ཆབ་ཆ་ནས་ཚྭ་ཁའི་བར་གྱི་མྱུར་བགྲོད་གཞུང་ལམ་ལེགས་འགྲུབ་ལ་ཞིབ་བཤེར་རྩིས་ལེན་ཐོབ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་སྔོན། ཆབ་ཆ་ནས་ཚྭ་ཁའི་བར་གྱི་མྱུར་བགྲོད་གཞུང་ལམ་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་སྒྲིག་འཛུགས་བྱས་ནས་གཞུང་ལམ་ལེགས་འགྲུབ་ལ་ཞིབ་བཤེར་རྩིས་ལེན་ཐོབ་པ།ཆབ་ཆ་ནས་ཚྭ་ཁའི་བར་གྱི་མྱུར་བགྲོད་གཞུང་ལམ་ལེགས་འགྲུབ་ཐོག་ཤར་གཏོང་བྱས་རྗེས་ཆབ་ཆ་ནས་ཚྭ་ཁའི་བར་ལ་དུས་ཚོད2ནང་སླེབས་ཐུབ་པས།འགྲོ་འོང་གིས་མང་ཚོགས་དང་ལྷག་པར་དུ་རང་ཞིང་གི་མཚོ་ལྷོ་དང་། མཚོ་ནུབ་ས་ཁུལ་གཉིས་ཀྱི་མི་དམངས་ལ་སྟབས་བདེ་ཆེན་པོ་ བསྐྲུན ཡོད་པ་རེད།

ཆབ་ཆ་ནས་ཚྭ་ཁའི་བར་གྱི་མྱུར་བགྲོད་གཞུང་ལམ་ལས་གཞི་འཛུགས་སྐྲུན་གྱི་རྣམ་གྲངས་དེ་རང་ཞིང་གི་མཚོ་ལྷོ་ཁུལ་དང་མཚོ་ནུབ་ཁུལ་གྱི་མངའ་ཁོངས་སུ་གནས་ཡོད་པ་དང་། རྒྱལ་ཁབ་ཀྱི་མྱུར་བགྲོད་གཞུང་ལམ་དྲ་བ་སྟེ་ཅིན་བོད་མྱུར་བགྲོད་གཞུང་ལམG6་གི་ལམ་མཚམས་གལ་ཆེན་ཤིག་ཞིག་ཡིན་ལ། རང་ཞིང་གི་གཞུང་ལམ་སྒྲོམ་གཞི་གཙོ་བོ་ནང་གི་གལ་ཆེན་གྱི་ལམ་དུམ་གྲས་ཀྱི་གཅིག་ཀྱང་ཡིན། རྣམ་གྲངས་དེའི་འགོ་འཛུགས་ས་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་གྱི་བདེ་སྐྱིད་ཐང་དང་མཇུག་སྒྲིལ་ས་གཡོན་གྱི་ལམ་ཐིག་གི་ད་ཡོད་ཀྱི་G109 ལམ་ཐིག K2260+698 དེར་མཐུད་ཡོད། གཞུང་ལམ་ལམ་ཐིག་སྤྱིའི་རིང་ཚད་ལ་སྤྱི་ལེ163.8དང་། འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར23.293བཏང་ཡོད། ལམ་ཐིག་ཧྲིལ་པོ་མྱུར་བགྲོད་གཞུང་ལམ་གྱི་ཚད་གཞི་ལྟར་འཛུགས་སྐྲུན་བྱས་ཡོད་པ་རེད།

