སྤྱི་བདེ་པུའུ་ནས་ཐོབ་ཐང་ལག་འཁྱེར་ལ་འཕོ་འགྱུར་ཆེན་པོ་འབྱུང་གྲབས་ཡོད་སྐོར་གྱི་གནས་ཚུལ་ཞིག་སྤེལ་འདུག


ཉེ་ལམ་སྤྱི་བདེ་པུའུ་ཡི་ཞིབ་འཇུག་ཁང་གསུམ་པས་༢༠༡༧ལོའི་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་སྟེང་དྲ་རྒྱའི་གློག་རྡུལ་ཐོབ་ཐང་མཚོན་རྟགས(eID)ཞིབ་འཇུག་གསར་གཏོད་དང་འཕེལ་ཕྱོགས་སྐོར་ཀུན་གྱི་མིག་མདུན་དུ་བསྟར།

གློག་རྡུལ་ཐོབ་ཐང་དེའི་བསྡུས་མིང་ལ་eIDཟེར་ཞིང་། གསང་གྲངས་ལག་རྩལ་རྨང་གཞི་དང་རིག་ནུས་ཀྱི་བདེ་འཇགས་ཉིང་ལེབ་རྩ་བར་བཟུང་བའི་དྲ་རྒྱའི་ཐོབ་ཐང་གི་མཚོན་རྟགས་ཤིག་ཡིན་པ་དང་།   དྲ་ཐོག་ནས་མིའི་ཐོབ་ཐང་གི་ཆ་འཕྲིན་ཕྱིར་མི་ཤོར་བའི་སྔོན་འགྲོའི་འོག་ཐོབ་ཐང་ལ་དབྱེ་འབྱེད་བྱེད་ཐུབ། མདོར་བསྡུས་ནeIDནི་སྤྱི་དམངས་ཀྱི་དྲ་ཐོག་གི་ཐོབ་ཐང་ཞིག་ཡིན་པ་ལས་དཔལ་ཡོན་གྱི་ཐོབ་ཐང་དང་ཐོབ་ཐང་ལག་འཁྱེར་ལྟ་བུའི་དཔང་ཡིག་མིན། རྗེས་མeIDའདི་ནང་འཇུག་བྱས་པའི་དངུལ་བྱང་ངམ་ཁ་པར་བྱང་བུ་ནས་ཉོ་ཚོང་བྱེད་སྐབས་དྲ་ཚིགས་ཀྱི་རྒྱབ་སྟེགས་ནས་eIDཡི་བདེན་རྫུན་དང་ནུས་པ་ཡོད་མེད་ལ་གསལ་འབྱེད་ཐུབ་ཕྱིར། སྤྱོད་མཁན་གྱི་མིང་དང་སྡོད་གནས། ཁ་པར་ཨང་གྲངས། ཐོབ་ཐང་ལག་འཁྱེར་གྱི་ཨང་གྲངས་སོགས་ཐོབ་ཐང་ཆ་འཕྲིན་དྲ་ཐོག་ཏུ་འགོད་མི་དགོས་པར་ཉོ་ཚོང་བདེ་བོ་བྱེད་ཐུབ།


ད་སྔ་གློག་རྡུལ་ཐོབ་ཐང་མཚོན་རྟགས་ཀྱི་ལག་རྩལ་དེ་ཀྲུང་གོའི་བཟོ་ཚོང་དངུལ་ཁང་གིས་རྒྱལ་ཡོངས་ཀྱི་དངུལ་ཁང་ལeIDནང་འཇུག་བྱས་པའི་དངུལ་རྩའི་ICབྱང་བུ་ཁྲི་སྟོང་བརྒྱད་ལྷག་སྤྲད་དེ་ཚོད་ལྟ་བྱས་ཚར་ཡོད། འབྱུང་འགྱུར་EIDཐོབ་ཐང་འདི་ཁྱབ་གདལ་བྱུང་རྗེས་ཐོབ་ཐང་ལག་འཁྱེར་སྟོན་པ་ཙམ་གྱིས་དྲ་ཐོག་དུ་མ་དངུལ་རྩིས་སྤྲོད་དང་། གླ་ཕོགས་རྩིས་ལེན། དྲ་ཐོག་ཉོ་ཚོང་། མི་སྒེར་གྱི་ཡིད་རྟོན་གནས་ཚུལ།  གཏན་འཇགས་རྒྱུ་ནོར་ལ་སོགས་གཅིག་གྱུར་བཟོ་ཐུབ་པ་མ་ཟད།  མི་སྒེར་གྱི་ཆ་འཕྲིན་ལ་གཡོ་ཚོང་གི་ཐེ་གཏོགས་མི་ཐུབ་པ་དང་།  གཡོ་བཤམས་མཁན་གྱིས་བླངས་པའི་མ་དངུལ་ཡང་བབ་བསྟུན་གྱི་ཐོབ་ཐང་ལག་འཁྱེར་དེའི་རྩིས་ཐོར་གསལ་ཡོང་བས་དྲ་རྒྱའི་སླུ་བྲིད་ལ་ཐད་ཀར་བཀག་འགོག་ཐུབ་པ་རེད། 

ལོ་ཙཱ་བ། ཁོན་ཐར་འཚོ།