ནད་སྟོན་དཀའ་བའི་གནད་དོན་ཐག་གཅོད་བྱས་ནས་དབུལ་ཐར་དཀའ་གནད་ཐག་གཅོད་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།གསེར་ཆེན་རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་ལག་ལེན་ཐར་ཕྱིན་བྱེད་པ་ལས་དོན་ཁག་དང་དམ་པོར་སྦྲེལ་ནས་སྨན་བཅོས་གྲོན་དངུལ་རོགས་སྐྱོར་བྱེད་པའི་ལམ་ལུགས་བཙུགས་པ་དང་།ནུས་ལྡན་ངང་ནད་སྟོན་དཀའ་བའི་གནད་དོན་ཐག་གཅོད་བྱས་ནས་དབུལ་ཐར་དཀའ་གནད་ཐག་གཅོད་བྱས་པ་རེད།

གསར་འགོད་པས་བཅར་འདྲི་བྱེད་པའི་སྐབས་སུ་རྒྱུས་ལོན་བྱུང་བ་ལྟར་ན།གསེར་ཆེན་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་དོན་དངོས་དང་གཞིགས་ནས།གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་དོན་འཁྱོལ་ཡོང་བའི་རྨང་གཞི་སྟེང་།གསེར་ཆེན་རྫོང་རོང་འབྲོག་ཁུལ་དབུལ་ཕོངས་ཁྱིམ་ཚང་གི་ཡིག་ཚགས་བཟོས་ཡོད་པའི་དལ་བའི་རང་བཞིན་གྱི་ནད་ཕོག་ཡོད་པའི་ནད་པར་སྨན་བཅོས་གྲོན་དངུལ་རོགས་སྐྱོར་ལག་བསྟར་བྱེད་པའི་ཇུས་གཞི་ཞེས་པ་གསར་གཏོད་བྱས་པ་དང་།ནུས་ཤུགས་ཡོད་རྒུས་ནད་པ་གཅིག་སྨན་བཅོས་བྱས་ནས་ཁྱིམ་ཚང་གཅིག་དབུལ་ཕོངས་ལས་ཐར་བར་བརྩོན་ལེན་བྱེད་རྒྱུ་ཡིན་པ་རེད།ཇུས་གཞི་ལག་བསྟར་བྱས་པའི་རྗེས་སུ།སྔོན་དཔག་ལྟར་ན་ལོ་རེ་རེར་དབུལ་ཕོངས་ཁྱིམ་ཚང་གི་དལ་བའི་རང་བཞིན་གྱི་ནད་ཕོག་ཡོད་པའི་ནད་པ་3800སྨན་བཅོས་རོགས་སྐྱོབ་བྱེད་རྒྱུ་ཡིན་པ་རེད།

ཇུས་གཞི་འདི་བཏོན་པས།གསེར་ཆེན་རྫོང་གིས་རོང་འབྲོག་ཁུལ་དབུལ་ཕོངས་ཁྱིམ་ཚང་གི་ཡིག་ཚགས་བཟོས་ཡོད་པའི་དལ་བའི་རང་བཞིན་གྱི་ནད་ཕོག་ཡོད་པའི་ནད་པ་ནི་ཆེད་དམིགས་ཁ་གཏད་རོགས་སྐྱོར་བྱེད་སར་རྩིས་ནས།ཁ་གཏད་རོགས་སྐྱོར་བྱེད་པར་མི་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་དང་།ཁྱིམ་ཐོ།སྤྱི་ཚོགས་འགན་སྲུང་བྱང་བུ་བཅས་ཡོད་ན་ཞང་དང་གྲོང་རྡལ་གྱི་སྲིད་གཞུང་དང་རྫོང་དབུལ་སྐྱོར་ཅུའུ་ཡིས་ངོས་འཛིན་བྱས་པའི་ཐོབ་ཐང་གི་བདེན་དཔང་བླངས་ནས།རྫོང་ཁྱབ་ཁོངས་ཀྱི་རིམ་པ་དང་པོ་དང་རིམ་པ་གཉིས་པ།རིམ་པ་གསུམ་པ་བཅས་ཀྱི་སྨན་བཅོས་སྡེ་ཁག་དང་རྫོང་ཡན་གྱི་ཞིང་ཆེན་རིམ་པའི་སྨན་བཅོས་སྡེ་ཁག་གི་ཞིབ་བཤེར་སྙན་ཞུའི་འཛིན་ཤོག་དང་ཆེད་མཁས་སྨན་པས་ནད་རྟགས་བྱས་པའི་བདེན་དཔང་ཡི་གེ་དང་སྨན་ཁང་གི་དངུལ་སྤྲད་འཛིན་ཤོག་སོགས་ཡོད་ན་ད་གཟོད་རང་ས་གནས་ཀྱི་ཞང་དང་གྲོང་རྡལ་སྡོད་དམངས་སྨན་བཅོས་གཞུང་སྒྲུབ་ཁང་དུ་སོང་ནས་སྙན་ཞུ་བྱས་ཏེ།རོགས་སྐྱོར་སྲིད་ཇུས་ཚད་ལྡན་ངང་འགན་སྲུང་བྱས་ཆོག་པ་རེད།

དུས་མཚུངས་སུ།ཁ་གཏད་རོགས་སྐྱོར་གྱི་སྒོ་བསྟེན་སྨན་ཁང་གི་གྲོན་དངུལ་ནི་གྲོང་ཁྱེར་དང་གྲོང་རྡལ་སྡོད་དམངས་ཀྱི་གཞི་རྩིའི་འགན་སྲུང་རྩིས་ཞུ་བྱས་པའི་རྗེས་སུ།ལྷག་མའི་སྒོ་བསྟེན་སྨན་ཁང་གི་གྲོན་དངུལ་ནི་རིམ་པ་དང་པོའི་སྨན་ཁང་གིས་90%དང་།རིམ་པ་གཉིས་པའི་སྨན་ཁང་གིས80%།རིམ་པ་གསུམ་པའི་སྨན་ཁང་གིས70%རོགས་སྐྱོར་བྱེད་རྒྱུ་ཡིན་ལ།ལོ་གཅིག་གི་ནང་དལ་བའི་རང་བཞིན་གྱི་ཆེས་མཐོ་བའི་རོགས་སྐྱོར་ནི་སྒོར་2000ལ་བསླེབས་པ་དང་།དལ་བའི་རང་བཞིན་གྱི་ནད་པ་ལྕི་མོ་ལ་སྒོར10000ཡོད་པ་རེད།ནད་ཀྱི་དབང་གིས་དབུལ་བར་གྱུར་བའི་ཁྱིམ་ཚང་གི་འགན་ཁུར་ཇེ་ཡང་དུ་བཏང་ནས་ནད་ཀྱི་དབང་གིས་དབུལ་བོར་གྱུར་བ་འགན་སྲུང་བྱས་ཏེ།ནད་ཀྱི་དབང་གིས་དབུལ་ཕོངས་བསྐྱར་ལོག་བྱེད་པར་བཀག་འགོག་བྱེད་རྒྱུ་ཡིན་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།