ཞིང་ཆེན་སྤྱི་ཚོགས་ཚན་རིག་རིགས་པའི་གཞུང་ལུགས་ལས་རིགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས་ལག་ལེན་མཐར་ཕྱིན་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ11པའི་ཚེས13ཉིན། ཞིང་ཆེན་དྲིལ་བསྒྲགས་པུའུ་དང་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། མཚོ་སྔོན་ཏང་གི་འཚོ་བའི་དུས་དེབ་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས་ལག་ལེན་མཐར་ཕྱིན་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། ཞིང་ཆེན་སྒྲིག་ཨུད་དང་ཞིང་ཆེན་ཏང་ཨུའི་སྲིད་ཇུས་ཞིབ་འཇུག་ཁང་། སྡེ་ཚོགས་ཞིང་ཨུད་དང་ཞིང་ཆེན་གོང་འཕེལ་བསྒྱུར་བཅོས་ཨུ་ལྷན། ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཐིང་དང་ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིང་དེ་བཞིན་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ལས་ཁུངས་བཅས་ཀྱི་འགན་འཁུར་བློ་མཐུན་དང་རིགས་གཅིག་མཁས་ཅན་དང་མཁས་དབང་བཅས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་དམིགས་ཏེ། རིགས་པའི་གཞུང་ལུགས་དང་ལག་ལེན། ལོ་རྒྱུས་དང་དོན་དངོས། དེང་སྐབས་དང་མ་འོངས་པའི་ཐད་ནས་སྤེལ་རེས་དང་བགྲོ་གླེང་བྱས་པ་རེད།

ཚང་མའི་ལྟ་ཚུལ་ལྟར་ན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ནས་ལོ་ལྔའི་ནང་དུ། ཏང་དང་རྒྱལ་ཁབ་དེ་བཞིན་རང་ཞིང་གི་འཕེལ་རྒྱས་ལ་ཕྱོགས་ཡོངས་དང་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་དང་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་བའི་ཆེས་གཞི་རྩ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དར་ཆ་སྒྲེང་ཕྱོགས་གཏན་འཁེལ་ཡིན་པ་དང་། འཐབ་ཇུས་ལ་མཁས་པ་དང་།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་རེད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་གཞི་རྩའི་ཐབས་ཇུས་གསལ་བོར་བཏོན་ཡོད་པ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་བཏབ་ཡོད་ལ། དེ་ནི་ང་ཚོའི་ཏང་དུས་རབས་གསར་པར་བསྐྱོད་པ་དང་འཐབ་ལམ་གསར་པར་བསྐྱོད་པ། ནང་དོན་གསར་བ་འབྲི་བའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན་ཡིན།

ཚང་མས་བསྟན་དོན། སྤྱི་ཚོགས་ཚན་རིག་རིགས་པའི་གཞུང་ལུགས་ལས་དོན་པ་ཞིག་ཡིན་པའི་ཆ་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན་དང་ཆབ་སྲིད་ཀྱི་འཕེལ་ལམ་ཐོག་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡིན་པ་རྒྱུན་འཁྱོངས་བྱེད་དགོས་ལ། ལྷག་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ལོ་རྒྱུས་ཀྱི་གོ་གནས་དང་ཕུན་སུམ་ཚོགས་པའི་ནང་དོན་ལ་ནན་ཏན་གྱིས་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱེད་དགོས་ཟེར།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།