ཁང་པ་དང་རླངས་འཁོར་ཉོ་སྒྲུབ་ཀྱི་དངུལ་བུན་ལོ་ཚད་ཅི་འདྲའི་རིང་ན་དེ་འདྲའི་བཟང་ཟེར་བ་བདེན་ནམ།

དངུལ་བུན་གྱི་ལོ་ཚད་རིང་ན་བཟང་མིན་དང་། ཁང་པ་ཉོ་དུས་དངུལ་བུན་གྱི་ལོ་ཚད་ག་ཚད་ཡིན་ན་འོས་པའི་སྐོར་ང་ཚོ་མི་མང་ཤོས་ལ་གསལ་ཆ་ཆེན་པོ་ཡོད་པ་མ་རེད། ནམ་རྒྱུན་ཚོང་ལས་དངུལ་བུན་བླངས་ནས་ཁང་པ་ཉོ་མཁན་མང་པོ་ཞིག་ལ་མཚོན་ན་དངུལ་བུན་གྱི་ལོ་ཚད་འདེམ་དུས་ལོ༣༠འམ་ཡང་ན་༢༠བར་ལ་བསམ་གཞིགས་གཏོང་བ་ནི་མང་ཤོས་རེད་མོད་ཀྱང་འབྱོར་བ་ཅུང་ཡོད་མཁན་གྱིས་ལོ༡༥་དང་ལོ༡༠སོགས་ནང་དངུལ་བུན་འཇལ་སྲིད་པ་དཔེ་རེད།  ཡིན་ན་ཡང་དངུལ་བུན་དུས་ཚད་ཐད་ལ་མི་མང་པོ་ཞིག་གིས་དུས་ཇི་འདྲའི་རིང་ན་དེ་འདྲའི་བཟང་ཚུལ་ཞིག་གོ་འོང་དུས་དེ་མུར་ལོ་༣༠ནང་དོམ་འཇལ་རྒྱུ་ཐག་གཅོད་པ་ལྟ་བུ་རེད། དོན་དམ་དེ་འདྲ་ཞིག་ཡིན་ནམ་ཞེ་ན།  འདིར་ཁྱེད་ལ་ཕྱོགས་གསུམ་ནས་ངོ་སྤྲོད་ཅིག་བྱ།

 གཅིག་ནི།  ལོ༣༠ལ་དངུལ་བུན་ཞུ་དགོས་དོན་ནི་ཕལ་ཆེ་བས་བུན་འཇལ་གྱི་ཁུར་བོ་ཇེ་ཡང་དང་གཉེན་སྒྲིག་གི་ཆེད་ཡིན།   དེའི་ཞོར་ལ་བུ་ཕྲུག་བཙའ་བ་དང་།  རླངས་འཁོར་ཉོ་བ་ལ་སོགས་པའི་གཏོང་སྒོའི་ཁྲོད་འཚོ་བ་ལྷོད་པོ་ཞིག་རོལ་ཆེད་ཡིན།   གཉེན་སྒྲིག་མ་ཐག་པའམ་གཉེན་སྒྲིག་གི་འཆར་གཞི་ཡོད་པའི་བཟའ་ཟླ་ཟུང་ལ་མཚོན་ན་དངུལ་བུན་གྱི་ལོ་ཚད་ཇི་ལྟར་རིང་ན་ལོ་རེའི་དོམ་འཇལ་གྱི་ཁུར་བོ་དེ་བས་ཡང་བ་ཡིན།  དཔེར་ན། དངུལ་བུན་སྒོར༢༠༠དང་བུན་འཇལ་གྱི་ལོ་ཚད་ལོ༢༠ཡིན་པའི་དབང་དུ་བཏང་ཚེ།   དངུལ་བུན་དང་དེའི་མ་བུ་ཟླ་རེར་སྒོར་ཧ་ལམ་ཁྲི་༡.༣༡ལོན་འཇལ་དགོས་པ་དང་། ལོ་༣༠ནང་བུན་འཇལ་བའི་དབང་དུ་བཏང་ན། ཟླ་རེར་སྒོར་ཧ་ལམ་༡.༠༦བུན་འཇལ་དགོས་ཀྱི་ཡོད་མོད། ཟླ་རེར་ལྷག་མ་སྒོར་ཁྲི༠.༢༥འཚོ་བའི་ཐད་བཀོལ་ཆོག་པ་རེད། འདིར་ཉམས་འཇོག་རྒྱུ་ཞིག་ལ། ཟླ་རེའི་གླ་ཕོགས་སམ་ཡོང་འབབ་ཀྱི་བརྒྱ་ཆའི་༥༠འཇལ་བ་ཡིན་ན་འཚོ་བ་ཅུང་ཁག་པོ་ཞིག་ཡོང་སྲིད་པས་མ་མཐའ་ཡང་བརྒྱ་ཆའི༣༠ནང་ཚད་བཟུང་ན་འོས་བསམ།

