ལིས་ཁི་ཆང་གིས་འཇར་མན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་དང་། ནེའུ་ཙི་ལན་གྱི་ཙུང་ལི་ཨ་ཏི་ཨིན། ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་བཅས་ལ་མཇལ་འཕྲད་གནང།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ས་དེའི་ཚེས་བཅུ་བཞི་ཉིན་མ་ནི་ལ་ནས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་དང་ནེའུ་ཙི་ལན་གྱི་ཙུང་ལི་ཨན་པེ་ཅིན། ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་བཅས་ལ་མཇལ་འཕྲད་གནང་།

ཨན་པེ་ཅིན་སན་ལ་མཇལ་འཕྲད་གནང་སྐབས། ལིས་ཁི་ཆང་གིས་གསུངས་རྒྱུར། དེང་སྐབས་ཀྲུང་གོ་དང་འཇར་པན་གཉིས་ཀྱི་འབྲེལ་བར་འགྱུར་ལྡོག་བཟང་ཙམ་བྱུང་ཡོད་མོད། འོན་ཀྱང་འགལ་བའི་རྒྱུ་རྐྱེན་སྔར་བཞིན་གནས་ཡོད་པས། འཇར་པན་དང་ཀྲུང་གོ་ཕྱོགས་གཉིས་ཀྱིས་གནས་བབ་དང་བསྟུན་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་དཀའ་ཁག་དང་འགྲན་རྩོད་ལས་རྣམ་པར་རྒྱལ་བར་སྐུལ་འདེད་གཏོང་བ་དང་། ལེགས་བཅོས་བྱེད་པའི་གནས་བབ་བཟང་བོ་རྒྱུན་འཁྱོངས་བྱས་ནས། འཕེལ་རྒྱས་གསར་བ་ལེན་པར་འབད་བརྩོན་བྱེད་དགོས་ལ། ས་ཁོངས་ཁྱོན་ཡོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་མཐུན་འགོད་པ་དང་། ཀྲུང་གོ་དང་འཇར་ཕན། ཧན་གོ་བཅས་ཀྱི་རང་དབང་ཉོ་ཚོང་ས་ཁུལ་གྱི་གྲོས་མོལ་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

ནེའུ་ཙི་ལན་གྱི་ཙུང་ལི་ཨ་ཏི་ཨིན་ལ་མཇལ་འཕྲད་གནང་སྐབས། ལིས་ཁི་ཆང་གིས་གསུངས་རྒྱུར། ཁྱེད་ཀྱིས་ཙུང་ལིའི་འགན་འཁུར་རྗེས་སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་བྱས་ནས། ཀྲུང་གོ་དང་ནེའུ་ཙི་ལན་གཉིས་ཀྱི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་ཐུབ་པར་ང་ལ་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནེའུ་ཙི་ལན་ཕྱོགས་དང་ཕྱོགས་གཉིས་ཀྱི་རང་དབང་ཉོ་ཚོང་གྲོས་ཆོད་གྲོས་མོལ་བྱེད་པར་སྐུལ་འདེད་བཏང་སྟེ། རིམ་པ་སྔར་ལས་མཐོ་བའི་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་འདོད་ཡོད་ཟེར།

ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་ལ་མཇལ་འཕྲད་གནང་སྐབས། ལིས་ཁི་ཆང་གིས་གསུངས་རྒྱུར། ཕྱོགས་གཉིས་ཀྱིས་ལོ་མང་པོའི་རིང་གི་ཆབ་སྲིད་ཡིད་ཆེས་ལ་གཅེས་སྤྲེས་བྱེད་པར་རེ་བ་བྱེད་ཀྱིན་ཡོད། ཀྲུང་གོ་དང་ཧན་གོ་གཉིས་བར་ཉེ་ལམ་ས་ཏི་གནད་དོན་དུས་རིམ་རང་བཞིན་གྱི་ཐག་གཅོད་བྱེད་པའི་ཐད་ལ་ཐུན་མོང་གི་ལྟ་བ་ཁ་ཤས་བྱུང་སྟེ། ཧན་གོ་ཕྱོགས་ཀྱིས་དེའི་ཐད་ལ་མུ་མཐུད་དུ་དོན་དངོས་ཀྱི་འབད་བརྩོན་བྱས་ནས། ཀྲུང་གོ་དང་ཧན་གོ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་བར་ཆད་མེད་པར་གཏོང་བ་དང་། ཀྲུང་གོ་དང་ཧན་གོ་གཉིས་ཀྱི་འབྲེལ་བ་ཇེ་ལེགས་སུ་གཏོང་བའི་རྨང་གཞིའི་སྟེང་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་ལོ་རྒྱུས་གསར་བ་སྐྲུན་དགོས་པར་རེ་བ་བཏོན་པ་ཡིན་ཟེར།