མཚོ་ནུབ་ཁུལ་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་གསར་སྐྲུན་ལས་དོན་ཡག་པོར་སྒྲུབ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གསར་སྐྲུན་ལས་དོན་སྔར་ལས་ཡག་པོར་བསྒྲུབ་ཆེད། ཟླ11པའི་ཚེས་10ཉིན།མཚོ་ནུབ་ཁུལ་གསར་སྐྲུན་ལས་དོན་སྣེ་ཁྲིད་ཚོགས་ཆུང་གིས་ལས་དོན་གྲོས་ཚོགས་བསྡུས་ཏེ། ལས་དོན་གྱི་ལས་འགན་ཞིབ་ཕྲ་བཟོས་ནས་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་ཞིབ་བཤེར་ལ་བསུ་བ་བྱས།

གྲོས་ཚོགས་ཀྱི་བླང་བྱ་ལྟར་ན། ཁུལ་ཡོངས་ཀྱི་ས་གནས་དང་།ལས་ཁུངས། སྡེ་ཁག་སོ་སོས་ཚད་མཐོ་པོས་གསར་སྐྲུན་ལས་དོན་ལ་མཐོང་ཆེན་བྱས་ཏེ། རྒྱལ་ཁབ་ཀྱིས་ཞིབ་བཤེར་རྩིས་ལེན་དང་ཁུལ་རིམ་པའི་ལོ་མཇུག་གི་དཔྱད་ཞིབ་ལས་དོན་ཏན་ཏིག་ངང་ཡག་པོར་སྒྲུབ་དགོས་པ་དང་། རྒྱལ་ཁབ་ཀྱིས་མི་རིགས་མཐུན་སྒྲིལ་ཚད་ལེན་དཔྱད་བསྡུར་དམིགས་ཚད་ཀྱི་ནང་དོན་དང་བསྡུར་ནས་རྣམ་གྲངས་རེ་རེ་བཞིན་ལག་བསྟར་བྱ་དགོས། ལས་ཁུངས་ཁག་གིས་ཉེ་དུས་ལས་དོན་ཁྲོད་དུ་གནས་པའི་གནད་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱས་ནས་ནན་ཏན་གྱིས་ལེགས་སྒྲིག་དང་དག་ཐེར་བྱས་ཏེ།ཚད་གཞི་ལྟར་ནན་ཏན་གྱིས་ ཆེད་དོན་པར་གཞི་དང་། འགྲེམས་པང་། སྙན་ཞུའི་ཡིག་རིགས་སོགས་ཀྱི་ནང་དོན་མྱུར་དུ་གསར་སྒྱུར་དང་། དྲིལ་བསྒྲགས་ཀྱི་ཁོར་ཡུག་བཟང་པོ་འོས་འཚམ་ཞིག་བསྐྲུན་ཏེ།   མི་རིགས་ཁག་གི་མང་ཚོགས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་སྐྲུན་བྱེད་སྒོའི་རྟོགས་ཚད་དངོས་སུ་ཇེ་མཐོར་ཕྱིན་པ་དང་། མི་རིགས་ཁག་གི་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་གྱི་གསར་སྐྲུན་ཁྲོད་ཞུགས་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ཇེ་དྲག་ཏུ་གཏོང་དགོས་ཞེས་བསྟན།

གྲོས་ཚོགས་གྱིས་བསྟན་དོན། དཔེ་སྟོན་ས་ཚིགས་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་པ་དང་། ཁྱད་ཆོས་འབུར་ཐོན་གྱི་རྒྱལ་ཁབ་ཀྱི་ཞིབ་བཤེར་ལ་བསུ་བ་བྱེད་པའིི་གྲ་སྒྲིག་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་། མཚོ་ནུབ་ཁུལ་གྱིས་ཉེ་བའི་ལོ་ཤས་རིང་གསར་སྐྲུན་ལས་དོན་གྱི་ཁྱད་ཆོས་ལ་ཇི་མ་ཇི་བཞིན་དུ་མངོན་ཏེ་ནན་ཏན་གྱིས་ཉམས་མྱོང་ཕྱོགས་བསྡོམས་བྱ་དགོས་པ་དང་།དཔེ་སྟོན་ས་ཚིགས་གཞན་ཀྱི་ལས་ཁུངས་གཞན་དག་ཀྱང་རྒྱལ་ཁབ་ཀྱི་ཞིབ་བཤེར་ཚད་ལེན་བྱ་དགོས་པས། ཧུར་ཐག་སྒོས་རྒྱལ་ཁབ་ཀྱི་ཞིབ་བཤེར་ལ་བསུ་བའི་ལས་དོན་ཁག་ལ་གཞོགས་འདེགས་བྱས་ཏེ། མཚོ་ནུབ་ཁུལ་གྱི་གསར་སྐྲུན་ལས་དོན་བདེ་བླག་ངང་ཞིབ་བཤེར་ཚད་ལེན་ཐུབ་པར་འགན་ལེན་བྱེད་དགོས་ཞེས་བསྟན།

ལོ་ཙཱ་བ། གཡང་སྐྱིད།