ཞི་ཅིན་ཕིང་གིས་ལའོ་ཝུའོ་ཡི་ཙུང་ལི་ཐུན་ལུང་ལ་མཇལ་འཕྲད་གནང་།

 

ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝན་ཞང་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་ནས་ལའོ་ཝུའོ་ཡི་ཙུང་ལི་ཐུན་ལུང་ལ་མཇལ་འཕྲད་གནང།

 

ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝན་ཞང་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་ནས་ལའོ་ཝུའོ་ཡི་ཙུང་ལི་ཐུན་ལུང་ལ་མཇལ་འཕྲད་གནང།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་བཞི་ཉིན་ཝན་ཞང་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་ནས་ལའོ་ཝུའོ་ཡི་ཙུང་ལི་ཐུན་ལུང་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་དང་ལའོ་ཝུའོ་གཉིས་ནི་རི་ཆུ་འབྲེལ་བའི་མཛའ་མཐུན་ཁྱིམ་མཚེས་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་སྲོལ་རྒྱུན་མཛའ་བཤེས་ཟབ་མོ་ལྡན། ང་དང་ལའོ་ཝུའོ་ཡི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་པིན་དབྱང་གིས་གཅིག་གྱུར་སྒོས་བལྟས་ན། གནས་བབ་གསར་བའི་འོག་ཀྲུང་གོ་དང་ལའོ་ཝུའོ་གཉིས་ཀྱི་འབྲེལ་བ་ཇེ་བརྟན་དང་འཕེལ་རྒྱས་སུ་བཏང་སྟེ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཀྲུང་གོ་དང་ལའོ་ཝུའོ་གཉིས་ཀྱི་འཐབ་ཇུས་དོན་སྙིང་ལྡན་པའི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་དགོས་པར་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལའོ་ཝུའོ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། མུ་མཐུད་དུ་ལའོ་ཝུའོ་བར་གྱི་མཛའ་མཐུན་སྲིད་ཇུས་བློ་བརྟན་འགྱུར་མེད་སྒོས་ལག་བསྟར་བྱེད་རྒྱུ་ཡིན། ལའོ་ཝུའོ་མི་དམངས་ཀྱིས་བསྒྱུར་བཅོས་སྒོ་འབྱེད་ཀྱི་ལས་དོན་ཁྲོད་གྲུབ་འབྲས་སྔར་ལས་ཆེན་པོ་བརྩོན་ལེན་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར།

ཐུན་ལུང་གིས་བཤད་རྒྱུར། ལའོ་ཝུའོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཐེངས་འདིའི་འཚམས་འདྲིའི་གྲུབ་འབྲས་ནན་ཏན་སྒོས་ལག་བསྟར་བྱས་ནས། ལའོ་ཝུའོ་དང་ཀྲུང་གོ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་བརྟན་པོ་ཞིག་འཛུགས་སྐྲུན་བྱེད་འདོད་ཡོད་ཟེར།

ཏིན་ཞའོ་ཞང་དང་ལིའུ་ཧི། དབྱང་ཅེ་ཁྲི་བཅས་ཀྲུང་གོ་ཕྱོགས་ཀྱི་མི་སྣ་དང་། ལའོ་ལུའོ་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཙུང་ལི་གཞོན་པ་སུང་སེ། ཙུང་ལི་གཞོན་པ་ཞོར་དུ་ནོར་སྲིད་པུའུ་ཀྲང་གི་འགན་ཁུར་མཁན་སུང་ཏིས་བཅས་མཇལ་འཕྲད་ལ་ཞུགས།