མཚོ་ཤར་གྱིས་ལས་བྱེད་པའི་ཚོད་ལྟའི་དུས་ཡུན་གྱི་དོ་དམ་ལ་ཤུགས་བསྣན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་ཤར་གྲོང་ཁྱེར་གྱིས་མགོ་ཁྲིད་ལས་བྱེད་པའི་འགན་འཁུར་སྐབས་ཀྱི་ཚོད་ལྟའི་དུས་ཡུན་ལམ་ལུགས་ལག་བསྟར་ནན་མོ་བྱས་པ་དང་། གསར་དུ་གོ་གནས་འཕར་བའི་མགོ་ཁྲིད་ལས་བྱེད་པའི་སྤྱོད་ཡོན་བྱང་ཚད་ལ་ཁྱོན་ཡོངས་ནས་རྒྱུས་ལོན་དང་། ལས་བྱེད་པའི་སྤྱི་ཡོངས་ནུས་པ་མཐོར་འདེགས་བྱེད་པ། ལས་བྱེད་པའི་བྱ་བའི་ཧུར་སེམས་རང་བཞིན་ལ་སྐུལ་སློང་བྱས་ཏེ།གསར་ཞུགས་ལས་བྱེད་པའི་འདེམས་སྤྱོད་བྱ་བར་འགན་སྲུང་ལེགས་པོ་ཐོབ།

མཚོ་ཤར་གྲོང་ཁྱེར་གྱིས་གསར་དུ་གོ་གནས་འཕར་བའི་རྫོང་ཁྲུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པའི་ལས་འགན་མ་འཁུར་སྔོན་གྱི་གླེང་མོལ་དང་སྲིད་དོན་གཙང་སྐྱོང་སྐོར་གྱི་གླེང་མོལ་ལམ་ལུགས་སོགས་རྒྱུན་འཁྱོངས་བྱས་ཏེ། གསར་དུ་གོ་གནས་འཕར་བའི་ལས་བྱེད་པའི་ཏང་གཤིས་ལ་ཤུགས་སྣོན་དང་འགན་འཁུར་ཕོད་པ། མཉམ་ལས་ལ་བརྩི་མཐོང་། སྒྲིག་ཁྲིམས་བརྩི་སྲུང་བྱེད་པའི་ཕྱོགས་ཀྱི་སློབ་གསོའི་སྣེ་སྟོན་ལ་ཤུགས་བསྣན། གསར་དུ་གོ་གནས་འཕར་བའི་ལས་བྱེད་པའི་འདུ་ཤེས་བཞི་ཇེ་དྲག་ཏུ་བཏང་སྟེ། སྤྱོད་པ་བཟང་ཞིང་ལས་ཀའི་འགན་འཁྲིའི་འདུ་ཤེས་བཟང་བའི་ལས་བྱེད་པ་ཚད་ལྡན་ཞིག་བྱ་རྒྱུ།

དུས་མཚུངས་སུ། ཚོད་ལྟའི་དུས་ཡུན་གྱི་ལས་བྱེད་པའི་ཉིན་རྒྱུན་གྱི་རྗེས་འདེད་གསོ་སྐྱོང་ལ་ཤུགས་བསྣན་ཏེ། འཚམས་འདྲིར་བསྐྱོད་དེ་རྟོག་ཞིབ་བྱེད་པ་དང་། སྡེ་ཚན་གྱི་མགོ་ཁྲིད་ལས་བྱེད་པ་གཙོ་བོ་དང་མཉམ་དུ་གླེང་མོལ་དང་སློབ་སྦྱོང་བྱེད་པ་སོགས་ཀྱི་ཐབས་ལམ་སྤྱོད་པ། དེ་མིན། ཚོད་ལྟའི་དུས་ཡུན་གྱི་ལས་བྱེད་པའི་བསམ་བློའི་འཁྱེར་སོ་དང་།ཕྱོགས་བསྡུས་མཚོན་ཚུལ། ལས་ཀའི་ནུས་པ། བྱ་བ་སྤྱོད་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱེད་པ། འཚམས་འདྲིའི་ལས་ཀའི་ཁྲོད་ཀྱི་གནད་དོན་ལ་དུས་ཐོག་ཏུ་དག་སྒྲིག་བྱེད་པ་དང་། བདའ་འདེད་འགན་འཁྲི་ལག་བསྟར་བྱེད་པ། སློབ་གསོའི་གསོ་སྦྱོང་ལ་ཤུགས་སྣོན་པ་དང་། གསར་དུ་ལས་ཞུགས་བྱས་པའི་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བསྒྲུབ་སྟེ། དམིགས་ས་ཡོད་པའི་སྒོ་ནས་འདེམས་སྤྱོད་ལས་བྱེད་པ་དག་ལས་སྒོའི་གསོ་སྦྱོང་ནང་ཞུགས་པ་དང་། ཁ་གསབ་སློབ་ཁྲིད་རྣམ་པ་སྤེལ་ཏེ། གསར་དུ་ལས་ཞུགས་བྱེད་པའི་ལས་བྱེད་པའི་ལས་སྒོའི་བྱང་ཚད་ཁྱོན་ཡོངས་ནས་མཐོར་འདེགས་སུ་འགྲོ་བར་སྐུལ་སྤེལ་བྱས།

 དེ་ལས་གཞན། མཚོ་ཤར་གྲོང་ཁྱེར་གྱིས་དཔྱད་ཞིབ་བྱ་བའི་གོ་རིམ་ནན་གྱིས་ལག་བསྟར་བྱས་ཏེ། ཚོགས་ཆེན་གྱི་བསྒྲུབ་ཚུལ་དང་དམ་པོར་སྦྲེལ་བ་དང་། དམངས་གཙོའི་ཚོད་ཞིབ། མི་རེར་བྱས་ནས་གླེང་མོལ་སྤེལ་བ་སོགས་ཀྱི་གོ་རིམ་བརྒྱུད། ས་གནས་ཐོག་ཏུ་དཔྱད་ཞིབ་སྤེལ་བ་དང་། མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱེད་པ་སོགས་ཀྱི་བྱེད་ཐབས་སྤེལ་བ། ལས་བྱེད་པའི་དོན་དངོས་ཀྱི་བྱ་བའི་ནུས་པ་དང་། ལས་ཀ་དང་འོས་འཚམ་ཡིན་མིན། འགན་སྒྲུབ་ནུས་པ་སོགས་ལ་རྟོག་ཞིབ་བྱེད་པའི་བྱ་བ་སྤེལ།

ལོ་ཙཱ་བ། ཀླུ་མོ།