 《 གཞུང་ལམ་ལས་གཞི་མཇུག་སྒྲིལ་རྩིས་ལེན་བྱ་ཐབས་ཀྱི་ལག་བསྟར་ཞིབ་སྲོལ་》གཞིར་བཟུང་སྟེ། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་འབྲེལ་ཡོད་ཀྱི་ཆེད་མཁས་པ་གདན་འདྲེན་ཞུས་ནས་ཚོགས་ཆུང6བགོས་ཏེ་ལམ་ཐིག་ཧྲིལ་པོའི་ལས་གཞིར་ས་གནས་ཐོག་ཏུ་རྩད་གཅོད་ཚད་ལེན་བྱས་པ་རེད།ཆེད་མཁས་པས་དཔྱད་མོལ་བྱས་པ་བརྒྱུད་ཆབ་ཆ་དང་ཚྭ་ཁའི་བར་གྱི་མྱུར་བགྲོད་གཞུང་ལམ་དེ་རླངས་འཁོར་ཤར་གཏོང་བྱ་རྒྱུ་བཀག་འགོག་མེད་ཀྱང་ལམ་ངོས་མཛེས་པ་དང་། ལམ་གཞི་སྤྱིར་ནས་བརྟན་པོ་བྱུང་བ་དང་། དམིགས་ཚད་གཙོ་བོ་ཁག་དེ་ཚད་གཞིའི་ཇུས་འགོད་ཀྱི་བླང་བྱ་དང་མཐུན་པ་དང་། སྤྱི་ཡོངས་ཀྱི་འཁོར་སྐྱོད་གནས་ཚུལ་ཅུང་ལེགས་པོ་ཡོད། རྣམ་གྲངས་ཚོད་ལྟའི་འཁོར་རྒྱུག་བྱས་པའི་དུས་ཡུན་ནང་དུ་ཞིང་ཆེན་མཐོ་རིམ་ལས་དོན་དོ་དམ་ཅུས་ཀྱིས་འཁོར་སྐྱོད་བྱེད་པའི་བརྒྱུད་རིམ་ཁྲོད་བྱུང་པའི་གནད་དོན་ལ་དམིགས་ནས་དག་ཐེར་ཡོ་བསྲང་དང་དོན་འཁྱོལ་ཡག་པོ་བྱས་ཡོད་ཚུལ་མགྲིན་གཅིག་ཏུ་བརྗོད་བྱུང་།

ཆབ་ཆ་ནས་ཚྭ་ཁའི་བར་གྱི་མྱུར་བགྲོད་གཞུང་ལམ་བསྐྲུན་ཚར་བ་འདིས་རང་ཞིང་གི་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་མ་ལམ་གཞུང་ལམ་དྲ་བ་འཐུས་ཚང་དུ་བཏང་སྟེ། གཞུང་ལམ་གཙོ་བོའི་དྲ་བའི་སྒྲོམ་གཞིའི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་གཞུང་ལམ་ཤར་གཏོང་གི་ནུས་པ་ལེགས་བཅོས་ཆེན་པོ་དང་། ཞབས་ཞུའི་ཆུ་ཚད་མཐོ་རུ་ཕྱིན་ཏེ་ཚྭ་འདམ་གཞོང་གི་ཐོན་ཁུངས་གསར་སྤེལ་མགྱོགས་སུ་གཏོང་བ། ཚྭ་འདམ་གཞོང་གི་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱ་རྒྱུ་སྐུལ་འདེད་གཏོང་བ་བཅས་ཚྭ་འདམ་གཞོང་གི་འཁོར་སྐྱོད་དཔལ་འབྱོར་ས་ཁུལ་དང་ཟི་ལིང་གི་གཙོ་གནད་ཀྱི་བཟོ་ལས་དཔལ་འབྱོར་ཁུལ་གཉིས་དང་ཟུང་འབྲེལ་དམ་པོ་བྱུང་ཡོད། རྒྱལ་ཁབ་ཀྱི་མྱུར་བགྲོད་གཞུང་ལམ་དྲ་བ་ནུབ་རྒྱུད་དུ་སྐུལ་འདེད་དང་སྣུར་སྲིང་གཏོང་བ་དང་བསྟུན་ནས་མཚོ་སྔོན་ཞིང་ཆེན་དང་།བོད་རང་སྐྱོང་ལྗོངས་དང་རྣམ་གྲངས་ལམ་རྒྱུད་ས་ཁུལ་གྱི་ཐོན་ཁུངས་གསར་སྤེལ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཡོང་རྒྱུ་ཐད་ནུས་ཤུགས་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུ་རེད།

ལོ་ཙཱ་བ། གཡང་སྐྱིད།