ཞིང་ཆེན་གྱི་སྤྱི་ལ་མི་དབང་བའི་དཔལ་འབྱོར་ཁྱབ་ཁོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གསོ་སྦྱོང་འཛིན་གྲྭ་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11པའི་ཚེས11 ཉིན་ནས་ཚེས11ཉིན་ལ་མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་། ཞིང་ཆེན་ཚོང་ཚོགས་ཀྱིས་གཙོ་གཉེར་བྱས་པའི་ཞིང་ཆེན་གྱི་སྤྱི་ལ་མི་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་ཁྱབ་ཁོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གསོ་སྦྱོང་འཛིན་གྲྭ་ཟི་ལིང་དུ་འཚོགས་པ་རེད་། ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོང་ཡུང་གསབ་སྦྱོང་འཛིན་གྲྭ་ལ་ཞུགས་པར་མ་ཟད་ད་དུང་སློབ་ཁྲིད་བྱས། ཞིང་ཆེན་མཉམ་འབྲེལ་ཁེ་ལས་མཁས་ཅན་ཀྲུའུ་ཞི་གཞོན་པ་དང་། ཞིང་ཆེན་ཚོང་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཞིང་ཆེན་མཉམ་འབྲེལ་ལག་བསྟར་ཨུ་ཡོན་ལྷན་ཁང(རྒྱུན་ལས) ། གྲོང་ཁྱེར་དང་། ཁུལ།རྫོང་ཁག་གིས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བློ་མཐུན་དང་དེ་བཞིན་ཁོངས་གཏོགས་རྫོང་། ཚོང་ལས( གྲོས་མོལ) མཐུན་ཚོགས་ཀྱི་འགན་འཁུར་བ་བཅས་མི་གྲངས་200 ལྷག་ཙམ་སྦྱོང་བརྡར་འཛིན་གྲྭར་ཞུགས་པ།

ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭ་ལས་འགན་གཙོ་བོ་ནི་ཞིང་ཆེན་ཡོངས་ཀྱི་སྤྱི་ལ་མི་དབང་པའི་དཔལ་འབྱོར་ཁྱབ་ཁོངས་སུ་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ཏེ་བསམ་བློ་དང་བྱ་སྤྱོད་གཉིས་ཞིང་ཆེན་ཏང་ཨུའི་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱས་ནས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་དང་དགོས་གཏུག་འདུ་ཤེས་ལ་བརྟེན་ཏེ། མཐུན་ཆ་གཅིག་འདུས་དང་སྡོམ་ཤུགས་ཆགས་པ་དང་།  ཐུན་མོང་གི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་དཔལ་འབྱོར་གཞན་སྒྱུར་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་། སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་དང་དར་རྒྱས་གོང་འཕེལ། ལྗང་མདོག་སྐྱེ་ཁམས་རྒྱུན་མཐུད་འཕེལ་རྒྱས་ཀྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བཅས་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཅུས་ཁེ་ཀྲུང་གདན་ཞུས་ལྟར་ཆེད་དོན་ཟུར་ཁྲིད་གནང་བ་རེད་།

ཁོང་ཡུང་གིས་ཞིང་ཆེན་ཡོངས་ཀྱི་རིམ་ཁག་བཟོ་ཚོང་མཉམ་འབྲེལ་རྩ་འཛུགས་ཀྱིས་རྒྱ་ཆེའི་དམངས་གཉེར་ཁེ་ལས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་དང་། དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་ལེན་དགོས་དང་།ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་བརྟེན་ནས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་གཞག་གི་ཁྱོན་ཡོངས་གཅིག་འདོམས་དང་། རྒྱ་ཁྱབ་ཏུ་སྤྱི་ལ་མི་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣའི་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ། “ སྐྱོན་བྲལ་གཉིས” ལ་སྐུལ་འདེད་གཏོང་གང་ཐུབ་བྱེད་དགོས་པ་དང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ཚན་རིག་ཅན་དུ་འགྱུར་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན།

བསམ་བློ་གསར་པ་ལག་ལེན་མཐར་ཕྱིན་བྱ་དགོས་ཤིང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡང་དག་པ་འགན་ལེན་བྱེད་དགོས་པ་དང་། འདུ་ཤེས་གསར་པ་ལག་བསྟར་བྱེད་ནས་སྤྱི་ལ་མི་དབང་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས་པ་དང་། བྱེད་ཐབས་གསར་པར་ཤུགས་བརྒྱབ་ནས་འབད་བརྩོན་ཆེན་པོས་དམངས་གཉེར་ཁེ་ལས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་བ་དང་། གཟུགས་བརྙན་གསར་པ་འཛུགས་ཏེ་ཤུགས་ཆེན པོས་ཁེ་ལས་པའི་སྙིང་སྟོབས་དར་སྤེལ་གཏོང་དགོས་ཞེས་བསྟན།

ལོ་ཙཱ་བ། གཡང་སྐྱིད།