རང་ཞིང་གིས་རིག་གནས་བྱེད་སྒོ་ཉིས་སྟོང་ལྷག་སྤེལ་ནས་ཚོགས་ཆེན་བཅུ་དགུའི་དགོངས་དོན་དྲིལ་སྒྲོག་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  གསར་འགོད་པས་ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིན་ནས་རྒྱུས་ལོན་པ་ལྟར་ན། རང་ཞིང་གི་དུས་ཡུན་ཟླ5རིང་ཚོགས་ཆེན་བཅུ་དགུའི་སྙིང་སྟོབས་སློབ་སྦྱོང་དང་དྲིལ་སྒྲོག་གི་རིག་གནས་བྱེད་སྒོ་རབ་དང་རིམ་པ་སྤེལ། ཐེངས་འདིའི་བྱེད་སྒོ་སྟེ“དུས་རབས་གསར་པའི་ཀྲུང་གོའི་ཕུགས་འདུན་མཉམ་འགྲུབ་ལ་གླུ་ཡིས་བསུ་”ཞེས་པ་བརྗོད་བྱར་བཟུང་ནས། ཟླ11པ་ནས་མགོ་བརྩམས་ཏེ་ཞིང་ཆེན་ཡོངས་ཀྱི་རིག་གནས་སྡེ་ཁག་གིས་མཉམ་དུ་མང་ཚོགས་ཀྱི་རིག་གནས་མུ་འབྲེལ་དང་བརྗོད་དོན་གཙོ་བོའི་འཆད་ཁྲིད་རབ་དང་རིམ་པ། བརྗོད་དོན་གཙོ་བོའི་འགྲེམས་སྟོན་རབ་དང་རིམ་པ། ཆེད་ལས་ཟློས་གར་ཚོགས་པའི་འཁྲབ་སྟོན་ཁག་ཆེ་གྲས་བཞི་དང་བཅས་རིག་གནས་བྱེད་སྒོ2000 ལྷག་ཙམ་སྤེལ།

མང་ཚོགས་ཀྱི་རིག་གནས་རིམ་སྤེལ་བྱེད་སྒོ་དེ་ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་རིག་གནས་ཁང་གིས་རྩ་འཛུགས་བྱས་ཏེ། ལས་ཞོར་རིག་རྩལ་ཚོགས་པས་རིག་རྩལ་འཁྲབ་ཚན་གསར་རྩོམ་དང་རྩོམ་སྒྲིག་བྱས་ཏེ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་རིག་རྩལ་ལེ་ཚན་དེ། ཟློས་གར་ཁང་དང་མང་ཚོགས་ཐང་ཆེན། སྡེ་བ། སློབ་གྲྭ། ཁེ་ལས། དམག་སྒར་བཅས་སུ་སྐོར་སྐྱོད་བྱས་ནས་འཁྲབ་སྟོན་བྱས་ཏེ། ཞིང་ཆེན་ཡོངས་ཀྱིས་ཚོགས་ཆེན་བཅུ་དགུའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ལ་སྤྱི་ཚོགས་རིག་གནས་ཀྱི་མཁའ་དབུགས་ཡག་པོ་སྐྲུན། ཞིང་ཆེན་གྱིས་ཆེད་ལས་ཟློས་གར་ཚོགས་པ8སྐོང་འཐེན་བྱས་ནས་ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་ཏུ་བསྐྱོད་དེ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་སྒྲོག་གི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཞི་རིམ་དུ་བསྐྱོད་ནས་དུད་ཁྱིམ་ཁྲི་སྟོང་མང་པོར་ཕྱིན། ཟླ11པའི་ཚེས་10 ཉིན་ནས་བཟུང་། བརྗོད་དོན་སྣ་ཚོགས་ཀྱི་འཆད་ཁྲིད་བྱ་འགུལ་དེ་ཞིང་ཆེན་རིག་གནས་ཁང་དང་། ཞིང་ཆེན་དཔེ་དེབ་ཁང་གིས་སྤེལ་འགོ་ཚུགས་ཤིང་། དེའི་ནང་དུ་རིག་གནས་འཆད་ཁྲིད་ཆེན་མོ་དང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཟུར་ཁྲིད་སྙན་སྒྲོན་ཚོགས་འདུ། ཚོགས་ཆེན་བཅུ་དགུ་པའི་ཀློག་པ་པོ་དང་གླེང་སྟེགས་བྱེད་སྒོ་སློབ་སྦྱོང་། གསར་བརྗེའི་དྲན་ཤེས་ཁྱབ་གཏོང་། ཚོགས་ཆེན་བཅུ་དགུ་པའི་བྱེད་སྒོ་སོགས་གཙོ་གནད་དཔེ་དེབ་པར་སྐྲུན་བཅས་ཀྱི་བྱ་འགུལ་སྤེལ་ཏེ། མང་ཚོགས་ལ་སྲོལ་རྒྱུན་རིག་གནས་སློབ་གསོ་དང་། འབྲེལ་ཡོད་རིག་གནས་ཀྱི་ཤེས་ཡོན་ཁྱབ་གདལ་དུ་གཏོང་བར་ཤུགས་བསྣན་པ་རེད།

དེ་ལས་གཞན། 《 མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔ་ཚན་བཅུ་གཉིས་པའི” འཕེལ་རྒྱས་གྲུབ་འབྲས་འགྲེམས་སྟོན》《རབ་མཛེས་མཚོ་སྔོན་ལ་ལྟ》ཞེས་པའི་པར་རིས་འགྲེམས་སྟོན།《ཐོག་མའི་སེམས་འདུན་མི་བརྗེད་པར། ཧུར་ཐག་འབད་བརྩོན་བྱེད》ཞེས་པའི་རི་མོའི་འགྲེམས་སྟོན། 《བརྟན་བརླང་གི་རིག་གནས་ཡིད་རྟོན་དང་ལོ་རྒྱུས་ཀྱི་སྲོག་རྩ་རྒྱུད་འཛིན 》སོགས་ཀྱི་འགྲེམས་སྟོན་ཡང་མི་འགྱང་བར་ཞིང་ཆེན་རྟེན་རྫས་བཤམས་སྟོན་ཁང་ནས་འགྲེམས་སྟོན་བྱ་རྒྱུ་ཡིན་ཞིང་། ཚོགས་ཆེན་བཅུ་དགུའི་ཚུན་གྱི་མཚོ་སྔོན་གྱི་རི་ཀླུང་གི་མཛེས་སྡུག་དང་མི་ཆོས་ཀུན་སྤྱོད་རྒྱ་ཆེ་བའི་མང་ཚོགས་ལ་འགྲེམས་སྟོན་བྱ་རྒྱུ་རེད།

ལོ་ཙཱ་བ།རྟ་མགྲིན་དཔལ།