དམངས་དོན་རྩོད་གཞི་ཐག་གཅོད་བྱེད་སྟངས།

ཁྲིམས་ལུགས་ཤེས་བྱ།

དམངས་དོན་རྩོད་གཞི་བྱུང་རྗེས་དེ་ཉིད་ཐག་གཅོད་བྱེད་པའི་རྣམ་པ་མི་འདྲ་བ་སྣ་ཚོགས་གདམ་ག་བྱེད་ཆོག་ལ། གཙོ་བོ་ནི་རང་ཉིད་ཀྱིས་ཐག་གཅོད་བྱེད་པ་དང་། སྤྱི་ཚོགས་ཀྱིས་ཐག་གཅོད་བྱེད་པ། སྤྱི་པའི་སྟོབས་ཤུགས་ཀྱིས་ཐག་གཅོད་བྱེད་པ་བཅས་རིགས་གསུམ་ཡོད།

རང་ཉིད་ཀྱི་ནུས་པས་ཐག་གཅོད་བྱེད་པ་ཞེས་པ་ནི་ཁ་རྒྱུན་དུ “ནང་འདུམ ”ཞེས་པ་དེ་ཡིན། དེ་ནི་རྩོད་གཞི་སློང་མཁན་གྱིས་རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཐག་གཅོད་བྱེད་པ་ལས་ཕྱོགས་གསུམ་པས་རོགས་སྐྱོར་བྱས་པའམ་ཡང་ན་གཙོ་གཉེར་བྱས་པ་ཞིག་མིན་ཏེ། དཔེར་ན་མཐུན་འགྲིག་དང་བཟོད་སྒོམ་བྱེད་པ་སོགས་ལྟ་བུ་རེད།

སྤྱི་ཚོགས་ཀྱིས་ཐག་གཅོད་བྱེད་པ་ནི་སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རྩོད་གཞི་ཐག་གཅོད་བྱེད་པའི་རྣམ་པ་ཞིག་ཡིན་པ་སྟེ། དཔེར་ན། གཏུག་བཤེར་ཕུད་པའི་འདུམ་འགྲིག་དང་ཁྲུན་ཐག་གཅོད་པ་སོགས་ལྟ་བུ་ཡིན།

དམངས་དོན་ཁྱབ་ཁོངས་ཀྱི་སྤྱི་པའི་སྟོབས་ཤུགས་ཀྱིས་ཐག་གཅོད་བྱེད་པ་ཞེས་པ་ནི་རྒྱལ་ཁབ་ཀྱི་སྤྱི་པའི་དབང་ཆ་སྤྱད་ནས་དམངས་དོན་རྩོད་གཞི་ཐག་གཅོད་བྱེད་པ་ལ་ཟེར་བ་དང་། དེའི་དཔེ་མཚོན་རྣམ་པ་ནི་དམངས་དོན་གཏུག་བཤེར་ལྟ་བུའོ།