མཚོ་ནུབ་ཁུལ་གྱིས་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པར་ཁྲིམས་སྲོལ་གྱི་ཆེད་དོན་གསོ་སྦྱོང་བྱེད་པའི་འཛིན་གྲྭ་གཉེར་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11པའི་ ཚེས13 ཉིན།ཟླ12པའི་ཚེས4ཡི་རྩ་ཁྲིམས་དང་རྒྱལ་ཡོངས་ཁྲིམས་ལུགས་དྲིལ་བསྒྲགས་ཉིན་མོ་སླེབས་ལ་ཉེ་བའི་སྐབས། མཚོ་ནུབ་ཁུལ་གྱིས་ཁུལ་ཏང་ཨུའི་ཏང་གི་སློབ་གྲྭ་ནས་ཁུལ་ཐད་གཏོགས་ལས་ཁུངས་ཀྱི་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པའི་རྩ་ཁྲིམས་དང་ཏང་ནང་གི་ཁྲིམས་སྲོལ་སློབ་སྦྱོང་བྱེད་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་སྤེལ་བ་རེད།

གསོ་སྦྱོང་འཛིན་གྲྭའི་ཐོག་མཚོ་ནུབ་ཁུལ་ཏང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་སུའུ་ཀྲེ་ཆང་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཝང་ལི་མིང་བཅས་ནས་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཟོས་པའི་འགན་འཁྲི་བདའ་འདེད་བྱེད་ཐབས( ཚོད་ལྟའི་ལག་བསྟར)དང་།  གནས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་འགའ་ཞིག ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག དེ་བཞིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་་སོགས་ཁྲིམས་ལུགས་ཁྲིམས་སྲོལ་ལ་དམིགས་ནས་སློབ་ཁྲིད་བྱས་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན།གསོ་སྦྱོང་དེ་ནི་མཚོ་ནུབ་ཁུལ་སྒྲིག་བཤེརཏ་ཨུ་ཡོན་ལྷན་ཁང་དང་། ཁུལ་ཏང་ཨུའི་རྩ་འཛུགས་པུའུ། ཁུལ་ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་བ་ཞིག་ཡིན་ཞིང་། དམིགས་ཡུལ་ནི་ ཚོགས་ཆེན་བཅུ་དགུ་ པའི་བཅའ་ཁྲིམས་ལྟར་སྲིད་སྐྱོང་བ་དང་། ཁྲིམས་ལྟར་སྲིད་འཛིན་བཅས་ཀྱི་སྐོར་ལ་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་བྱས་ནས་ཐུན་མོང་ཐོག་སྐུལ་འདེད་བྱས་ཏེ་ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་།ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཏུ་འཛུགས་སྐྲུན་བྱ་རྒྱུ་རྒྱུན་འཁྱོངས་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་སྒྲིག་སྲོལ་ལྟར་ཏང་སྐྱོང་བ་གཅིག་གྱུར་གྱི་བླང་བྱ་གལ་ཆེན་གཞིར་བཟུང་། མཚོ་ནུབ་ཁུལ་གྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་རྩ་ཁྲིམས་ཀྱི་འདུ་ཤེས་དང་ཁྲིམས་སྐྱོང་གི་འདུ་ཤེས་སྔར་བས་མཐོ་རུ་བཏང་ནས་སྔར་ལས་ལྷག་པའི་སྒོ་ནས་རྩ་ཁྲིམས་སློབ་སྦྱོང་དང་ཏང་ནང་གི་ཁྲིམས་སྲོལ་དང་ལམ་ལུགས་ཁོང་དུ་ཆུད་པ། ཁྲིམས་སྐྱོང་གི་བསམ་བློ་བཀོལ་སྤྱོད་དང་ ཁྲིམས་སྐྱོང་གིས་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་ཇེ་མཐོར་བཏང་སྟེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲིའི་འདུ་ཤེས་སྔར་བས་ཤུགས་སྣོན་རྒྱག་པ་བཅས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་འགན་སྲུང་ཏན་ཏིག་བྱ་ཕྱིར་རེད།

མཚོ་ནུབ་ཁུལ་ཨུ་ཡོན་ལྷན་ཁང་གི་སྡེ་ཚན་ཁག་དང་། ཁུལ་ཐད་གཏོགས་སྡེ་ཚན་ཁག་དང་། མི་དམངས་ཀྱི་ཚོགས་པ་ཁག ཀྲུང་དབྱང་། ཞིང་ཆེན་དུ་ཁུལ་ནས་བཅའ་སྡོད་གྱི་ལས་ཁུངས། ཚྭ་འདམ་གཞོང་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟའི་ཁུལ་ཁྲུའུ་རིམ་པ་གཞོན་པ་ཡན་གྱི་ལས་བྱེད་པ་སོགས་གསོ་སྦྱོང་ནང་ཞུགས་པ་རེད།

ལོ་ཙཱ་བ། གཡང་སྐྱིད།