ཞིང་ཆེན་སྲིད་གྲོས་ཀྱིས་ཁྲིམས་འཛུགས་གྲོས་མོལ་ཚོགས་འདུ་བསྡུས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།   ཉེ་སྔོན།  ཞིང་ཆེན་སྲིད་གྲོས་ཀྱིས་ཁྲིམས་འཛུགས་གྲོས་མོལ་ཚོགས་འདུ་བསྡུས་ཏེ་སྐབས་བཅུ་གཅིག་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཁྲིམས་འཛུགས་གྲོས་མོལ་བྱ་བ་ཁྱོན་ཡོངས་ནས་སྤྱི་བསྡོམས་བྱས།   ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་གྱིས་གཏམ་བཤད་གནང་བ་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཅིས་རིན་ཧྥིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད།  

གྲོས་ཚོགས་སྟེང་ཞིང་ཆེན་སྲིད་གྲོས་ཀྱིས་ཁྲིམས་འཛུགས་གྲོས་མོལ་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་ཏེ། ཞིང་ཆེན་སྲིད་གྲོས་ཀྱིས་ཁྲིམས་འཛུགས་གྲོས་མོལ་གྱི་ཕུལ་བྱུང་ཆེད་མཁས་པ་བཅུ་ལ་གཟེངས་བསྟོད་བྱས།

རིན་ཆེན་རྒྱལ་གྱིས་བསྟན་དོན།  ཏང་གི་ཚོགས་ཆེན་བཅུ་དགུ་བས་དུས་རབས་གསར་བའི་ཁྱོན་ཡོངས་ཀྱི་ཁྲིམས་བརྟེན་རྒྱལ་སྐྱོང་ལ་བླང་བྱ་གསར་བ་བཏོན་ཡོད་པ་རེད།འདིའི་མི་དམངས་སྲིད་གྲོས་ཀྱིས་ཁྲིམས་འཛུགས་གྲོས་མོལ་བྱ་བ་སྤེལ་བར་གཞི་རྩའི་བརྩི་སྲུང་དང་གཞུང་ལུགས་མཛུབ་སྟོན་འདོན་སྤྲོད་བྱས་ཏེ།   སྲིད་གྲོས་ཀྱིས་ཁྲིམས་འཛུགས་གྲོས་མོལ་སྤེལ་བར་ཧུར་བསྐྱེད་ཀྱིས་འཚོལ་ཞིབ་དང་ལག་ལེན་བྱས་ནས་སྲིད་གཞུང་ལ་ཞུགས་པ་དང་སྲིད་དོན་གྲོས་མོལ་བྱེད་པའི་རྒྱ་ཁྱོན་དང་ས་ཁོངས་རྒྱ་ཆེར་བཏང་སྟེ།   ཞིང་ཆེན་སྲིད་གྲོས་ཀྱིས་ཚན་རིག་མཐུན་པའི་ཁྲིམས་འཛུགས་དང་དམངས་གཙོ་ཁྲིམས་འཛུགས་ཀྱི་ཕྱོགས་ནས་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཟེར། ཁོས་བསྟན་དོན། རང་ཞིང་གི་སྲིད་གྲོས་ཁྲིམས་འཛུགས་གྲོས་མོལ་བྱ་བར་རང་ཉིད་ཀྱི་ཚོང་རྟགས་དང་ཁྱད་ཆོས།  ཆོས་ཉིད་བཅས་ཀྱི་ཐོག་མའི་རྣམ་པ་གྲུབ་ཏེ་འཚོལ་ཞིབ་བྱས་ནས་རྒྱལ་ཁའི་ཉམས་མྱོང་དང་བྱེད་ཐབས་སུ་གྲུབ་ཡོད་ལ་ཕྱོགས་ཁ་ཤས་ཐད་ནས་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་སླེབས་ཡོད།    དུས་མཚུངས་སུ་ཆེད་མཁས་པའི་ཁྲོད་ཀྱི་ཁྲིམས་རྩོད་པའི་ལེགས་ཆ་འདོན་སྤེལ་བྱས་ཏེ།   སྲིད་གྲོས་ཨུ་ཡོན་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་སྟེང་གི་མང་ཚོགས་ལ་ཁྲིམས་ལུགས་བློ་འདྲི་འདོན་སྤྲོད་བྱས་ཏེ།  སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་དང་ཁྲིམས་ལྟར་བཅོས་སྐྱོང་ལ་སྐུལ་འདེད་བྱེད་པ་སོགས་ཀྱི་ཕྱོགས་ལ་ཧུར་བསྐྱེད་ཀྱིས་ནུས་པ་གལ་ཆེན་འདོན་དགོས་ཟེར།

ཞིང་ཆེན་དམངས་ཆེན་དང་ཞིང་ཆེན་སྲིད་གཞུང་།ཞིང་ཆེན་སྲིད་གྲོས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་དང་དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཏང་ཨུ།  ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས།  གྲོང་ཁྱེར་དང་ཁུལ་གྱི་སྲིད་གྲོས་འགན་ཁུར་བློ་མཐུན་དང་ཞིང་ཆེན་སྲིད་གྲོས་ཁྲིམས་འཛུགས་གྲོས་མོལ་ཇུས་འདོན་ཆེད་མཁས་པ་བཅས་གྲོས་ཚོགས་ལ་ཞུགས་ཡོད།