དམར་གཙང་ས་ཁུལ་གནའ་མཁར་ཤང་གིས་དབུལ་ཕོངས་ཁྱིམ་ཚང་ལ་ཁེ་ཕན་བགོ་བཤའ་བརྒྱབ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་སྔོན་མཚོ་ཤར་གྲོང་ཁྱེར་དམར་གཙང་ས་ཁུལ་གྲ་མོང་སྤྱི་མཐུན་སྐྱེ་ཁམས་རི་བྱ་གསོ་སྤེལ་ཆེད་གཉེར་མཉམ་ལས་ཁང་གིས་གནའ་མཁར་ཧའེ་རིགས་ཤང་གནའ་མཁར་སྡེ་བ་འདུས་པའི་སྡེ་བ7གྱི་དབུལ་ཕོངས་ཁྱིམ་ཚང44ལ་ད་ལོའི་མ་རྐང་སྐབས་གཉིས་པའི་ཁེ་ཕན་བགོ་བཤའ་བརྒྱབ་པ་དང་ཁྱོན་བསྡོམས་ཁེ་ཕན་མ་དངུལ་སྒོར་56160བགོས་པ་དེས་དབུལ་ཕོངས་ཁྱིམ་ཚང་དག་གི་དོན་དངོས་ཀྱི་དཀའ་ཁག་གང་མང་ཞིག་ཐག་གཅོད་བྱས་པ་རེད།

2016ལོར་གནའ་མཁར་ཤང་གིས་མཉམ་ལས་ཁང་དང་དབུལ་ཕོངས་ཁྱིམ་ཚང་ཟུང་འབྲེལ་ལ་སྣེ་ཁྲིད་བྱས་ཏེ། ཐོན་ལས་འཕེལ་རྒྱས་ཁྲོད་དཀའ་ཁག་ཅན་གྱི་དབུལ་ཁྱིམ་ཡིག་ཚགས་ཅན་དག་མཉམ་ལས་ཁང་དུ་ཟབ་ཞུགས་བྱེད་པའི་རྣམ་པ་བེད་སྤྱད་ནས། ཆ་སྙོམས་མི་རེར་སྒོར5400ཡིི་ཐོན་ལས་དབུལ་སྐྱོར་མ་དངུལ་གྱི་མ་རྐང་འཇོག་དུ་བཅུག་ནས་མ་རྐང་བཞག་པ་ནས་དཔལ་འབྱོར་གྱི་ཁེ་ཕན་བཟང་ཞིང་། སྤྱི་ཚོགས་ཀྱི་འགན་འཁྲི་ཟབ་པའི་གྲ་མོང་སྤྱི་མཐུན་སྐྱེ་ཁམས་རི་བྱ་གསོ་སྤེལ་ཆེད་གཉེར་མཉམ་ལས་ཁང་ལ་བཅོལ། ཆེད་གཉེར་མཉམ་ལས་ཁང་དང་དབུལ་ཕོངས་ཁྱིམ་ཚང་དབར་དུ་རང་མོས་སྒོས་མཉམ་ལས་ཁང་དུ་ཟབ་ཞུགས་བྱེད་པའི་གྲོས་མཐུན་གན་རྒྱ་བཞག་པ་དང་། ལོ་རེར་མཉམ་ལས་ཁང་དུ་ཟབ་ཞུགས་བྱེད་པའི་མ་དངུལ་གྱི་བརྒྱ་ཆའི་བརྒྱད་རྨང་གཞིའི་རྩིས་གཞི་བྱས་ཏེ་ཁེ་སྤོགས་བགོ་བཤའ་དང་ཆེད་གཉེར་མཉམ་ལས་ཁང་གི་ཁོངས་མིའི་ཁྲོད་བླངས་པ་རེད། དེ་མིན་རང་སྟེང་ན་མོས་འདུན་ཡོད་ལ། འཕེལ་རྒྱས་ཀྱི་འདུ་ཤེས་ཟབ་པའི་ཁྱིམ་ཚང་དབུལ་བོ20ལ་ཁྱིམ་བྱ་གསོ་སྤེལ་རྟེན་གཞི་བཙུགས་ནས་ཁྱིམ་ཚང་དབུལ་བོ20ལ་ཁྱིམ་བྱ་གསོ་སྤེལ་ར་བ་བཙུགས་པ་མ་ཟད། ཁྱིམ་བྱའི་བྱ་ཕྲུག་མཁོ་སྤྲོད། གསོ་སྤེལ་ལག་རྩལ་སོགས་མཁོ་སྤྲོད་བྱས་ཏེ། མཉམ་ལས་ཁང་གིས་བྱ་སྒོང་རེར་སྒོར1.2བྱིན་ནས་ཉོ་བསྡུ་བྱས་པས། ཆ་སྙོམས་བྱས་ན་ཁྱིམ་ཚང་གཅིག་གི་ལོ་རེའི་ཡོང་འབབ་སྒོར་ཁྲི1.3ལ་སླེབས་ཡོད།

ཁྱིམ་ཚང་དབུལ་བོ་དག་གིས་ཁེ་ཕན་བགོ་བཤའ་བླངས་རྗེས་སྤྲོ་སེམས་འཁོལ་བའི་ངང་བསྟན་དོན། གནད་འཁེལ་དབུལ་སྐྱོར་གྱི་སྲིད་ཇུས་བཟང་བོས་ཁོ་ཚོར་ཏང་དང་སྲིད་གཞུང་གི་མཛའ་བརྩེ་དང་ཐུགས་ཁུར་ཚོར་དུ་བཅུག་པ་མ་ཟད། ཁོ་ཚོའི་དྲོད་ཁོལ་ཡང་ཚོར་དུ་བཅུག དེའི་མི་ཚད་ཁོ་ཚོའི་འཚོ་བའི་ཁོར་ཡུག་ལ་བཅོས་སྒྱུར་བྱས་ཏེ། ཁོ་ཚོའི་འཚོ་བའི་སྤུས་ཚད་ཡང་སྔར་ལས་ཇེ་མཐོར་བཏང་། དུས་མཉམ་དུ་གོམ་གང་མདུན་སྤོས་སྒོས་ཁོ་ཚོར་དབུལ་ཐར་ཕྱུག་འགྱུར་གྱི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་སྐྱེས་སུ་བཅུག་ནས། རྗེས་ཕྱོགས་ཀྱི་དབུལ་ཐར་ཕྱུག་འགྱུར་གྱི་བགྲོད་ལམ་སྟེང་ཁོ་ཚོས་རང་ཉིད་ཀྱི་སྟོབས་ཤུགས་འདོན་སྤེལ་སྒོས་དཀའ་ཁག་གང་མང་ཁྱད་གསོད་ཀྱིས་དབུལ་ཕོངས་སྡེ་བའི་ཞྭ་མོ་རིང་དུ་གཡུག་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།