ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་ལག་བསྟར་བྱེད་པའི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་སྒྲོག་འགྲེལ་བྱ་འགུལ་སྤེལ་འགོ་བརྩམས།

ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གཅིག་གྱུར་གྱི་བཀོད་སྒྲིག་ལྟར་ན། ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་བཙུགས་པའི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པ་གྲོང་ཁྱེར་དང་ཁུལ་སོ་སོ་དང་། ཞིང་ཆེན་ཐད་གཏོགས་ལས་ཁ་ཤས། ཞིང་ཆེན་ཁོངས་གཏོགས་ཀྱི་ཁེ་ལས་དང་མཐོ་རིམ་སློབ་གྲྭ་སོ་སོ། རྫོང་དང་ཞང་། སྡེ་བ་ཁ་ཤས་བཅས་སུ་སོང་ནས། གཞི་ཁྱོན་ཆེན་པོ་དང་གཅིག་བསྡུས་ཀྱི་སྒོ་ནས་སྒྲོག་འགྲེལ་བྱ་འགུལ་སྤེལ་འགོ་བརྩམས། སྒྲོག་འགྲེལ་བྱེད་སྐབས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ཚོགས་ཆེན་བཅུ་དགུ་པའི་འདུ་ཤེས་བརྟན་པོ་ཆགས་པར་རོགས་རམ་བྱེད་པ་དང་། མཚོ་སྔོན་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་ལག་བསྟར་བྱེད་པའི་ཚ་རླབས་འཕྱུར་བར་བྱས་ཏེ། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བསམ་བློ་དང་སྦྱོར་བ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། སྟོབས་ཤུགས་ཚོགས་ཆེན་བཅུ་དགུ་པས་གཏན་ལ་ཕབ་པའི་ལས་འགན་སྣ་ཚོགས་ཀྱི་སྟེང་དུ་གཅིག་བསྡུས་བྱེད་པར་ཁྲིད་སྟོན་བྱེད་རྒྱུ་རེད།

ཉིན་དེར། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཧུའུ་ཝེ་ཀྲུང་དང་། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ཞུའུ་ལིས་ཅུན། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གི་གླིང་གཙོ་གཞོན་པ་སུན་ཧྥ་ཕིང་སོགས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་ཞིན་ཧེ་རྫོང་ཧོལ་ཁ་གྲོང་རྡལ་གྱི་སྡོད་ཁུལ། ཞིང་ཆེན་རིག་གནས་དང་གསར་འགྱུར་དཔེ་སྐྲུན་ཐིན། ཞིང་ཆེན་ཚན་རིག་གླིང་། ཞིང་ཆེན་ས་འགུལ་རྟོག་དཔྱོད་ཁང་སོགས་སུ་སོང་ནས་སྒྲོག་འགྲེལ་བྱས། སྒྲོག་འགྲེལ་བྱེད་སྐབས། སྒྲོག་འགྲེལ་ཚོགས་པའི་ཁོངས་མསི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བརྗོད་གཞི་དང་གྲུབ་འབྲས་གཙོ་བོ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ། འདས་པའི་ལོ་ལྔའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་སོགས་ཐད་ནས་ཆ་ཚང་ཞིང་གནད་ས་འབུར་དུ་ཐོན་པ། གོ་སླ་བ་བཅས་ཀྱི་སྒོ་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས།