བོད་རིགས་སྡེ་བ་ཞིག་གིས་ཁྲུང་ཁྲུང་གསོས་ནས་དབུལ་ཐར་བྱས་པའི་གཏམ་རྒྱུད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།ཉེ་ལམ།ཟི་ལིང་གྲོང་ཁྱེར་དགུང་དྲོའི་ཚགས་པར་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ཞིང་སྡེ་རུ་བསྐྱོད་པའི་བྱེད་སྒོ་སྤེལ་བ་དང་།གསར་འགོད་པའི་རུ་ཁག་ཆུང་བ་ཙོང་ཁ་རྫོང་རུ་གསར་གྲོང་རྡལ་ཨ་ཀྱ་གྲོང་ཚོའི་རིག་གནས་ཐང་ཆེན་ནས་རྐང་ཚུགས་ཏེ།སྡེ་མི་ཡོངས་ཀྱིས་ལོ་རྒྱུས་ལ་ཉན་པར་མ་ཟད་ད་དུང་ལོ་རྒྱུས་བཤད་པ་དང་།ཏང་གི་ཚོགས་ཆེན་བཅུ་དགུ་བའི་དུས་དང་བསྟུན་ནས་ང་ཚོའི་སྡེ་བས་དབུལ་ཐར་ཐད་ལ་སྔར་ལས་ལྷག་པའི་སྒོ་ནས་འབད་པ་བྱེད་དགོས་ཟེར།

ཙོང་ཁ་རྫོང་རུ་གསར་གྲོང་རྡལ་ཨ་ཀྱ་སྡེ་བ་ནི་བོད་རིགས་ཀྱི་སྡེ་བ་ཞིག་ཡིན་པ་དང་།དབུལ་ཕོངས་སྡེ་བ་གཙོ་བོའི་གྲས་སུ་གཏོགས་ལ།སྡེ་དམངས་ཡོངས་ཀྱིས་སྲོལ་རྒྱུན་གྱི་གསོ་སྤེལ་ལ་བརྟེན་པ་མ་གཏོགས།ཕྱིར་སོང་ནས་ཞོར་ལས་ལ་བརྟེན་ནས་ཁྱིམ་དུ་གནས་པའི་དཔལ་འབྱོར་གནད་དོན་ཐག་གཅོད་བྱས་པ་རེད།སྲོལ་རྒྱུན་གསོ་སྤེལ་གྱི་མ་དངུལ་གཏོང་ཤུགས་ཆེ་ལ།ཉན་ཁ་ཆེ་བར་མ་ཟད།ཕྱིར་སོང་ནས་ཞོར་ལས་བྱས་ན་ལག་རྩལ་གྱིས་མི་འདང་བ་དང་ཡོང་འབབ་ཉུང་བ་རེད།འོན་ཀྱང་།ན་ནིང་ལོ་ནས་བཟུང་།སྡེ་བས་ཁྲུང་ཁྲུང་གསོས་ནས་རྒྱ་ཆེའི་མང་ཚོགས་ཡོངས་ཀྱིས་ཡོང་འབབ་བཙལ་བ་དང་།ཝང་ཆིས་ཡོན་ནི་དེའི་ཁྲོད་ཀྱི་སྡེ་དམངས་ཞིག་ཡིིན་ལ།ཁོས་བཤད་རྒྱུར།ང་དེང་མ་དབུལ་བོ་ཡིན་པའི་སྐབས་སུ་ཁྱིམ་དུ་སྒོར་100ཡང་ཁྱེར་ཡོང་མི་ཐུབ་ལ།ནད་ཕོག་པ་དང་བྱིས་པ་སློབ་གྲྭར་འགྲོ་བ་སོགས་ཚང་མར་སྒོར་མོ་དགོས་ན་ཡང་སྒོར་མོ་མེད་པས་སེམས་ཚབ་པ་མ་གཏོགས་ཅི་ཡང་སྒྲུབ་མི་ཐུབ་པ་རེད།འོན་ཀྱང་ཏང་གི་སེམས་ཁུར་དང་རྒྱབ་སྐྱོར་འོག་འཚོ་བ་རིམ་བཞིན་ཇེ་ལེགས་སུ་སོང་བར་མ་ཟད།ཁྱོད་ཚོས་ལྟས་དང་།ངས་ན་ནིང་ཁྲུང་ཁྲུང་གསོ་སྤེལ་བྱས་ནས་སྒོར་8000བཙལ་བ་དང་།སྲིད་གཞུང་གི་བཀའ་དྲིན་མཚོ་ལས་ཟབ་ཟེར།ཏང་གི་ཚོགས་ཆེན་བཅུ་དགུ་བའི་རྗེས་སུ་དབུལ་ཐར་བྱེད་ཆེད།ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་འབད་པ་བྱེད་དགོས་ལ།ངེད་ཚང་གི་འཚོ་བ་ཇེ་བཟང་ནས་ཇེ་ལེགས་སུ་འགྲོ་སྲིད་ཟེར།

སྡེ་བའི་ཧྲུའུ་ཅི་དང་པོ་ཞའོ་ཞིས་ཆང་གིས་བཤད་རྒྱུར།སྡེ་བའི་ནང་ན་ཉིན་རེར་གཏམ་རྒྱུད་གསར་བ་རེར་བྱུང་ལ།གཏམ་རྒྱུད་རེ་རེའི་ཁྲོད་ན་སེམས་འགུལ་ཐེབས་པའི་མཛད་རྗེས་རེ་ཡོད་ལ།ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སྒུལ་ཤུགས་སུ་རྩིས་ནས་སྡེ་བ་འདིའི་སྡེ་དམངས་ཡོངས་ཇེ་ཕྱུག་ཇེ་དར་དུ་འགྲོ་བ་དང་།འཚོ་བ་ཇེ་བཟང་ནས་ཇེ་ལེགས་སུ་འགྲོ་བར་ཡིད་ཆེས་བརྟན་པོ་ཡོད་ཟེར།མིག་སྔར།བདག་གིས་སྒྲུབ་དགོས་པ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སྡེ་བའི་སྡེ་དམངས་ཡོངས་ལ་སྒྲོག་འགྲེལ་བྱས་ནས་མང་ཚོགས་ལ་དངོས་སུ་ཏང་གི་ཐུགས་ཁུར་མྱོང་དུ་འཇུག་དགོས་པ་དེ་ཡིན་ཟེར།

ལོ་ཙཱ་བ། ཤ་མོ་འཚོ།