གཉིས་པ་ནི།  དངུལ་བུན་གྱི་ལོ་ཚད་ནང་བུན་འཇལ་གྱི་དུས་ཡུན་ཐུང་ན་ལེགས་སམ་ཞེ་ན།  སྤྱིར་བཏང་དངུལ་ཁང་ལ་བུན་འཇལ་དུས་ཐོག་མར་སྐྱེད་ཀ་འཇལ་རྗེས་ད་གཟོད་མ་རྩ་འཇལ་བ་རེད། སྔ་མོ་ནས་བུན་ཡོངས་སུ་འཇལ་འདོད་མཁན་ཞིག་ལ་མཚོན་ན་བུན་འཇལ་ལོ་ཚད་ཀྱི་སུམ་ཆའི་གཅིག་གི་ནང་འཇལ་ཐུབ་ན་ཅུང་ལེགས་བསམ།  ཅིའི་ཕྱིར་ཞེ་ན། སྔོན་དུ་འཇལ་བའི་དངུལ་བུན་མང་ཤོས་སྐྱེད་ཀའི་རིམ་པ་ཡིན་པས་སྔ་མོ་ནས་བུན་ཚང་མ་འཇལ་མཁན་ཞིག་ལ་མཚོན་ན་དོན་སྙིང་ཆེན་པོ་མི་འདུག །     དཔེར་ན།   དངུལ་བུན་སྒོར་ཁྲི༣༠༠ཡིན་པ་དང་བུན་འཇལ་གྱི་ལོ་ཚད་ལོ༢༠ཡིན་པའི་དབང་དུ་བཏང་ན། ལོ་ལྔའི་རྗེས་སུ་དངུལ་བུན་ཡོངས་ལྷག་ལུས་མེད་པར་ཆིག་ཐབས་ཀྱིས་འཇལ་འདོད་མཁན་ཞིག་ཡིན་དུས།  སྒོར་ཁྲི༡༡༧.༨འཇལ་ཚར་ཡང་ད་དུང་སྒོར་ཁྲི༢༥༠.༩ལ་ཉེ་བ་འཇལ་དགོས་པ་དང་། སྔ་ཕྱི་ཁྱོན་སྡོམ་སྒོར༣༦༨.༧འཇལ་དགོས་པ་རེད། གལ་ཏེ་བུན་འཇལ་ལོ་ཚད་ལོ༣༠ཡིན་པའི་དབང་དུ་བཏང་ན། སྒོར་ཁྲི༩༥.༥འཇལ་ཟིན་ཞིང་། ད་དུང་སྒོར་ཧ་ལམ་ཁྲི༢༧༦.༢འཇལ་དགོས་པ་དང་སྔ་ཕྱིར་ཁྱོན་སྡོམ་སྒོར༣༧༡.༧འཇལ་དགོས་པ་ནང་བཞིན་བུན་འཇལ་གྱི་ལོ་ཚད༣༠ཅན་གྱི་སྐྱེད་ཀ་དེ་ལོ་ཚད༢༠ལས་ཁྲི༣ལྷག་མང་ན་ཡང་། རིགས་དེ་གཉིས་ཀྱི་ལོ་དེ་དག་རིང་གི་འཚོ་བ་རོལ་སྟངས་ལ་བར་ཁྱད་ཆེན་པོ་ཡོད་ངེས་སོ། །

གསུམ་ནི།  དངུལ་བུན་གྱི་བུན་འཇལ་ལོ་ཚད་ཇི་ལྟར་རིང་ན་དེ་ལྟར་ལེགས་པ་ཡིན་ན་ཁང་པ་ཆེན་པོ་ཉོ་བའམ་ཡང་ན་དངུལ་བུན་མང་པོ་ཞིག་བླངས་ནས་རླངས་འཁོར་ཉོ་བ་དང་ཁང་པ་དེ་ལས་ཆེ་ཤོས་ཤིག་ཉོས་ན་མི་ཆོག་གམ་ཞེ་ན། ཤེས་རྒྱུ་ཞིག་ལ་དངུལ་བུན་སྒོར༢༠༠དང་བུན་འཇལ་ལོ་ཚད་ལོ༢༠ཡིན་པ་ལྟ་བུར་མཚོན་ན།  ཟླ་རེར་སྒོར༡༣༠༨༨འཇལ་ན་ཆོག་པ་དང་། དངུལ་བུན་སྒོར་ཁྲི༣༠༠དང་ལོ་ཚད་ལོ༣༠ཅན་ཞིག་གིས་ཟླ་རེར་སྒོར༡༥༩༢༡.༨སྤྲོད་དགོས། དེ་གཉིས་བར་ལ་སྒོར༢༨༣༣.༨ལས་མི་ཆད་མོད། མ་དངུལ་སྤྱིའི་བར་ལ་སྒོར་ཁྲི༡༠༠ཡི་ཁྱད་ཡོད་པས་དེ་མཚུངས་ཀྱི་ས་བབ་དང་རྒྱ་ཁྱོན། ཁང་ནང་གི་བཀོད་པ་སོགས་ལའང་ཁྱད་པར་ཆེན་པོ་ཡོད་ངེས། ཡིན་ན་ཡང་ལོ་ངོ༣༠ཡི་དངུལ་བུན་དེ་མི་གང་རུང་གིས་བླངས་ཆོག་པ་ཞིག་མ་ཡིན་ཏེ། དངུལ་ཁང་གིས་དངུལ་བུན་བསྐྱི་བ་པོ་ལ་སྤྲོད་དུས་མ་དངུལ་བསྐྱི་མཁན་གྱི་ཡོང་འབབ་བམ་ཕོགས་དངུལ་ལ་གསལ་བོ་ལྟ་ཞིབ་བྱེད་ངེས།  དེ་དུས་ཡོང་འབབ་གཏན་འཇགས་མིན་ཞིང་། ཡིད་རྟོན་མི་བཟང་བ། ཡང་ན་མ་དངུལ་བསྐྱི་མཁན་གྱི་ཟླ་རེའི་ཡོང་འབབ་དང་ཕོགས་དངུལ་གྱིས་བུན་འཇལ་དུས་ལྟར་མི་ཐུབ་པ་བཅས་དངུལ་བུན་མཐོན་པོ་ལེན་པའི་ཆ་རྐྱེན་མི་ཚང་དུས་དངུལ་བུན་ལེན་མི་ཐུབ་པ་རེད།

ལོ་ཙཱ་བ། ཁོན་ཐར་འཚོ།