང་ཕན་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་པ་བཅས་ལ་བརྟེན་ནས། གྲོང་ཁྱེར་དང་གྲོང་གསེབ་སྡོད་མིའི་ཡོང་འབབ་མཐོ་རུ་བཏང་བ་རེད།

དེ་ལས་གཞན། འགྲོ་འོང་ཤར་གཏོང་ལས་གཞི་བདེ་བླག་ངང་སྤེལ་བ། འགྲུལ་ལམ་བདེ་བའི་ཟི་ལིང་བསྐྲུན་པའི་ལས་གཞི་ལ་སྐུལ་སྤེལ་བྱས་ནས། ཁུ་ནུ་ཟམ་ཆེན་རྒྱ་བསྐྱེད་དང་། གཞོང་ཐང་ལམ་གྱི་སྦྲེལ་མཐུད་སོགས་གྲོང་ཁྱེར་གྱི་གཙོ་གནད་ལམ་འཛུགས་སྐྲུན་གྱི་ལས་གཞི26ལེགས་འགྲུབ་བྱས་པ་དང་། ཅ་ཏིན་ནས་ནུབ་མཚོ་དང་།ནུབ་མཚོ་ནས་ཚ་ཧན་ལོ་བར་གྱི་གཞུང་ལམ་ལས་གཞི་སྐྲུན་མགོ་ཚུགས་ལ། ཞིང་སྡེའི་གཞུང་ལམ་སྤྱི་ལེ6300དང་ཟམ་པ176རྒྱས་བསྐྲུན་བྱས། མི་སྡོད་ཁོར་ཡུག་ལེགས་བཅོས་ཐད་ནས།གྲོང་བརྡལ་གྱི་སྤྱིལ་རྙིང་ཁུལ་ཁྲི4.6སྒྱུར་བཀོད་དང་ རོང་འབྲོག་མིའི་ཁང་རྙིང་ཁྲི5.21སྒྱུར་བཀོད་ལས་གཞི་དང་། དེ་མིན། མཛེས་པའི་གྲོང་བརྡལ16དང་། མཐོ་སྒང་གི་མཛེས་པའི་ཞིང་སྡེ300། ས་མཐོའི་དབྱང་ཤག8སོགས་ཀྱི་འཛུགས་སྐྲུན་ལས་གཞི་སྤེལ་མགོ་ཚུགས། ཞིང་སྡེའི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས100དང་། སྡོད་ཁུལ་གློག་རྡུལ་དམངས་ཕན་ཞབས་ཞུའི་དྲ་ཚུགས་གནས20འཛུགས་སྐྲུན་ལེགས་འགྲུབ་བྱས།

  དམངས་ཚིས་ལས་དོན་ཁག་བཅུ་བདེ་བླག་ངང་ལེགས་འགྲུབ་བྱུང་བར་འགན་སྲུང་བྱ་ཆེད། ཞིང་ཆེན་ནོར་སྲིད་ཐིན་གྱིས་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་སྒོས་ལྟ་སྐུལ་ཚོགས་ཆུང་དྲུག་བཙུགས་ཏེ།གྲོང་ཁྱེར་བརྒྱད་དང་། ཁུལ་དང་དང་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་ནས་དམངས་ཚིས་ལས་དོན་ཁག་བཅུ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་ལས་དོན་སྤེལ་བ་དང་། ཡུལ་དངོས་ཀྱི་དམངས་ཚིས་ལས་གཞིའི་གནས་ཚུལ་ལ་ལྟ་ཞིབ་བྱས་ཤིང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གི་དམངས་ཚིས་ལས་དོན་གྱི་སྤྱིའི་འཕེལ་རིམ་གནས་ཚུལ་ལ་ཤེས་རྟོགས་དང་ཚོད་འཛིན་ལེགས་པོ་བྱས།

ལོ་ཙཱ་བ། ཀླུ་མོ།